ཆང་ཕོར། དུངས་བརྗོད་སྙན་ངག་ཚོམ་བུ།

    
       ༡ མེ་རུ་འབར་བའི་མཆུ་སྒྲོས།
ཆང་ཕོར་ཁྲི་ཕྲག་མང་པོ་ཁྱོད་ལས་འཁྲུངས་ཤིང༌།
སྐྱེ་དངོས་ཀུན་གྱི་ནད་ཡམས་ཀྱང་ཁྱོད་ལས་འཁྲུངས།
         
       ༢ ཟླ་བ།
ཁ་རོག་གེར་འཚོ་བའི་ཟོར་བའི་དབྱིབས་ཀྱི་མེ་འོད་ནི།
མེ་རུ་བསྲེགས་པའི་མགོ་བོ་དང་འདྲ་བར་བྱང་ཐང་དུ་འགུལ་ཞིང༌།
ཁ་རོག་གེར་འཚོ་བའི་ཟོར་བའི་དབྱིབས་ཀྱི་ཕྱུགས་ར་ཉིད་ཀྱང༌།
ལྐོག་གྱུར་དང་གྲང་ངར་གྱི་ཁྲོད་ན་ལྷིང་འཇགས་རུམ།

       ༣ མྱོས་བུམ།
ཨེ་ཅིབ་ཀྱི་ཆུ་མོ།
ཨེ་ཅིབ་ཀྱི་ནམ་ཕྱེད་ལ།
འདི་ནི་མཚན་མོའི་སྨག་ཁྲོད་ཀྱི་ཨ་རག

མཚན་མོའི་སྨག་ཁྲོད་ཀྱི་ཨ་རག   བདག་གི་ལག་པ་ཟུང་དུ་གྱུར་སོང༌།

       ༤ རྨོངས་འཐོམ།
ལག་པ་ཤིང་འབྲས་ལྡུམ་ར་རུ་ཡོད་དུས།
ཁེར་རྐྱང་མ་ཡིན།
རང་གི་ལག་པ་ཟུང་གིས།
གཞན་གྱི་ལག་པ་སྦྲུམ་བཞིན་ཡོད།

        ༥མེ་རུ་འབར་བའི་མཆུ་སྒྲོས།
དེ་ནི་མེ་ཏོག་དང༌།   དེ་ནི་མགོ་བོས་བཟོས་པའི་ཆང་ཕོར་ལགས།
ཆང་ཕོར་ནི་རྩྭ་ཐང་དུ་ཕན་ཚུན་ཡང་མོར་རྡེབ་ཅིང༌།
ཆང་བཅུད་མེར་བའི་མགོ་བོ་སྟོང་སིང་ངེར་འདུག

མེ་སྟག་གིས་ནག་པོར་གྱུར་བའི་རི་ཡི་སྒལ་ཚིགས།
སྦྲ་ནག་སྐྱེས་པ་ནས་སླར་ཡང་ཤི་བར་གྱུར།

མེ་སྐྱོན་ཁྲོད་ཡར་འཕགས་པའི་གློག་འོད་ཀྱིས་ས་གཞི་གསལ་བར་བྱས།

                                     1987 (?)
                      (ལྡོང་བུས་བསྒྱུར)


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆང་ཕོར། དུངས་བརྗོད་སྙན་ངག་ཚོམ་བུ།

2009-03-20 ཧེ་ཙི། ཀློག་གྲངས། མཆན ཡོད།

    
       ༡ མེ་རུ་འབར་བའི་མཆུ་སྒྲོས།
ཆང་ཕོར་ཁྲི་ཕྲག་མང་པོ་ཁྱོད་ལས་འཁྲུངས་ཤིང༌།
སྐྱེ་དངོས་ཀུན་གྱི་ནད་ཡམས་ཀྱང་ཁྱོད་ལས་འཁྲུངས།
         
       ༢ ཟླ་བ།
ཁ་རོག་གེར་འཚོ་བའི་ཟོར་བའི་དབྱིབས་ཀྱི་མེ་འོད་ནི།
མེ་རུ་བསྲེགས་པའི་མགོ་བོ་དང་འདྲ་བར་བྱང་ཐང་དུ་འགུལ་ཞིང༌།
ཁ་རོག་གེར་འཚོ་བའི་ཟོར་བའི་དབྱིབས་ཀྱི་ཕྱུགས་ར་ཉིད་ཀྱང༌།
ལྐོག་གྱུར་དང་གྲང་ངར་གྱི་ཁྲོད་ན་ལྷིང་འཇགས་རུམ།

       ༣ མྱོས་བུམ།
ཨེ་ཅིབ་ཀྱི་ཆུ་མོ།
ཨེ་ཅིབ་ཀྱི་ནམ་ཕྱེད་ལ།
འདི་ནི་མཚན་མོའི་སྨག་ཁྲོད་ཀྱི་ཨ་རག

མཚན་མོའི་སྨག་ཁྲོད་ཀྱི་ཨ་རག   བདག་གི་ལག་པ་ཟུང་དུ་གྱུར་སོང༌།

       ༤ རྨོངས་འཐོམ།
ལག་པ་ཤིང་འབྲས་ལྡུམ་ར་རུ་ཡོད་དུས།
ཁེར་རྐྱང་མ་ཡིན།
རང་གི་ལག་པ་ཟུང་གིས།
གཞན་གྱི་ལག་པ་སྦྲུམ་བཞིན་ཡོད།

        ༥མེ་རུ་འབར་བའི་མཆུ་སྒྲོས།
དེ་ནི་མེ་ཏོག་དང༌།   དེ་ནི་མགོ་བོས་བཟོས་པའི་ཆང་ཕོར་ལགས།
ཆང་ཕོར་ནི་རྩྭ་ཐང་དུ་ཕན་ཚུན་ཡང་མོར་རྡེབ་ཅིང༌།
ཆང་བཅུད་མེར་བའི་མགོ་བོ་སྟོང་སིང་ངེར་འདུག

མེ་སྟག་གིས་ནག་པོར་གྱུར་བའི་རི་ཡི་སྒལ་ཚིགས།
སྦྲ་ནག་སྐྱེས་པ་ནས་སླར་ཡང་ཤི་བར་གྱུར།

མེ་སྐྱོན་ཁྲོད་ཡར་འཕགས་པའི་གློག་འོད་ཀྱིས་ས་གཞི་གསལ་བར་བྱས།

                                     1987 (?)
                      (ལྡོང་བུས་བསྒྱུར)


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།