གསེར་མདོག་གི་རྩྭ་ཐང་།
རྩྭ་ཐང་སྟེང་གི་ལུག་ཁྱུ་ནི།
ཆུ་དང་མཚོ་མོའི་སྟེང་དུ་རང་ཉིད་གསལ་བར་བྱས།
མདོག་དཀར་ལ་ཞི་ཞིང་འཇམ་པའི་སྒྲོན་མེ་དང་འདྲ་བར།
སྐྱེས་པ་ཡི་པང་དུ་གཉིད་ལ་ཡུར།
ཡིན་ཡང་ལུག་ཁྱུའི་རྫི་བོ་ནི་གསེར་མདོག་གི་རྩྭ་ཐང་ནས་འོངས་ཤིང༌།
མགོ་བོ་ཉིད་སྡོང་བོའི་རྩད་པ་ཞིག་དང་འདྲ་བར།
ལུག་པང་ནས་འབྲུ་ཁང་དུ་འཛུལ།
རྗེས་སུ་གསེར་དང་ཆང་ཕོར་ལ་ཁ་གཏད་ནས།
ཁྱོད་ལ་བུད་མེད་ཅེས་འབོད་ཀྱིན་འདུག
བུད་མེད། བདག་གི་སྙིང་ཉེ་བའི་གྲོགས་པོ།
རླུང་བུ་ཕར་གཡུག་ཚུར་གཡུག
ཁྱོད་ཀྱི་སྐར་ཕྲན་ལྟ་བུའི་མིང་ངམ་མཚན།
ཡང་ན་ལུག་ཤ་ཡི་དམར་དྲི་ཁ་མོ།
ཁྱོད་ནི་བྲག་གཡང་གི་ཞབས་སུ་གཉིད་ལ་རོལ།
གཡང་དཀར་བདུན་ནི་མཁའ་ཡི་སྐར་མ་བདུན་ལགས།
ཁྱོད་ནི་བདག་གི་ཁ་ནང་དུ་ཁ་བ་དང་འདྲ་ཡང་ཞི་བར་མ་གྱུར།
ཁྱོད་ནི་ཨ་སྔོན་དབྱིངས་ཀྱི་ལུག་ཁྱུའོ།
1986(?)
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།