ཆེས་མཐའ་མཇུག་གི་མཚན་མོ་དང་ཉིན་དང་པོ་ལ་མཆོད་པའི་སྙན་ངག


དོ་ནུབ་ཁྱོད་ཀྱི་སྐྲ་ལོ་ནག་པོ་ནི།
བྲག་རྡོའི་སྟེང་གི་ཁེར་རྐྱང་གི་མཚན་མོ་ལགས།
རྫི་བོས་ཁ་བ་ལྟ་བུའི་ལུག་ཁྱུ་དེད་འོངས་ནས།
གནམ་གྲུ་འབབ་སའི་མཐའ་འཁོར་གྱི་མུན་པ་ཡོངས་སུ་བསྐངས།

མུན་པ་ནི་ང་ལས་སྔ་བར་གཉིད་དུ་ཡུར།
མཚན་མོ་ནི་ལྷ་ཡི་རྨ་ཁ་ཡིན་ལ།
ཁྱོད་ནི་ང་ཡི་རྨ་ཁ་ཡིན།
ལུག་ཁྱུ་དང་མེ་ཏོག་ཀྱང་བྲག་རྡོ་ཡི་རྨ་ཁ་ལགས།

གངས་རི།     ཁ་བ་ཆེན་པོས་གནམ་གྲུ་འབབ་སའི་མཐའ་བསྐོར་གྱི་མུན་པ་ཡོངས་སུ་བསྐངས།
གངས་རིའི་ལྷ་མོས་ཟ་བཞིན་པ་ནི་གཅན་གཟན་དང༌།
གྱོན་ཡོད་པ་ནི་མེ་ཏོག་ལགས།
དོ་ནུབ།   གངས་རིའི་ཁྱུ་ཚོགས་ལྷ་ཡུལ་ལས་འཕགས་པས།
ང་རང་གཉིད་ཀྱི་བདེ་བ་དང་ཡོངས་སུ་བྲལ།
               (ལྡོང་བུས་བསྒྱུར)
  
                                       1989.1.16----24

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆེས་མཐའ་མཇུག་གི་མཚན་མོ་དང་ཉིན་དང་པོ་ལ་མཆོད་པའི་སྙན་ངག

2009-03-10 ཧེ་ཙི། ཀློག་གྲངས། མཆན ཡོད།


དོ་ནུབ་ཁྱོད་ཀྱི་སྐྲ་ལོ་ནག་པོ་ནི།
བྲག་རྡོའི་སྟེང་གི་ཁེར་རྐྱང་གི་མཚན་མོ་ལགས།
རྫི་བོས་ཁ་བ་ལྟ་བུའི་ལུག་ཁྱུ་དེད་འོངས་ནས།
གནམ་གྲུ་འབབ་སའི་མཐའ་འཁོར་གྱི་མུན་པ་ཡོངས་སུ་བསྐངས།

མུན་པ་ནི་ང་ལས་སྔ་བར་གཉིད་དུ་ཡུར།
མཚན་མོ་ནི་ལྷ་ཡི་རྨ་ཁ་ཡིན་ལ།
ཁྱོད་ནི་ང་ཡི་རྨ་ཁ་ཡིན།
ལུག་ཁྱུ་དང་མེ་ཏོག་ཀྱང་བྲག་རྡོ་ཡི་རྨ་ཁ་ལགས།

གངས་རི།     ཁ་བ་ཆེན་པོས་གནམ་གྲུ་འབབ་སའི་མཐའ་བསྐོར་གྱི་མུན་པ་ཡོངས་སུ་བསྐངས།
གངས་རིའི་ལྷ་མོས་ཟ་བཞིན་པ་ནི་གཅན་གཟན་དང༌།
གྱོན་ཡོད་པ་ནི་མེ་ཏོག་ལགས།
དོ་ནུབ།   གངས་རིའི་ཁྱུ་ཚོགས་ལྷ་ཡུལ་ལས་འཕགས་པས།
ང་རང་གཉིད་ཀྱི་བདེ་བ་དང་ཡོངས་སུ་བྲལ།
               (ལྡོང་བུས་བསྒྱུར)
  
                                       1989.1.16----24

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།