ཉིན་ཐོ།
ཨ་ཅེ་ལགས། དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད།
མུན་པས་ནམ་མཁའ་བཏུམས་ནས་ཡོད།
ཨ་ཅེ་ལགས། དོ་ནུབ་ང་ལ་བྱེ་ཐང་ཉིད་ལས་ཅི་ཡང་མེད།
རྩྭ་ཐང་གི་མཐའ་རུ་ངའི་ལག་པ་གཉིས་ག་སྟོང་བ་ཡིན།
ན་ཟུག་འཁྱོམ་དུས་མཆི་མ་རྡོག་གཅིག་ལའང་འཇུ་ཐབས་མི་འདུག
ཨ་ཅེ་ལགས། དོ་ནུབ་ང་རང་གཏེར་ལེན་ཁ་རུ་ཡོད།
འདི་ནི་ཆར་ཆུའི་ཁྲོད་ཉམ་ཐག་པའི་གྲོང་ཁྱེར་ཞིག
ལམ་དུ་འགྲོ་བཞིན་པ་དང་གནས་བཅའ་བཞིན་པ་དག་ཕྱིར་ཕུད་ན།
གཏེར་ལེན་ཁ། དོ་ནུབ།
འདི་ནི་ཆེས་མཐའ་མཇུག་གི་བརྩེ་དུངས་གཅིག་པུ།
འདི་ནི་ཆེས་མཐའ་མཇུག་གི་རྩ་ཐང་ཁེར་རྐྱང༌།
ངས་ནི་རྡོ་བ་རྡོ་བར་སྤྲད་ཅིང༌།
རྒྱལ་ཁ་དག་ལ་རྒྱལ་ཁ་སྦྱིན།
དོ་ནུབ་ཀྱི་ནས་སྔོན་ཁོ་མོ་གཅིག་པུ་ལ་དབང༌།
ཡོད་ཚད་ནར་སོན་བཞིན་ཡོད།
དོ་ནུབ་ང་ལ་མཛེས་སྡུག་གི་བྱེ་ཐང་ལས་ཅི་ཡང་མེད། སྟོང་བར་ལུས་པའི།
ཨ་ཅེ་ལགས། དོ་ནུབ་ངས་མིའི་རིགས་ལ་དོ་ཁུར་མི་གནང་བར།
ཁྱོད་ཁོ་ན་དྲན་བཞིན་ཡོད།
1988.7.25 མེ་འཁོར་གཏེར་ལེན་ཁ་རུ་བགྲོད་དུས།
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།