བག་མ་གསར་བ།

ཕ་ཡུལ་གྱི་ཤིང་ཁང་ཆུང་ཆུང་དང་ཐུར་མ།   ཆུ་རྫ་བུམ་གང༌།
ད་དུང་མ་འོངས་བའི་ཉིན་མཚན་མང་པོ་ཞིག
ཁ་འབྲལ་བ་མང་པོ་ཞིག་ལ།
ཁྱོད་ཀྱིས་འོད་སྣང་འཚེར་བར་བྱས།

དེ་རིང༌།
ངས་ཅི་ཡང་མི་སྨྲ་བར།
སྐྱེ་བོ་གཞན་དག་ལ་བཤད་དུ་འཇུག་རྒྱུ།
རྒྱང་རིང་གི་མཚོ་ངོགས་ཀྱི་གྲུ་བ་རྒན་པོ་ལ་བཤད་དུ་འཇུག་རྒྱུ།
སྒྲོན་མེ་ཞིག་ཡོད་པ་དེ་ནི།
གཙང་བོའི་གསལ་མི་གསལ་གྱི་མིག་ཟུང་བཞིན་དུ།
འོད་སྣང་འཚེར་ཤིང༌།
དོ་ནུབ་བདག་གི་ཁང་བ་རུ་ཉལ་ནས་ཡོད།

ཉིན་ངོ་སུམ་ཅུ་འགོར་རྗེས་ང་ཚོས་སྒོ་མོ་ཕྱེ་དུས།
མེ་ཏོག་ལ་ལ་མཐོ་བའི་སྡོང་མགོ་རུ་བཞད་ཅིང༌།
འབྲས་བུ་ཁ་ཅིག་གཏིང་ཟབ་པའི་ས་འོག་ཏུ་སྨིན་ནས་ཡོད།
                                                   1984
                          (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བག་མ་གསར་བ།

2009-03-08 ཧེ་ཙི། ཀློག་གྲངས། མཆན ཡོད།

ཕ་ཡུལ་གྱི་ཤིང་ཁང་ཆུང་ཆུང་དང་ཐུར་མ།   ཆུ་རྫ་བུམ་གང༌།
ད་དུང་མ་འོངས་བའི་ཉིན་མཚན་མང་པོ་ཞིག
ཁ་འབྲལ་བ་མང་པོ་ཞིག་ལ།
ཁྱོད་ཀྱིས་འོད་སྣང་འཚེར་བར་བྱས།

དེ་རིང༌།
ངས་ཅི་ཡང་མི་སྨྲ་བར།
སྐྱེ་བོ་གཞན་དག་ལ་བཤད་དུ་འཇུག་རྒྱུ།
རྒྱང་རིང་གི་མཚོ་ངོགས་ཀྱི་གྲུ་བ་རྒན་པོ་ལ་བཤད་དུ་འཇུག་རྒྱུ།
སྒྲོན་མེ་ཞིག་ཡོད་པ་དེ་ནི།
གཙང་བོའི་གསལ་མི་གསལ་གྱི་མིག་ཟུང་བཞིན་དུ།
འོད་སྣང་འཚེར་ཤིང༌།
དོ་ནུབ་བདག་གི་ཁང་བ་རུ་ཉལ་ནས་ཡོད།

ཉིན་ངོ་སུམ་ཅུ་འགོར་རྗེས་ང་ཚོས་སྒོ་མོ་ཕྱེ་དུས།
མེ་ཏོག་ལ་ལ་མཐོ་བའི་སྡོང་མགོ་རུ་བཞད་ཅིང༌།
འབྲས་བུ་ཁ་ཅིག་གཏིང་ཟབ་པའི་ས་འོག་ཏུ་སྨིན་ནས་ཡོད།
                                                   1984
                          (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།