བདག་གིས་ཆར་བ་ལ་རེ་བ་ཞུ།
བདག་གིས་ཞི་བ་ལ་རེ་བ་ཞུ།
ལྕགས་གསར་མའི་འོད་དང་དགའ་གྲོགས་ཀྱི་འོད། ཉི་འོད།
བདག་གིས་ཆར་བ་ལ་རེ་བ་ཞུ།
བདག་གིས་མཚན་མོར་ཤི་འགྲོ་བར་རེ་བ་ཞུ།
བདག་གིས་ཞོགས་པ་རུ།
ང་རང་དུར་དུ་འཇུག་མཁན་ལ་འཕྲད་པར་རེ་བ་ཞུ།
ལོ་རབས་ཀྱི་རྡུལ་འཚུབ་ལ་མུ་མཐའ་མེད།
སྟོན་ཁ།
བདག་གིས་ཆར་བ་ཐེངས་གཅིག་བབས་ནས།
རུས་པ་ལ་གཙང་ཕྱགས་བྱེད་པར་རེ་བ་ཞུ།
བདག་གིས་སྤྱན་ཟུང་བཙུམ་ནས།
ཆར་བ་ལ་རེ་བ་ཞུ།
ཆར་བ་ནི་མི་ཚེའི་ནོར་འཕྱུག་དང༌།
ཆར་བ་ནི་དགའ་སྐྱོ་འདུ་འབྲལ་ལགས།
1986(?)
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།