ཤེའུ་ཆུང་།
རྔོན་པས་ཞོགས་པ་སྔ་མོར་ཤེའུ་ཆུང་ཞིག་བདས།
རི་ལུང་དང་ནགས་ཚལ་བརྒལ།
ཁོས་བཞིན་བཟང་གི་བུ་མོ་ཞིག
སྤྱིལ་བུའི་ནང་ན་ཁོ་ལ་འཛུམ་པ་མཐོང༌།
ཁོང་གི་རྟ་ཕོར་ཅི་ཞིག་བྱས་སོང༌།
རྐང་བ་ག་ཤེད་ཅིག་ཏུ་བརྡབ་མིན་ནམ།
རྔོན་པ་ཁོང་ལ་ཅི་བྱུང་སོང༌།
ཀི་འབོད་བྱས་ཏེ་མི་བདའ་བ་ཅིའི་ཕྱིར།
ཤེའུ་ཆུང་གྲངས་མེད་ཀྱི་རི་བོ་བརྒལ་ནས།
བྲེལ་བྲེལ་འཚུབ་འཚུབ་ཀྱི་འབྲོ་བཞིན་གདའ།
ངང་ཆུང་གི་རི་དྭགས། ཁྱོད་སྡོད་ཅིག
རྔོན་པས་སྔ་མོ་ནས་ཁྱེད་རང་བརྗེད་ནས་ཚར།
(རོང་བོ་གངས་དཀར་གྱིས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།