བྲན་འཁོལ་གླེང་བ།

     མིའི་རང་བྱུང་གི་རང་དབང་ཟེར་བ་ནི། རང་བྱུང་གི་རྣམ་པའི་ཁྲོད་དུ་མིའི་རང་དབང་ལ་འཇིག་རྟེན་ཁམས་ཀྱི་ཆེས་མཐོའི་དབང་འཛིན་པ་སུ་དང་གང་གི་ཚོད་འཛིན་མི་ཐེབས་པ་དང་། མི་རྣམས་ཀྱིས་སུ་དང་གང་གི་འདོད་མོས་ལ་མི་རྟོན་པ། སུ་དང་གང་གི་ཁྲིམས་འཛུགས་ལ་དང་ལེན་བྱེད་མི་དགོས་པར། རང་བྱུང་ཁྲིམས་ཀྱི་ལུགས་ཁོ་ནར་བརྩི་སྲུང་བྱེད་པ་ལ་ཟེར། སྤྱི་ཚོགས་ཁྲོད་དུ། མིའི་རང་དབང་ཟེར་བ་ནི། མི་རྣམས་ཀྱི་གཅིག་མཐུན་གྱི་འདོད་མོས་བརྒྱུད་ནས་རྒྱལ་ཁབ་ནང་ཁུལ་དུ་བཙུགས་པའི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་པ་ལས་གཞན། ཁྲིམས་ལུགས་གཞན་གྱི་ཚོད་འཛིན་མི་ཐེབས་པར་ཟེར། དེར་བརྟེན། རང་དབང་ཟེར་བ་ནི་ལོ་པོ་ཐུ་ཧྥེར་མའོ་ཡིས་གསལ་བརྗོད་བྱས་པ་བཞིན། ༼མི་ཚང་མས་ཅི་ཞིག་བསྒྲུབ་འདོད་ན་དེ་ཉིད་སྒྲུབ་པ་དང་། ཇི་ལྟར་བསྒྲུབ་འདོད་ན་དེ་ལྟར་སྒྲུབ་ཀྱང་ཁྲིམས་ལུགས་ཀྱིས་ཚོད་འཛིན་མི་ཐེབས་པ་ཞིག༽གཏན་ནས་མ་རེད། སྲིད་གཞུང་ཡོད་པའི་གནས་ཚུལ་འོག་ནས། མི་རྣམས་ཀྱི་རང་དབང་གི་སྔོན་འགྲོ་ནི་ཁྲིམས་ལུགས་ཡིན་འོས། ཁྲིམས་ལུགས་འདིའི་རིགས་གཏན་འབེབ་བཟོ་མཁན་ནི་སྤྱི་ཚོགས་ཀྱིས་བཙུགས་པའི་ཁྲིམས་འཛུགས་སྡེ་ཁག་ཡིན་འོས། དེར་བརྟེན། ལས་ཁུངས་ཀྱིས་གཏན་འབེབ་བྱས་པ་དེ་རྒྱུན་རིང་པོར་སྤྱི་ཚོགས་ཀྱི་གྲུབ་ཆ་ཚང་མས་མཉམ་དུ་བརྩི་སྲུང་བྱེད་པའི་སྦྱོར་བའི་ནུས་ལྡན་གྱི་ཚད་གཞི་རེད། ཡིན་ན་ཡང་། ང་ཚོས་བཤད་ཀྱིན་པའི་སྤྱི་ཚོགས་རྣམ་པའི་འོག་གི་རང་དབང་ཟེར་བ་ནི། ཁྲིམས་ལུགས་ཀྱིས་གཏན་འབེབ་བྱས་མེད་པའི་བྱ་བ་གཞན་ཚང་མའི་སྟེང་དུ། མི་རྣམས་ཀྱིས་རང་ཉིད་ཀྱི་འདོད་མོས་བཞིན་དུ་བྱ་བ་སྒྲུབ་ཀྱང་གཞན་གྱིས་འགྱུར་ལྡོག་སྣ་ཚོགས་ཀྱིས་དང་། གཏན་ཁེལ་བྱེད་ཐབས་མེད་པར་དང་། སྔོན་དཔག་བྱེད་ཐབས་མེད་པར། གང་འདོད་དུ་ཐག་གཅོད་བྱེད་པའི་ཚོད་འཛིན་མི་ཐེབས་པ་དེ་ལ་ཟེར་བ་ཡིན། འདི་ནི་རང་བྱུང་སྤྱི་ཚོགས་ཁྲོད་ཀྱི་རང་དབང་ལ་རང་བྱུང་ཁྲིམས་ལུགས་ལས་སྒྲིག་སྲོལ་གཞན་གྱི་ཚོད་འཛིན་མི་ཐེབས་པ་དང་འདྲ་བོ་རེད།
      རང་ཉིད་ཀྱི་བདེ་འཇགས་ལ་འགེབས་སྲུང་བྱེད་ཆེད། ལྟོས་བཅས་དང་གང་འདོད་ལྟར་ཐག་གཅོད་བྱེད་པའི་དབང་ཆ་འདིའི་རིགས་ཀྱིས་ཚོད་འཛིན་མི་ཐེབས་པའི་རང་དབང་ནི་ཤིན་ཏུ་དགོས་གལ་ཆེ་བ་ཞིག་རེད། མི་སུ་ལ་ཆ་བཞག་རུང་། ཁོའི་རང་སྲུང་དབང་ཆ་དང་རིན་ཐང་ཆེ་བའི་ཚེ་སྲོག་གཉིས་མཉམ་དུ་ཤོར་ན་མ་གཏོགས། རང་དབང་འདིའི་རིགས་ནི་མེད་དུ་མི་རུང་བ་ཡིན། རྒྱུ་མཚན་ནི། མི་ཞིག་ལ་རང་ཉིད་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་བྲལ་ཚེ། ཁོས་གན་ཆིངས་འཇོག་པའམ་མོས་མཐུན་བྱུང་བ་བརྒྱུད་དེ་རང་ཉིད་གཞན་གྱི་བྲན་བཀོལ་དུ་སྤྲོད་བར་བྱེད་མི་ཐུབ་པ་དང་། ཡང་ན། གཞན་གྱི་ལྟོས་མེད་དང་གང་འདོད་དབང་ཆའི་འོག་བསྡད་དེ། གང་འདོད་བྲལ་བཀོལ་བྱེད་དུ་འཇུག་པ་དང་བཤུ་གཞོག་བྱེད་དུ་འཇུག་པ་རེད། མི་སུས་ཀྱང་རང་ཉིད་ཀྱི་ཁེ་དབང་ཁྱབ་ཁོངས་ལ་བརྒལ་བའི་དངོས་པོ་དེ་གཞན་ལ་སྤྲད་མི་ཐུབ་ལ། དེ་བཞིན་དུ་རང་ཉིད་ཀྱི་ཚེ་སྲོག་འཕྲོག་མི་བཏུབ། དེར་བརྟེན། རང་ཉིད་ཀྱི་ཚེ་སྲོག་དབང་ཆ་ཡང་གཞན་ལ་སྤྲད་མི་ཐུབ། ལོས་ཡིན་ཏེ། མི་ཞིག་གིས་སྲོག་ཐོག་ལ་འབབ་པའི་ཉེས་པ་བསགས་ཚེ། རང་ཉིད་ཀྱི་ཚེ་སྲོག་དབང་ཆ་ཤོར་སོང་བ་ཡིན་ཞིང་། རང་ཉིད་ཀྱི་ཚེ་སྲོག་དབང་ཆ་དེ་སྲོག་ཁྲིམས་གཅོད་མཁན་དེར་སྤྲད་པ་ཡིན། སྲོག་ཁྲིམས་གཅོད་མཁན་དེས་ཐག་གཅོད་ཀྱི་དུས་ཡུན་བསྲིངས་ཏེ། རང་ཉིད་ལ་ཞབས་ཞུ་བྱེད་དུ་བཅུག་ཆོག ཡིན་ན་ཡང་། བརྒྱུད་རིམ་འདིའི་ཁྲོད་ནས། ཁྲིམས་ལག་བསྟར་བྱེད་མཁན་དེར་ཁོར་གནོད་སྐྱེལ་བྱེད་པའི་དབང་ཆ་མེད། ཁོས་བྲན་བཀོལ་གྱིས་མནར་གཅོད་དང་སྡུག་བསྔལ་བསྐྱལ་འོང་བ་དེ་འཚོ་སྡོད་ཀྱི་རིན་ཐང་ལས་བརྒལ་ཡོད་པར་སྙམ་ཚེ། ངོ་རྒོལ་བྱེད་པའི་དབང་ཆ་ཡོད་ལ། བདག་པོའི་འདོད་མོས་ལ་རྒྱབ་འགལ་བྱས་ཏེ་རང་ཉིད་ལ་སྲོག་ཐོག་བཏང་ནས་བྲན་བཀོལ་གྱི་རྣམ་པ་མཇུག་རྫོགས་པར་བྱས་ཆོག
 འདི་ནི་ཆེས་འཐུས་ཚང་གི་བྲན་བཀོལ་རྣམ་པ་ཞིག་ཡིན་ན་ཡང་། དོན་དངོས་ཐོག་འདི་ནི་ཁྲིམས་མཐུན་གྱི་དབང་བཀོལ་བ་དང་བཟུང་དམག་གཉིས་ཀྱི་འཐབ་འཁྲུག་གི་རྣམ་པའི་རྒྱུན་མཐུད་རེད། རྒྱུ་མཚན་ནི། ཕྱོགས་གཉིས་ཀ་གྲོས་མཐུན་འོང་སྟེ་གན་ཆིངས་བཞག་ཅིང་། ཕྱོགས་གཅིག་གིས་ཕྱོགས་གཞན་དེ་ལ་ཚད་ངེས་ཅན་ནས་དབང་བཀོལ་བྱེད་ཆོག་པར་མོས་མཐུན་བྱུང་ཚེ། ཕྱོགས་གཞན་དེས་ངེས་པར་དུ་འཁུར་དགོས། གྲོས་མཐུན་དང་གན་ཆིངས་ཀྱི་ནུས་ལྡན་དུས་ཡུན་ནང་། ཁོ་ཚོའི་དབར་གྱི་འཐབ་འཁྲུག་དང་བྲན་བཀོལ་གྱི་རྣམ་པ་དེ་མཇུག་རྫོགས་པར་བསྒྲགས་ཆོག དེར་བརྟེན། གོང་ནས་བཤད་པ་བཞིན། མི་སུ་དང་གང་གིས་ཀྱང་གན་ཆིངས་མ་བརྒྱུད་པར་རང་ཉིད་ལ་མི་དབང་བའི་དངོས་པོ་དང་། རང་ཉིད་ཀྱིས་བཀོལ་ཆོག་པའི་ཚེ་སྲོག་གི་དབང་ཆ་དེ་སུ་ལའང་སྤྲད་མི་ཆོག
ང་ཚོས་ཡ་ཧུ་དཱ་པ་དང་མི་རིགས་གཞན་གྱི་ཁྲོད་ནས་རང་ཉིད་ཀྱི་ཚེ་སྲོག་ལ་གཡོ་བཙོང་བྱེད་པའི་སྣང་ཚུལ་ཡོད་པ་རྟོགས་པར་བདག་གིས་ཁས་ལེན་གྱིན་ཡོད། ཡིན་ན་ཡང་། ཁོ་ཚོས་བཙོང་བ་དེ་རང་ཉིད་ཀྱི་ངལ་རྩོལ་ནུས་པ་ཡིན་པ་ལས་ཁོ་ཚོ་རང་ཉིད་མིན་པ་གསལ་བོ་རེད། འདི་ལྟར་རང་ཉིད་ཀྱི་ངལ་རྩོལ་ནུས་པ་གཡོ་བཙོང་བྱེད་པའི་མི་དེར་ལྟོས་མེད་དང་གང་འདོད་དབང་བཀོལ་གྱི་སྒེར་གཅོད་དབང་ཆའི་ཚོད་འཛིན་ཐེབས་ཀྱིན་མི་འདུག དུས་སྐབས་ནམ་ཞིག་ཡིན་རུང་། བདག་པོ་ཚང་མར་ཁོ་ཚོའི་ཁྲལ་ལས་སེལ་བའི་དབང་ཆ་ཡོད་པ་ལས། སྲོག་ཐོག་གཏོང་བའི་དབང་ཆ་མི་འདུག དུས་ཡུན་ངེས་ཅན་ཞིག་ལ་སླེབས་དུས། བདག་པོས་ངེས་པར་དུ་ཁོའི་ཁྲལ་ལས་སེལ་ཏེ་རང་དབང་བསྐྱར་གསོ་བྱེད་དགོས། ཁོ་ཚོའི་ངལ་རྩོལ་ལོངས་སུ་སྤྱོད་པའི་བདག་པོར་ཁོ་ཚོའི་ཚེ་སྲོག་གི་བདེ་ཐང་ལ་གནོད་སྐྱེལ་བའི་དབང་ཆ་མི་འདུག གལ་ཏེ་ཁོ་ཚོས་རང་ཉིད་ཀྱི་བྲན་གཡོག་གི་མིག་ཡ་གཅིག་ལོང་པར་བཟོ་བ་དང་སོ་གཅིག་ལྷུང་དུ་བཅུག་ཚེ་ངེས་པར་དུ་ཁོ་ཚོའི་རང་དབང་བསྐྱར་གསོ་བྱེད་དགོས། 
                      (རྩོམ་འདི་སྲིད་གཞུང་རྣམ་དཔྱད་ཅེས་པ་ལས་ཁོལ་དུ་ཕྱུང་ཞིང་བོད་ཡིག་ཏུ་སྒྱུར་བ་བོ་ནི་ཞོགས་ལྗང་ངོ་།།)

རྩོམ་ཁུངས། ཞོགས་ལྗང་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྲན་འཁོལ་གླེང་བ།

2011-01-20 རྗོན་ལཱ་ཁི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།