ཉི་ཡིག་ནས་བསྒྱུར་བའི་བརྩམས་སྒྲུང་། སྐུ་སྲས། ༤

ནཱ་ཚི་མེད་སོ་སད་ཁེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-12

                                                                         ལེའུ་གཉིས་པ།     
     བྷིའུ་ཞེས་གྲགས་ཤིང་།   གློག་གྲུ་བསྡད་པ་ན།   སྐྱེལ་འགྲུལ་གྲུ་ཆུང་མཚོ་འགྲམ་ནས་ཁ་བྲལ་ཏེ།  གྲུ་ཁེམས་གྱིས་དཀྲུགས་ནས་ཐག་ཉེ་ལ་ཐོན།   གྲུ་བས་གཅེར་བུར་འོག་པག་བཅིངས་ཏེ་བསྡད་འདུག   ཀླ་ཀློའི་ས་ཆ་ཞིག་རེད།   འདིའི་ཚ་དྲོད་ཀྱི་གོན་པ་གྱོན་མི་ཐུབ་པ་ནི་སྨོས་མ་དགོས་པ་རེད།   ཉི་མའི་ཚ་བས་ཆུ་ལ་བཤད་དཀའ་བའི་འོད་འཕྲོ་ཞིང་།   མིག་གཏད་ཀྱང་ལྟ་མི་ཕོད།   ཞབས་ཞུ་བ་ལ་དྲིས་ཚེ།   ང་ནི་གནས་འདི་རུ་འབབ་དགོས་ཟེར།   ཕར་བལྟས་ན་ཨོའོ་མོ་རིས་དང་མཚུངས་པའི་སྡེ་བ་རེད།   མི་ལ་མཐོང་ཆུང་བྱས་པ་རེད།   ས་ཆ་འདི་འདྲ་རུ་བཟོད་བསྲན་བྱེད་མི་ཐུབ་པ་མ་ཡིན་ནམ།   ཞེས་བསམ་མོད་བྱ་ཐབས་བྲལ།   ཤུགས་ཆེན་པོས་ཐོག་མར་མཆོངས་པ་དང་།   རྗེས་སུ་མི་ལྔ་དྲུག་ཙམ་ཐོན་བྱུང་།   ཁོས་སྒམ་ཆེན་པོ་བཞི་ཡས་མས་བཞག་ཏེ།   འོག་པག་དམར་པོ་ཅན་གྱིས་གྲུ་ཁེམ་གྱིས་དཀྲུགས་ནས་མཚོ་འགྲམ་ལ་ཕྱིར་ཐོན་ཐལ།   སྐམ་སར་ཐོན་སྐབས་ཀྱང་ཐོག་མར་མཆོངས་ཏེ།   གློ་བུར་དུ་རྡོ་ཆེན་པོའི་སྟེངས་དུ་ལངས་པའི་བྱིས་པ་སྣབས་ལུགས་དེ་བཟུང་སྟེ་སློབ་འབྲིང་ནི་གང་དུ་ཡོད་ཅེས་དྲིས་སོ།   བྱིས་པ་ཧོན་ཐོར་ཏེ་“མི་ཤེས”ཞེས་ཟེར། ཁོ་ནི་བློ་རིག་མི་གསལ་བའི་ཞིང་གྲོང་བ་ཞིག་རེད། བྱི་ལའི་དཔྲལ་བ་དང་འདྲ་བའི་གྲོང་ཁྱེར་ཆུང་ཆུང་ཡིན་ཡང་། སློབ་འབྲིང་ས་ཆ་གང་ན་ཡོད་པའང་མི་ཤེས་པའི་གླེན་ཕྲུག་ཀྱང་ཡོད་དམ།  སྐབས་དེར།  ཕྱི་གླིང་བའི་ལྭ་བ་ཡ་མཚན་གྱོན་པའི་སྐྱེས་པ་ཞིག་ཡོང་སྟེ་“འདི་ཤོག”ཅེས་ཟེར་ཞིང་།
      མུས་ན་ཐྰོ་ཡ་ཟེར་བའི་མགྲོན་ཁང་ལ་ཁྲིད་པ་དང་། སྤྱོད་པ་ངན་པའི་བུད་མེད་འགས་མགྲིན་གཅིག་ཏུ་“ནང་ལ་ཕེབས་ཤོག”ཟེར་བས།  ནང་ལ་འགྲོ་འདོད་མ་བྱུང་།  སྒོ་དྲུང་དུ་ཐོན་མ་ཐག“སློབ་འབྲིང་གར་ཡོད་ང་ལ་ཤོད”ཅེས་དྲིས་པ་ན།  “སློབ་འབྲིང་ལ་འདི་ནས་སྤྱི་ལེ་བརྒྱད་ཡས་མས་འགྲོ་དགོས”ཞེས་བཤད་བྱུང་བས།  མགྲོན་ཁང་དེ་ལ་འགྲོ་འདོད་མེད་པར་གྱུར། ཁོ་བོས་ཕྱི་གླིང་གི་ལྭ་བ་གྱོན་པའི་སྐྱེས་པ་དེའི་ལག་ནས་རང་ཉིད་ཀྱི་ཁུག་མ་གཉིས་ཀ་འཕྲོགས་ཏེ། དལ་མོར་ཕྱིར་ལོག  མགྲོན་གཉེར་བའི་ངོ་མདོག་ཡ་མཚན་ཞིག་ཏུ་གྱུར། རླངས་འཁོར་འབབ་ཚིགས་གང་དུ་ཡོད་མྱུར་ཏུ་ཤེས་སོང་། སྤ་སེ་ཡང་བདེ་བླག་གིས་ཉོས། མེ་འཁོར་ནང་ལ་སོང་ནས་བལྟས་ན་དེ་ནི་འབར་ཞུན་གྱི་སྒམ་དང་འདྲ་བར་ཆུང་ཆུང་ཞིག་རེད། ཁྲོག་ཁྲོག་གི་ངང་སྐར་ལྔ་ཙམ་ལ་སོང་རྗེས་འདང་བརྒྱབ་ན་ད་ནི་འབབ་དགོས་འདུག   གནས་ལུགས་ལྟར་ན་སྤ་སེའི་རིན་གོང་སླ་སྟེ།   སྒོར་གསུམ་ཏག་ཏག་རེད།   དེ་ནས་མི་འཐེན་འཁོར་ལོ་གླས་ཏེ་སློབ་འབྲིང་དུ་འབྱོར་ཚེ།   སློབ་ཁྲིད་གྲོལ་ནས་སུ་ཡང་མི་འདུག    “མཚན་མོའི་ལས་རས་པ་བྱ་བ་ཆུང་ཆུང་ཞིག་གི་ཆེད་དུ་ཕྱི་ལ་བུད་སོང་”ཞེས་ང་ལ་སློབ་གྲྭའི་ལས་བཟོ་བ་ཞིག་གིས་བཤད།   འདང་རྒྱག་སྤུ་ཙམ་ཡང་མེད་པའི་ལས་རེས་པ་འདི་འདྲ་ཞིག་ཀྱང་ཡོད་དམ།   སློབ་གཙོར་འདྲི་བསམ་མོད།   འོན་ཀྱང་ཐང་ཆད་དྲགས་པས་མི་འཐེན་འཁོར་ལོར་བསྡད་དེ་“མགྲོན་ཁང་ཞིག་ཏུ་ཁྲིད་རོགས་”ཅེས་ཁ་ལོ་བ་ལ་བཤད།    ཁ་ལོ་བས་ཤུགས་ཆེན་པོའི་སྒོ་ནས་ཡྰ་མ་ཞི་ལོ་ཡ་མགྲོན་ཁང་གི་ཉེ་འགྲམ་དུ་དྲུད།    ཡྰ་མ་ཞི་ལོ་ཡ་ནི་གྲོགས་པོ་ཁྰ་ན་ཐ་ལོའི་གཏའ་མ་ཁང་གི་མིང་དང་འདྲ་བས།    སྤྲོ་སྣང་ཅུང་ཙམ་ལྡན་པ་ཞིག་རེད།    རྒྱུ་མཚན་ཅི་ཡིན་མི་ཤེས་མོད་མགྲོན་ཁང་གི་ཞབས་ཞུ་པས་ང་རང་ཉིས་ཐོག་གི་སྐས་འོག་ན་ཡོད་པའི་མུན་ཁང་ཞིག་ཏུ་ཁྲིད།   ཁང་བའི་ནང་ཤིན་ཏུ་དྲོ་བས་འདུག་མི་བཟོད།    “འདི་འདྲའི་ཁང་བའི་ནང་དུ་ང་འདུག་མི་འདོད་”ཅེས་བཤད་པ་ན།    “སྟབས་མ་ལེགས་པར་མགྲོན་ཁང་གི་ཁང་བ་ཡོངས་སུ་མགྲོན་པོའི་ཁེངས་ཡོད་པས་འདི་ལས་སྡོད་གནས་མེད་”ཅེས་དགོད་ཞོར་དུ་ཁུག་མ་ཕྱིར་གཡུག་སྟེ་སོང་།   བྱ་ཐབས་མེད་པས་ཁང་བའི་ནང་ལ་སླེབས་པ་དང་རྔུལ་ཆུ་བཞུར་ཡང་བཟོད་བསྲན་བྱས།   དེའི་རྗེས་མགྲོན་བདག་གིས་ཁྲུས་གཞོང་དུ་སྡོད་ཅེས་བཤད་བས་ཤག་སྒྲ་དང་མཉམ་དུ་ཆུ་ནང་དུ་ལྡིང་སྟེ་མྱུར་དུ་ཕྱིར་བུད།    ཕྱིར་ཐོན་སྐབས་སུ་ཁང་བ་རེ་རེ་ནང་དུ་བལྟས་པ་ན་བསིལ་ཆེ་བའི་ཁང་བ་མང་པོའི་ནང་དུ་མི་མེད།    དེ་ནི་གུས་མེད་པའི་མགྲོན་བདག་ཅིག་རེད།    ཁོ་མོས་རྫུན་བཤད་འདུག    དེ་ནས་མོས་ཟ་མ་སྡེར་མ་གང་ཁྱེར་ནས་ཡོང་།    ཁང་བ་ནི་དྲོད་མོད།   འོན་ཀྱང་ཟ་མ་ནི་སློབ་མའི་འགྲུལ་ཁང་གི་ཟ་མ་ལས་ཤིན་ཏུ་ཞིམ་མངར་ལྡན།   འགྲུལ་བར་ཟ་མ་ལྟར་ཞོར་དུ་ཁོ་མོས་“ཁྱེད་རང་ས་ཆ་གང་ནས་ཕེབས་པ་ཡིན་”ཞེས་དྲིས་པས།   ངས་“ཐྰོ་ཁྱྰོ་ནས་ཡོང་བ་ཡིན་” ཞེས་ལན་བཏབ། དེ་ནས་“ཐྰོ་ཁྱྰོ་ནི་ས་ཆ་སྐྱིད་པོ་ཞིག་རེད་དམ་”ཞེས་དྲིས་པས།   “དེ་ལོས་ཡིན་”ཞེས་ལན་བཏབ།   ཟས་སྡེར་ལེན་མཁན་གྱི་གཡོག་མོ་གཡོས་ཁང་དུ་ཐོན་མ་ཐག    ཁོ་ཚོ་གད་མོ་ཆེན་པོ་ཞིག་དགོད་པ་ངས་ཐོས་བྱུང་།   དེ་ལ་སྙིང་བོ་ཅི་ཡང་མེད་པས།   ང་རང་མྱུར་དུ་ཉལ་མོད།    ཁོ་ཚོས་འུར་མང་པོ་བརྒྱབ་པས་ཡུན་རིང་ཞིག་ལ་གཉིད་མ་ཁུགས།   དེ་ནི་སློབ་མའི་སྣེ་ལེན་ཁང་གི་ཅ་ཅོ་ལས་ལྡབ་ལྔས་ཆེའོ།།
       རབ་རིབ་ཀྱི་རྨི་ལམ་ཁྲོད་ནས་ཁྰེ་ཡོ་མཐོང་། ཁྰེ་ཡོ་ཡིས་ཨེ་ཅྰི་གོའི་སྨྱུག་ལོས་བཏུམས་པའི་ཀ་ར་དེ་ལོ་མ་དང་མཉམ་དུ་རྔམ་ཟ་བྱེད་བཞིན་ཡོད།    “སྨྱུག་ལོར་དུག་ཡོད་པས་མ་ཟོས་ན་བཟང་”ཞེས་བཤད་ཚེ།   “མ་རེད།   སྨྱུག་ལོ་འདི་ནི་སྨན་ཡིན་ལགས”ཞེས་བཤད་དེ་ཞིམ་པའི་སྒོ་ནས་ཟ་མ་བཞིན་འདུག   ཁོ་བོ་ཧ་ལས་པས་ཁ་ཆེར་གདངས་ཏེ་“ཧ་ཧ་ཧ་ཧ་”ཞེས་གད་མོ་ཤོར་བའི་སྐབས་སུ་གཉིད་ལས་སད།   གཡོག་མོས་དྲ་མའི་འདེད་སྒོ་ཕྱེ་བཞིན་འདུག   གནམ་གཤིས་ནི་སྔར་ལྟར་ནམ་མཁའ་གཡའ་དག་ཅིང་དྲོད་གྲང་ཤིན་ཏུ་སྙོམས།    གནས་སྐོར་བྱེད་ན་མགྲོན་ཁང་གི་མི་ལ་ཞབས་འདེགས་ཟུར་ཡོན་མ་བྱིན་པའི་རྐྱེན་རེད།   ཕར་བལྟས་ན་ལུས་ལ་ལྭ་བ་བཙོག་པོ་གྱོན་ཅིང་རས་ཀྱིས་བཟོས་པའི་ཁུག་མ་དང་བལ་ལྟར་འཇམ་པའི་རས་ཀྱི་ཆར་གདུགས་བཟུང་འདུག   ཞིང་གྲོང་བ་ཞིག་ཡིན་མོད།   འོན་ཀྱང་ང་ལ་མཐོང་ཆུང་བྱས་དྲགས་ཐལ།   བློ་ཐག་རྦད་བཅད་ཀྱིས་ཞབས་འདེགས་ཟུར་ཡོན་བྱིན་ཏེ་གཞན་པ་ཧ་ལས་སུ་འཇུག   འདི་ལྟར་ཡིན་ཀྱང་ང་ནི་སློབ་ཡོན་གྱི་ལྷག་མ་སུམ་སྟོང་ཡས་མས་ཏུམ་དུ་བཅུག་སྟེ་ཐྰོ་ཁྱྰོ་ནས་ཡོང་བ་རེད།   མེ་འཁོར་དང་གློག་གྲུའི་འཛིན་བྱང་གི་སྒོར་མོ་དང་འགྲོ་སོང་ཕྲན་ཚེགས་ཀྱི་སྒོར་མོ་འཐེན་ན།   ད་དུང་སྒོར་སྟོང་གཅིག་བཞི་བརྒྱ་ཡས་མས་ཡོད།   སྒོར་དེ་དག་ཚང་མ་བྱིན་ཀྱང་ད་ནས་བཟུང་ཟླ་ཕོགས་ཡོད་པས་སྐྱོན་མེད།   ཞིང་གྲོང་བ་ནི་སེར་སྣ་ཆེ་བས་སྒོར་སྟོང་ལྔ་བྱིན་ན་ཡང་ཧ་ལས་ཏེ་མིག་གཡོ་བ་སྨོས་མ་དགོས་པ་རེད།   གཞུག་ནས་ཅི་ཞིག་བྱེད་པར་ལྟོས།   སེམས་ལ་གནོད་ཀྱང་མདངས་མ་འགྱུར་བར་གདོང་དཀྲུས་ཏེ་ཁང་བར་ལོག་ནས་སྒུག་ཚེ།    མདང་དགོང་གི་གཡོག་མས་ཟ་མ་ཁྱེར་ནས་ཡོང་ཐལ།   ཟས་སྡེར་དུ་ཟ་མ་ལྡུག་པའི་ཞོར་ཏུ་རྒྱུ་མཚན་མེད་པར་ཁོང་འཛུམ་ཤོར་བཞིན་འདུག   གུས་པ་མེད་པའི་མི་ངན་ཞིག་རེད།   ངའི་ངོ་ན་དུས་སྟོན་ལ་ཡོང་བའི་ལྟད་མོ་མེད།   དེ་འདྲ་ཡིན་ཡང་།   གཡོག་མོ་འདིའི་གདོང་ལས་ཤིན་ཏུ་མཛེས།   ཁོ་བོས་ཞོགས་ཟས་ཟོས་ཏེ་སྒོར་མོ་སྟེར་འདོད་མོད།   འོན་ཀྱང་སེམས་ནས་མ་བཟོད་པར།   ཟ་མ་ཟོས་མ་ཚར་གོང་ཤོག་སྒོར་ལྔ་བརྒྱ་ཅན་ཞིག་བླངས་ཏེ་“སྒོར་མོ་འདི་རིན་གོང་སྤྲོད་སར་ཁྱེར་ནས་སོང་”ཞེས་བཤད་ཚེ།   གཡོག་མོའི་ངོ་མདོག་ཡ་མཚན་ཅན་ཞིག་ཏུ་གྱུར།   དེ་ནས་ཞོགས་ཟས་ཟོས་ཏེ་མྱུར་དུ་སློབ་གྲྭར་ཕྱིན།   སྒོར་མོ་མང་བོ་སྤྲད་མོད་འོན་ཀྱང་ལྷམ་ཡང་ཕྱིས་མེད།   ཁ་སང་སློབ་གྲྭ་ལ་མི་འཐེན་འཁོར་ལོར་བསྡད་དེ་ཡོང་བས།   འདུག་ཁང་གི་གནས་གང་དུ་ཡོད་པ་ཕལ་ཆེར་ངོས་ཟིན་པ་ཡིན།   བཞི་མདོ་ནས་ཐེངས་གཉིས་གསུམ་ལ་དཀྱོགས་ཏེ་སོང་ན།   དེ་མ་ཐག་ཏུ་སློབ་གྲྭའི་སྒོ་དྲུང་དུ་ཐོན།   སྒོ་ཆེན་ནས་ནང་སྒོ་བར་ལ་འཛེང་རྡོ་ཞིབ་མོ་ཡིས་ལམ་བཏང་ཡོད།  ཁ་སང་ལམ་འདིའི་སྟེང་ནས་མི་འཐེན་འཁོར་ལོ“ཁྲོག་ཁྲོག་ཁྲོག་”ཅེས་བརྒྱུད་ནས་འགྲོ་དུས།   སྒྲ་ཤིན་ཏུ་མང་པ་བསྒྲགས་པའི་རྐྱེན་གྱིས་ཅུང་ཙམ་དཀའ་ལས་མྱང་།   ལམ་བར་ནས་ལྭ་བ་བལ་འཚང་ཅན་གྱོན་པའི་སློབ་མ་མང་པོར་ཕྲད།   ཁོ་ཚོ་ཚང་མ་སྒོ་འདི་ནས་ནང་ལ་འགྲོ་བཞིན་ཡོད།   དེ་དག་གི་ཁྲོད་ན་ང་ལས་གཟུགས་རིང་ཞིང་སྟོབས་ཆེ་བའི་མི་ཡང་ཡོད།   གན་འདྲའི་མ་རབས་དག་ལའང་སློབ་སྟོན་བྱེད་མཁན་ཞིག་ཡོད་དམ།   ཅི་འདྲའི་མི་འཇིགས་སྣང་བསྐྱེད་པ་ཞིག་རེད་ཨང་།   ངས་མིང་བྱང་མི་ཞིག་ལ་བསྟན་པས་ང་རང་སློབ་གཙོའི་གཞུང་དོན་ཁང་ལ་ཁྲིད།   སློབ་གཙོ་ནི་ཁ་སྤུ་ཐར་ཐོར་ཞིག་ཡོད་ལ།   ངོ་མདོག་ནག་ཅིང་མིག་ཟུང་ཆེ་བའི་ཝ་མོ་ལྟ་བུའི་སྐྱེས་པ་ཞིག་རེད།   སྐྱག་བྲོ་བའི་ཚུལ་འཆོས་འཛིན་མཁན་ཞིག་རེད་ཨང་།   “ཨོ་རེད་ཡ།   སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས”ཞེས་ང་ལ་བཤད་དེ།   གུས་པའི་ཚུལ་གྱིས་ཐམ་ག་ཆེན་པོ་ཞིག་བརྒྱབ་ཡོད་པའི་ལས་བྱེད་འཛིན་ཡིག་ཅིག་ང་ལ་བྱིན།   འཛིན་ཡིག་འདི་ནི་རྗེས་སུ་ང་རང་ཐྰོ་ཁྱྰོ་ལ་ལོག་དུས་རིལ་བུར་བཅོལ་ཏེ་མཚོ་ནང་ལ་འཕངས།   སློབ་གཙོས་“མྱུར་དུ་སློབ་གྲྭའི་ལས་བཟོ་བར་ངོ་སྤྲོད་བྱས་པས་ཁོ་ཚོ་རེ་རེར་ལས་བྱེད་འཛིན་ཡིག་འདིར་ལྟ་རུ་བཅུག”ཅེས་བཤད་དེ་གོ་རུ་བཅུག   བྱ་བ་ལྷག་མ་མང་པོ་སྒྲུབ་ཀྱང་དོན་སྙིང་ཅི་ཡང་མེད་པ་རེད།   དེས་ན་དཀའ་ཚེགས་ཆེ་བའི་བྱ་བ་འདི་སྒྲུབ་པ་ལས་འཛིན་བྱང་ཉིན་གསུམ་གྱི་བར་ལ་དགེ་རྒན་འདུ་ཁང་དུ་སྦྱར་ན་ལེགས་པར་སྙམ།   དགེ་རྒན་ཚང་མ་གཞུང་ལས་ཁང་དུ་འདུས་པའི་ཆེད་དུ་སློབ་མཐུན་དང་པོའི་སྔོན་ལ་ཅུང་བརྡ་རྒྱག་དགོས།   ད་དུང་ཕལ་ཆེར་དུས་ཚོད་ཅུང་ཙམ་ཡོད།   སློབ་གཙོའི་དུས་ཚོད་བླངས་ནས་ལྟས་ཏེ་“རྗེས་ནས་དལ་མོར་ཁ་བརྡ་གསལ་བོར་བྱེད་འདོད་མོད།   འོན་ཀྱང་ཐོག་མར་བྱ་བ་ཚང་མ་ཧ་ལམ་ཡིད་ལ་འཛིན་པར་གྱིས་”ཅེས་བཤད།   དེ་ནས་སློབ་གསོའི་དགོངས་དོན་དང་འབྲེལ་ནས་ང་ལ་མཁས་པའི་བཀའ་སློབ་མང་པོར་ཉན་དུ་བཅུག  
               (ཉི་སྡོད་བོད་མི་འགས་བསྒྱུར)

རྩོམ་ཁུངས། ཉི་སྲས་ཀྱི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཡིག་ནས་བསྒྱུར་བའི་བརྩམས་སྒྲུང་། སྐུ་སྲས། ༤

2011-01-12 ནཱ་ཚི་མེད་སོ་སད་ཁེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།