ངེད་གཉིས་བར་ན་གྲོགས་པོའི་མཛའ་བརྩེ་མེད།
ངེད་གཉིས་བར་ན་གྲོགས་པོའི་མཛའ་བརྩེ་མེད
དཔྱིད་དུས་སུ་ངེད་གཉིས་ཀྱི་བར་ལ་འདུ་འཛོམས་བྱུང་མེད
ཡིན་ན་ཡང ཁྱོད་ཀྱི་མཛེས་སྡུག་གི་མིག་ཟུང་དེས
ང་དུས་ཚོད་སྐར་ཆ་གཅིག་ལའང་བདེ་བར་སྡོད་དུ་མི་འཇོག
ངས་བརྩེ་བ་དེ་བརྗེད་པར་སྒོམ་ཏེ
བར་ཐག་རིང་པོ་རིང་པོ་ཞིག་བྱས་ན་འདོད་མོད
འོན་ཀྱང ཁོ་ཉིན་རྒྱུན་ངའི་མིག་ནང་ནས་འགུལ་འོང་དུས
ང ཇི་ལྟར ས་ཆ་གང་སར་ཆས་ཀྱང་ལམ་ཞིག་མེད་པ་འདྲ
ཕལ་ཆར་ཁོ་མོའི་སེམས་གསོ་ཆེད་སོང་པ་འདྲ
དུས་རྒྱུན་ངའི་སྙིང་ན་བའི་ཚུལ་དུ་སྣང་པས
འཇིག་རྟེན་འདིར་མིག་ཟུང་དེ་གཉིས་མེད་ན
ང་ཧ་ལམ་རྩ་བ་ནས་འགྲོ་སའི་གནས་ཚང་ཞིག་མེད་པ་འདྲ
བུ་མོ་ལགས ཁྱོད་ཀྱང་དགའ་མ་སྡོད
འོན་ཏེ ཁྱོད་ཀྱིས་འདི་གསལ་བོ་ཤེས་བར་གྱིས
ཕན་ཚུན་བར་ལ་གང་ཞིག་སྒྲུབ་ན་བཟང་ངམ
ཅི་ཞིག་བཀོལ་སྤྱོད་བྱས་ནས་རྒྱུན་སྐྱོངས་བྱའམ
༡༩༤༨ལོར་བྲིས་འདུག
༢༠༡༠ལོའི་ཟླ༡༡པའི་ཚེས་༡ཉིན་བསྒྒྱུར།
ས་དམར་གྲགས་པས་བསྒྱུར།
རྩོམ་ཁུངས། ངེད་དྲ་བ།