རྨི་ལམ །

ལོའོ་ཁྲོན་ཁྲེའེ་ཙིའོ་ནས་བརྩམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-29

    བུ་ཆུང་དེ་ཐེངས་དང་བོར་བུ་མོ་དེ་དང་འདུ་ཚོགས་མོད་པའི་ཁྲོམ་ཚོགས་སུ་འཕྲད་བྱུང༌།བུ་ཆུང་དེས་དངངས་འཚུབ་ཀྱི་ཁྲོད་ནས་བུ་མོ་དེ་བོས་པ་ན།བུ་མོ་དེ་ཡིས་ཀྱང་དངངས་འཚུབ་ཀྱི་ཁྲོད་ནས་ཨ་ལེན་ཕྱིན་པ་རེད།ཁོ་གཉིས་འདུ་ཚོགས་མོད་པའི་ཁྲོམ་ཚོགས་སུ་ཕྱིན་པ་ན་དངངས་འཚུབ་སྔར་ལས་ཆེ་བའི་སྣང་བ་ཞིག་ཕྱིན།

    བུ་ཆུང་གིས་མགྲོན་བྱེད་པ་ལ་བུ་མོས་སྔོན་ཆད་ཀྱི་སློབ་གྲོགས་ཡིན་པའི་ཁ་ངོ་ཕྱིན་ཏེ་སོང་བ་རེད།ཟ་མ་ཟས་རྗེས་ཁོ་གཉིས་ཀྱིས་ནེམ་རྩྭའི་རྩྭ་ཐང་ཞིག་བཙལ་ཏེ་ངལ་གསོ་བྱས་པ་རེད །བུ་ཆུང་གིས་བུ་མོར་བལྟ་ཞོར་ཉམས་ཚོར་གྱི་ངང་ནསམདང་དགོང་ངས་ཁྱོད་རང་རྨི་ལམ་དུ་རྨིས་སོང་ཅེས་བཤད་པ་ན།
ཅི་རེདཅེས་དགའ་ཚོར་གྱི་ཁྲོད་ནས་དྲིས །
ངས་བཤད་ན་ཁྱོད་རང་ཁོངཁྲོ་ལངས་ངེས
ཁྱོས་རྨི་ལམ་རྨིས་ན་ང་རང་ཅི་ཞིག་ལ་ཁོང་ཁྲོ་ལངས་དགོསཅེས་བཤད་ཞོར་ཁོང་བགོད་ཅིག་བྱས།
མདང་དགོང་ངས་ཁྱོད་རང་རྨི་ལམ་དུ་རྨིས་ཐལཞེས་བཤད་ཞོར་འགྱོད་པ་ངོ་ཚ་འདྲེས་མའི་གདོང་ལ་འཛུམ་ཞིག་ལངས།
ང་རང་རྨིས་བ་ཨེ་རེད
འོ་ལེ། མེ་ཏོག་སྣ་ཚོགས་བཤད་པའི་རྩྭ་ཐང་ཞིག་ན་འུ་གཉིས་མཉམ་དུ་བསྡད་ཡོད ། འོ། འུ་གཉིས་ག་བསྡད་ཡོད་པའི་རྩྭ་ཐང་དེ་དེ་རིང་གི་འདི་འདྲ་ཞིག་རེད
འུ་གཉིས་རྩྭ་ཐང་ནས་བསྡད་དེ་ཅི་བཤད་ཀྱིན་ཡོད
དེ་རིང་དང་འདྲ་བར་ལབ་གླེང་སྣ་ཚོགས་བཤད་ཀྱིན་འདུག  རྗེས་ནས…… རྗེས་ནས……འུ་གཉིས………”ཞེས་བཤད་ཞོར་བུ་ཆུང་དེ་བགད་བྱུང་། སྐབས་དེར་བུ་མོས་བུ་ཆུང་དེ་ཅི་ཞིག་ལ་བགོད་ཀྱིན་པ་གཞི་ནས་ཤེས་སོང༌།
ཁྱོས་ཅི་ཞིག་ལ་རྨི་ལམ་འདི་འདྲ་ཞིག་རྨིས་སོང་བ་རེད ། ངོ་མ………”ཁོང་ཁྲོ་དང་བཅས་བུ་ཆུང་དེ་དང་ཁ་བྲལ་ཏེ་བུད་སོང༌། 
      ཐེངས་གཉིས་བར་ཁོ་གཉིས་རླངས་འཁོར་ས་ཚིགས་སུ་འཕྲད་བྱུང་།སྐབས་དེ་བུ་མོ་དེའི་ལག་ཏུ་ཧ་ཅང་ལྕི་བའི་དངོས་བོ་ཞིག་ཁྱེར་ཏེ་ཡུལ་ལ་འགྲོ་གྲབས་བྱེད་ཀྱིན་འདུགབུ་ཆུང་གིས་མོའི་ལག་གི་དངོས་བོ་ལྕི་མོ་དེ་ལངས་ཏེ་ཁྱེར་ནས་སོང༌།བུ་མོ་ཡང་མི་ཚོགས་ཀྱི་ཁྲོད་ནས་ཁོའི་རྗེས་དེད་དེ་རླངས་འཁོར་ལ་མི་འདུག་ལ་ག་མེད་བྱུང་ །རླངས་འཁོར་ལ་བསྡད་རྗེས་བུ་ཆུང་གིས་ཡང་ཁོས་རྨི་ལམ་རྨིས་བ་དེ་བཤད་བྱུང༌།
ཡང་ང་རང་རྨིས་ནི་ཨེ་རེད་བུ་མོས་དེ་ལྟར་དྲིས །
བུ་ཆུང་གིས་མགོ་བོ་ནང་དུ་གཡུགས །
བུ་མོས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་བུ་ཆུང་ལྟོས་ནས་འདུག
ངས་བཤད་ན་ཁྱོད་རང་ཁོང་ཁྲོ་ལངས་བ་ཁོ་ཐག་ཡིན
རྨི་ལམ་ཞིག་རེད ཅི་ཞིག་ལ་ཁོང་ཁྲོ་ལངས་དགོས
ཡང་བུ་མོས་བཤད་རྒྱུར་ངས་བསམ་ན་རྨི་ལམ་རྨིས་བ་ནི་ཁྱོད་ཀྱི་རང་དབང་རེད
དེ་ན་ཁྱོད་རང་ཁོང་ཁྲོ་ལངས་བ་ཁོ་ཐག་ཡིན་ངེས
ཁྱོས་ཤོད་ཡ  ང་ཅི་ཞིག་ལ་ཁོང་ཁྲོ་ལངས་དགོས
བུ་ཆུང་ལ་བུ་མོའི་སྐུལ་སློང་གི་ཁྲོད་ནས་ཁོས་རྨི་ལམ་རྨིས་བ་དེ་ཁོ་མོར་བཤད་རྒྱུར་རྨི་ལམ་ནང་དུ་ཕྱོགས་བཞི་བོ་ན་སྒོ་མེད་པའི་ཁང་བ་ཆུང་ཆུང་ལྕགས་སྒམ་ལྟ་བུ་ཞིག་གི་ནང་དུ་འུ་གཉིས་གཅིག་པུ་ལས་མེད།འུ་གཉིས་ལབ་གླེང་བྱེད་ཀྱིན་འདུགརྗེས་ནས………”བུ་ཆུང་གིས་དེ་ལྟར་བགོད་ཞོར་ཡང་བཤད་བྱུང་།བུ་མོས་བུ་ཆུང་ཅི་ཞིག་ལ་བགོད་ཀྱིན་པ་གཞི་ནས་རྟོགས་བྱུང་བས་འགྲམ་ལྕག་གིས་ཅིག་རྒྱབ་པ་ན་རླངས་འཁོར་ནང་གི་སྐུ་མགྲོན་ཚང་མས་འགྲམ་ལྕག་གི་སྒྲ་དེ་ཐོས་སོང༌།བུ་ཆུང་གིས་འགྲམ་པ་ལ་པས་བསྐྱོར་ཞོར་སྐད་དམའ་མོའི་ངང་ནས་རྨི་ལམ་རྨིས་བ་བཤད་ན་ཡང་ཁྱོད་རང་ཁོང་ཁྲོ་ལངས་འདུག་ཅེས་བཤད་བྱུང༌། 
     རྗེས་ནས་དུས་ཚོད་རིང་བོ་ཞིག་གི་རིང་ལ་བུ་མོའི་རང་ཉིད་རྨི་ལམ་རྨིས་མཁན་གྱི་བུ་ཆུང་དེ་རིག་མ་ཐུབ།དེ་བས་བུ་མོས་འདས་སོང་གི་དོན་དེ་དག་དྲན་ཞིང་ལྷག་པར་དུ་བུ་ཆུང་དེ་དང་ཁོས་རྨིས་བའི་རྨི་ལམ་དེ་དྲན་བྱུང་།བུ་མོས་སེམས་པར་བུ་ཆུང་དེ་ང་རང་ལ་དགའ་བ་ཁོ་ཐག་རེད།དེ་མིན་ཁོས་ཅི་ཞིག་ལ་ང་རང་རྨི་ལམ་དུ་རྨིས་དགོས།འཇིག་རྟེན་འདིའི་སྟེང་དུ་ང་རང་ལ་དགའ་མཁན་གྱི་མི་ཞིག་ཡོད་པ་རེད་ཅེས་སེམས་ཞོར་སེམས་པ་སྤྲོ་བའི་ཁེངས་སོང༌། བུ་མོས་ཁོ་མོའི་དྲན་བཞིན་པའི་བུ་ཆུང་དེ་བོས་ཏེ་ཡུན་རིང་ཞིག་ལ་འུ་གཉིས་མ་འཕྲད་ཅེས་བཤད།བུ་ཆུང་གི་ངོ་མདངས་སྔོན་ཆད་དང་མི་འདྲ་བར་ཡུན་རིང་ཞིག་ལ་མ་འཕྲད་ཅེས་ཕྱིར་ལན་འདེབས་ཞོར་ཇ་ཁང་ཞིག་ནས་ཇ་འཐུང་ཞོར་འདུགབུ་མོས་བཤད་རྒྱུར་ཁྱོས་རྨི་ལམ་རྨིས་ཨེ་ཐལ
བུ་ཆུང་གི་ངོ་མདོག་དམར་བོར་འགྱུར་བ་དང་མཉམ་དུ་མགོ་བོ་ནང་དུ་གཡུགས།
རྨི་ལམ་ནང་ནས་ང་རྨིས་ནི་ཨེ་རེད
བུ་ཆུང་གིས་ཡང་མགོ་བོ་ནང་དུ་གཡུགས །
དེ་ན་ཁྱོས་ཤོད་ཡ་ངས་ཉན་ཆོགབུ་མོས་ཡིད་ཚིམས་པའི་ངང་ནས་དེ་ལྟར་དྲིས །
ངས་མི་བཤད ། ངས་གཏན་ནས་མི་བཤད
ཤོད་ཡ  རྨི་ལམ་ཞིག་རེད།  ང་ཁོང་ཁྲོ་མི་ལངས་ཁོ་ཐག་ཡིན་ཞེས་ཁོ་ལ་བཤད།
ངའི་རྨི་ལམ་ནང་དུ་འུ་གཉིས་གཉེན་སྒྲིག་བྱེད་ཀྱིན་ཡོད།ཁྱོས་གཉེན་སྒྲིག་གི་ལྭ་གསར་གྱོན་ཏེ་ཞོགས་པའི་འཚམས་སྤྲིན་དང་འདྲ་བར་ངའི་གམ་ན་ལང་འདུགསྐབས་དེ་རྒྱ་སེ་མེ་ཏོག་གི་ཆར་བ་འུ་གཉིས་ཀྱི་མཐའ་འཁོར་ན་ཤག་ཤག་འབབ་ཀྱིན་འདུག བུ་མོ་བགད་བྱུང་ ། ཐེངས་འདིར་ཁོ་མོ་ཁོང་ཁྲོ་མ་ལངས་བར་བགད་བྱུང༌།
བུ་མོས་བཤད་རྒྱུར་ཁྱོད་ང་ལ་དགའ་བ་ཨེ་རེད
བུ་ཆུང་གིས་ཅི་ཡང་མི་བཤད་པར་བསྡད །
ཡང་བསྐྱར་བུ་མོས་ཁོ་ལ་འདྲི་རྒྱུརཁྱོད་ང་ལ་དགའ་བ་ཨེ་རེད། ངས་བསམ་ན་དེ་འདྲ་ཞིག་རེད
ང་ཁྱོད་ལ་དགའ་ན་ཨེ་ཆོགབུ་ཆུང་གིས་དེ་ལྟར་བཤད་པ་བུ་མོས་མགོ་བོ་ནང་དུ་གཡུགས། དེ་ནས་བཟུང་ཁོ་གཉིས་གཉེན་སྒྲིག་བྱས་པ་རེད།བུ་མོས་བུ་ཆུང་གི་རྨི་ལམ་ནང་བཞིན་གཉེན་སྒྲིག་གི་ལྭ་གསར་གྱོན་ཏེ་རྒྱ་སེ་མེ་ཏོག་གཏོར།བུ་ཆུང་དར་མར་གྱུར་ལ་བུ་ཆུང་ཡང་བག་མ་རུ་གྱུར་ཟིན།གསར་བུ་དེ་གཉིད་ལས་སད་རྗེས་མདུན་ཕྱོགས་ན་རང་གི་ཆུང་མ་ཡོད་པ་མཐོང་ཕྲད་གློ་བུར་དུ་ཡ་མཚར་བའི་ངང་ནསའོ   མདང་དགོང་ངས་ཅི་ཞིག་ལ་ཁྱོད་རང་རྨི་ལམ་དུ་མ་རྨིས་ནི་རེདཟེར ། ད་ལྟ་ཁྱོས་ང་རང་རྨི་ལམ་དུ་རྨིས་ནི་མ་རེད།  ང་རང་ཁྱོད་ཀྱི་ཆུང་མ་རེད་ཟེར་ཞོར་སྐྱེས་པ་ལ་བཅར།སྐྱེས་པ་ཡང་དེ་དང་མཉམ་དུ་སྨྱོ་བགོད་ཅིག་བྱེད་པར་འདུག ། གཉེན་སྒྲིག་བྱས་རྗེས་གསར་བུ་དེ་གཏན་ནས་སྐྱིད་པོ་ཞིག་མ་བྱུང༌།མཛེས་མ་དེ་ཁོ་རང་ལ་ཐོབ་མོད་འོན་ཀྱང་རྨི་ལམ་དང་རྨི་ལམ་ནང་གི་སྤྲོ་སྐྱིད་ཀྱི་འཚོ་བ་དེ་ཚར་སོང༌།རྨི་ལམ་ནང་གི་དགའ་སྤྲོ་དང་སད་རྗེས་ཀྱི་ཐོབ་ཤོར་ཡང་ཚར་སོང་།ཁོ་བོའི་དོན་དག་དེ་དག་ཚར་རྗེས་རིག་པའང་མི་གསལ་བ་ཞིག་ཏུ་གྱུར་ཏེ་རྒྱུན་དུ་ཆུང་མ་ལ་སྔོན་ཆད་ཀྱི་རྨི་ལམ་དེ་དག་བཤད།ཆུང་མས་ཁྱོས་རྨི་ལམ་རྨིས་འདོད་པ་ཨེ་རེད།ཁྱོས་མཛེས་མ་སྐོར་ཞིག་རྨི་ལམ་དུ་རྨིས་འདོད་པ་ཨེ་རེདཅེས་ཁོང་ཁྲོ་ཆེན་པོ་ངང་ནས་བཤད།རྨི་ལམ་དེའི་རྒྱ་རྐྱེན་གྱི་འོག་ནས་ཁོ་གཉིས་ལ་རྒྱུན་དུ་ཁ་རྩོད་བྱུང་བ་མ་ཟད་གཉེན་སྒྲིག་ཀྱང་ཐོར་སོང༌།ཆུང་མ་དེ་ལྟར་བུད་སོང་ཁོའི་སེམས་པ་འཁྱག་པའི་ཁེངས་བྱུང་།འོན་ཀྱང་མཚན་མོ་དེར་ཁོའི་རྨི་ལམ་ལ་གསོན་ཤུགས་རྒྱས་ཏེ་ཁོ་མོ་ཡང་བསྐྱར་རྨི་ལམ་དུ་སྦྲུམ་བྱུང༌།ཐེངས་ཤིག་ལ་གསར་མོ་དེ་དང་རྒྱང་སྲང་ཞིག་ནས་འཕྲད་བྱུང་བས་གསར་བུ་དེས་དགའ་སྤྲོ་ཆེན་པོའི་ངང་ནས་སེམས་པར་ངས་ཁྱོད་རང་རྨི་ལམ་དུ་རྨིས་སོང༌།རྒྱུན་དུ་རྨི་ལམ་དུ་རྨིས་སོང་ཞེས་བཤད་འདོད་མོད།གསར་མོ་དེས་ཁོ་རང་ངོ་མི་ཤེས་བའི་ཉམས་དང་བཅས་གསར་བུ་གཞན་ཞིག་གི་ལག་འགོར་འཇུས་ཏེ་མི་ཚོགས་ཀྱི་ཁྲོམ་དུ་ཕྱིན་པ་ན་གསར་བུ་དེ་ཧ་ནེ་ཧོ་ནེ་ངང་དུས་སྟོན་དང་རྨི་ལམ་ནང་གི་ལས་དབང་ཁྲོད་ནས་གྱེར་འདུག་གོ  ། 
 
                       སྤྱང་ལྟོགས་ཁྲིད་རྒོད་ནས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ །

2010-06-29 ལོའོ་ཁྲོན་ཁྲེའེ་ཙིའོ་ནས་བརྩམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།