དེ་རིང་གཅིག་སང་ཉིན་གཉིས་ལས་རྒྱལ་བ།

ཡན་ཡེའུ་ཕེན་གྱིས་བརྩམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-16

        མྱ་ངམ་གྱི་ཐང་སྟོང་བརྒལ་བཞིན་པའི་མཚན་ཉིད་སྨྲ་བ་ཞིག་གིས།གནའ་དེང་མའི་མཁར་ཤུལ་གྱི་ཞིག་རོ་དག་མཐོང་བྱུང༌།ལོ་ཟླའི་འཁོར་འགྲོས་ཀྱི་དབང་གིས་མཐོང་ཚད་ལ་གོད་ཆགས་ཀྱི་ཉམས་སྣང་སྟེར་མོད།ཞིབ་བལྟས་ཤིག་བྱ་དུས།འདས་པའི་བཀྲག་མདོག་མ་ཡལ་བའི་གཟི་མདངས་ད་དུང་གསེད་དཀྲོལ་ནུས་པས། 

        ཁོས་ལག་ཞོར་ནས་རྡོ་བརྙན་བསྐོས་རིས་ཅན་ཞིག་བླངས་ནས་འོང་སྟེགས་བཅོལ་ཏེ། ངལ་གསོ་ཕྲན་ཙམ་གནང༌། ཁོས་དུ་བ་རྐང་གཅིག་མེ་ལ་སྒྲོན་རྗེས།ལོ་རྒྱུས་ཀྱིས་ཟུར་འདེད་གནང་བའི་མཁར་གྱང་གི་ལྕགས་རིར་གཟིགས་དུས།བྱུང་འདས་ཀྱི་གཏམ་རྒྱུད་ཅིག་གིས་ཁོའི་དྲན་པ་གསོསཏེ།རྔམས་པ་ཞིག་ངང་གིས་ཤོར། 

        གློ་བུར། མི་ཞིག་གིས“སྐུ་ཞབས་ལགས།ཁྱེད་ཀྱིས་རྔམས་པ་ཞིག་འཐེན་དོན་ག་རེ་ཨང”ཞེས་སྨྲས།
        ཁོས་མིག་ཟུང་རིག་རིག་གིས་ཕྱོགས་བཞིར་བལྟས་ཀྱང༌།མཐོང་སྣང་དུ་མི་ཞིག་མ་བརྒྱུད་པས།ཁོ་དོགས་པ་ལངས།སྐད་དེ་སླར་ཡང་གྲགས་བྱུང༌།ཁོ་འཚབ་ནས་རྡོ་བརྙན་དེར་ཞིབ་བལྟ་བྱས།མ་གཞི་དེ་ནི“ཞལ་ཁྱིམ་གཉིས་ཅན་གྱི་ལྷ”ཞིག་གི་སྣང་བརྙན་རེད། 
         ཁོས“ཞལ་ཁྱིམ་གཉིས་ཅན་གྱི་ལྷ”ཞིག་གཏན་ནས་མཐོང་མྱོང་མེད་པས། མཚར་སྣང་གིས“ཁྱོད་ཅིའི་ཕྱིར་ཞལ་ཁྱིམ་གཉིས་པ་ཡོད་པ་རེད”ཅེས་དྲིས།
        ལྷ་དེ་ན་རེ“ང་ལ་ཞལ་ཁྱིམ་གཉིས་ཡོད་སྟབས།གཅིག་གིས་བྱུང་འདས་ཀྱི་ལོ་རྒྱུས་རྟོག་ཞིབ་བྱས་ནས།འདས་དོན་ལས་བསླབ་བྱ་མཐའ་དག་ཡིད་ལ་དམ་པོར་བཟུང་ཆོགཅིག་ཤོས་ཀྱིས་ཕྱིས་འབྱུང་ལ་རྟོག་གཞིག་གང་ལེགས་བྱས་ཏེ།མཛེས་སྡུག་ལྷུན་གྱིས་གྲུབ་པའི་འཆར་གཞི་ཞིག་བཟོས་ཆོག་པ་མ་ཡིན་ནམ”ཞེས་ལན་བཏབ།
        དེར་མཚན་ཉིད་སྨྲ་བ་ན་རེ“འདས་པ་ནི་ད་ལྟའི་བྱུང་ཟིན་ཡིན་པས།ཐབས་ཤེས་གང་གིས་་ཀྱང་གནས་ཚུགས་མི་ཐུབ། ཕྱིས་འབྱུང་ནི་ད་ལྟའི་རྒྱུན་འབྲེལ་ཡིན་པས།ཁྱེད་ཀྱིས་མིག་སྔར་མངོན་གྱུར་མི་ནུས།  དེ་ལས་ལྡོག་པར།ཉིད་ཀྱིས་ད་ལྟ་ལ་སྣང་འཇོག་མི་བྱེད་པར།འདས་ཟིན་པ་ཁོང་དུ་ཆུད་ཅིང༌།ཕྱིས་འབྱུང་ལ་རྟོག་གཞིག་གིས་སྔོན་དཔག་ནུས་ཀྱང༌།བྱེ་བྲག་གི་དགོས་དོན་ག་རེ་ལྷགས་བྱུང”ཞེས་སྨྲས།ལྷ་དེས་མཚན་ཉིད་སྨྲ་བའི་སྐད་འདི་ཐོས་མ་ཐགངུ་ཤུབ་ཅིག་བྱས་ནས་སྨྲས་རྒྱུར“སྐུ་ཞབས་ལགས།བདག་གིས་ཁྱེད་ཀྱི་གསུང་ཚིག་འདིར་གསན་རྗེས།གཞི་ནས་ཁྱེད་རང་གནས་བབ་འདིར་ལྷུང་བའི་རྒྱུ་མཚན་ཡང་རྟོགས་སོང”ཞེས་སྨྲས།མཚན་ཉིད་སྨྲ་བ་ན་རེ“དེ་ཅིའིཕྱིར”
        ལྷ་ན་རེ“ང་དེང་མ་གནས་འདིའི་གཞི་བདག་ཡིན་དུས།རང་རློམ་གྱིས་ཞལ་གཅིག་གིས་འདས་པའི་ལོ་རྒྱུས་བལྟས་ཤིང༌།ཅིག་ཤོས་ཀྱིས་ཕྱིས་འབྱུང་ལ་སྟོང་གཞིག་བྱེད་ཞོར།ད་ལྟ་ཟེར་བ་ཞིག་བསམ་པའི་རྒྱུད་སྣང་ལའང་མ་ཤར་བས།མཇུག་འབྲས་ནི།གནའ་མཁར་འདི་ནང་བཞིན་དགྲ་ཇག་གིས་རྨེག་མེད་བཟོས་ཤིང༌།ང་ཡང་མི་རྣམས་ཀྱི་འཆལ་གཏམ་ཁྲོད་རྒས་གཉེར་བབས་པའི་རྡོ་འཇོང་ཞིག་ཏུ་གྱུར”ཞེས་སྨྲས།
        སྐྱོ་ཤས་ཞེ་དྲག་འདྲིས་པའི་གཏམ་རྒྱུད་འདིས་གསེད་དཀྲོལ་གནང་བ་ནི།ཚེ་སྲོག་གི་སྐད་ཅིག་དང་དངོས་ཡོད་ཐེར་ཟུག་བར་གྱི་འགལ་བ་ཞིག་ཡིན་པས།ཤུགས་བསྟན་གྱི་གོ་དོན་ཡང༌།ང་ཚོས་འཚོ་བའི་གོ་དོན་ལོན་དུས། འཚོ་བ་ནི་སྔ་མོ་ནས་བཞུད་ཟིན་པ་དེར་སྙམ། 
       མཚན་ཉིད་སྨྲ་བ་ཚོས་བཤད་ན།འཇིག་རྟེན་སྟེང་མིའི་རིགས་གསུམ་ཡོད་ལ།རིགས་དང་པོས་འདས་པར་ཕྱི་དྲན་བགྱི་ཞིང༌།གོ་རིམ་དེའི་ཁྲོད་ཁོ་ལ་སྐྱོ་ཤས་ཆེན་པོ་ཞིག་སྐྱེ།རིགས་གཉིས་པས་ཕྱིས་འབྱུང་ལ་སྟོང་གཞིག་འཐེན་ཞིང༌།སྟོང་བསམ་དེའི་ཁྲོད་དངོས་ཡོད་ལ་འགན་འཁྲི་བྲལ།རིགས་གསུམ་པས་ད་ལྟ་གཙོ་དམིགས་བྱེད་ཆེད། དངོས་ཡོད་ལ་རྡོག་རྩེ་གཏད་དེ། དལ་གྱིས་འཇུག་ཅིང་ཡུན་གྱིས་རྩོམ་ངེས།  རིགས་དང་པོ་ནི་སྐྱོ་སྣང་ཅན་དང༌།གཉིས་པ་ནི་སྟོང་བསམ་པ།གསུམ་པ་ནི་དངོས་གཙོ་བ་དག་ཡིན་ཟེར། དེ་ན་ཁྱེད་རང་གང་དུ་གཏོགས་བྱུང?
       ང་ཚོས་ཕྱིས་འབྱུང་ལ་སྔོན་དཔག་ཆེར་མི་ནུས་ཀྱང༌།དེ་རིང་གི་གསང་བ་བརྟོལ་ནས།ད་ལྟར་རྒྱུས་ལོན་གནང་ཆོགཡེ་ཤེས་རྗེས་འཇུག་པ་ཚོས་ནམ་རྒྱུན་ཁ་ལག་མ་སྤྱད་སྔོན“གཙོ་བདག་གིས་སླར་ཡང་བག་ཟོས་དང་ཁ་ལག་སྩལ་བར་ཐུགས་རྗེ་གནངཟེར་སྲོལ་ཞིག་ཡོད།གཟབ་གཟིགས་གནོངས་དང༌།འདི་ནི་ཕྱིས་འབྱུང་དང་ཡར་སྔོན་གྱི་བག་ཟོས་མིན་པས།དེ་རིང་ཁོ་ན་རེད།བསྐལ་བའི་ཆགས་རིམ་གྱིས་ར་སྤྲོད་བྱུང་ཡོད།མི་རྣམས་སྐྱོ་སྣང་ལས་ཐར་བའི་ཐབས་ཤེས་ནི།ནམ་རྒྱུན་ཉིན་གཅིག་ལྟར་འཚོ་བ་ལོངས་སྤྱོད་པ་དེ་རེད།འདི་ལྟའི་གནའ་བོའི་མཚན་ཉིད་རིག་པའི་བསམ་བློས།འུ་ཅག་ལ་མི་ཚེའི་དཀའ་སྡུག་གི་ལོ་ཟླ་བརྒལ་བའི་སློབ་སྐུལ་གནང་འོག རྟོགས་མེད་ཀྱི་མ་འོངས་ལ་ཕར་འཇུག་གི་རེ་ལྟོས་སྩལ་ཡོད།  
        གལ་ཏེ།ཉིད་ཀྱིས་གནས་བབ་ལ་ཅུང་ཟད་གཡོལ་ཚེ།ལུས་སེམས་གཉིས་ཀྱིས་བརྩོན་ལེན་གནང་བའི་གོ་སྐབས་མང་དག་ཅིག་ཀྱང་འཕྲོ་ཟད་དུ་འགྲོ་བས།སྒྲུབ་བྱའི་སྔོན་ལ་འཆར་གཞི་ཐོན་པ་ནི་ལས་བྱ་ལེགས་འགྲུབ་འབྱུང་བའི་རྒྱུ་གཅིག་རེད།ཡིན་མོད།ཁྱེད་ཀྱིས་ལས་བྱ་འདི་རྩོམ་སྐབས་འཆར་གཞི་གན་འཐེན་མི་རུང་ལ།འཆར་གཞི་འདི་འཐེན་སྐབས་ལས་བྱ་གན་རྩོམ་མི་རུང༌།གང་ལྟར་ཅི་ཞིག་བསམ་པའམ་ཅི་ཞིག་སྒྲུབ་འདོད་ཀྱང༌།གནད་སྙིང་ནི་བསམ་པ་དང་ལས་ཀའི་འགག་རྩར་གཞོལ་དགོས།ཁྱེད་ཀྱིས་སྐུ་ཉིད་གཞན་དང་བཀའ་གསུང་གནང་ཡང༌།རྣོ་བསམ་གཅིག་སྒྲིམ་གྱིས་ཞལ་གསུང་འཁྲོལ་ཞིང༌།ཕྱག་ལས་རྩོམ་སྐབས་ཡིད་སེམས་གཅིག་ལ་སྒྲིལ་དགོས།

        བདེ་ལེགས་ངང་མི་ཚེ་མཐར་འཁྱོལ་གནང་བར།དཀའ་སྡུག་གང་ཡིན་ཧུར་སེམས་ཀྱིས་བརྒལ་ན་འགྲུབ་ཐུབ།

        ཉིན་དུས་གང་ཞིག་ཡིན་ཡང༌།གསར་བ་ཞིག་གི་གཞི་དང་འཚོ་བ་ཞིག་གི་འགོ་རེད།མཛེས་ཤིང་སྡུག་པའི་དེ་རིང་ལོངས་སྤྱོད་ཤེས་ཚེ།སང་ལ་བཅངས་པའི་གཏན་གྱི་སྟོངས་བསམ་དང་འདས་པའི་སྐྱོ་ཤས་ཀྱང་ཁད་ཀྱིས་ཞི་བས།ད་ལྟའི་མཐིལ་བརྟོལ་བཞིན།དེ་རིང་གི་རྒྱུས་བླངས་ཆོག
       དེའང་རྒྱལ་བུ་སྐུ་གཞོན་ཞིག་གསེར་ཁྲིར་འཁོད་མ་ཐགཁོས་མངའ་འོག་གི་མཛངས་བློན་མཐའ་དག་གཅིག་སྡུད་གནང་འོགཁོ་ཚོར་རྒྱལ་ཁམས་ཡོངས་ཀྱི་ཤེས་རབ་འཚོལ་སྡུད་དང་པར་འགོད་བྱས་རྗེས།དེས་ཁོ་རང་མཁས་མཛངས་ལྡན་པའི་རྒྱལ་བུ་ཞིག་ཆགས་པར་སློབ་སྐུལ་ཡོངས་རྒྱུའི་བཀའ་སྩལ།  
       མཛངས་བློན་ཚོས་དཀའ་བརྩོན་ཡོད་རྒུ་ཁྱད་དུ་བསད་ནས་ལོ་ངོ་སུམ་ཅུར་ཕྱག་ལས་གནང་རྗེས། རྔ་མོང་གདང་འདང་བ་ཞིག་ལ་གླེགས་བམ་ལྔ་སྟོང་བཀལ་ནས་རྒྱལ་བུའི་ཁབ་ཏུ་འབྱོར།ཡིན་ནའང༌།རྒྱལ་བུ་ཧ་ཅང་སྲིད་དོན་ལ་བྲེལ་སྟབས།འདི་འདྲའི་མང་བོ་ཞིག་ཀློག་པར་ག་ལ་ནུས།དེར་བརྟེན་ཁོས་ཡང་བསྐྱར་ཤེས་རབ་འདི་དག་གི་ཉིང་ཁུ་བསྡུ་བ་ལས་གླེགས་བམ་དེ་འདྲ་མང་པོ་ཞིག་མི་དགོས་ཞེས་བཀའ་ཕབ། 

      ལོ་བཅོ་ལྔའི་རྗེས་སུ། མཛངས་བློན་དག་གིས་པོ་ཏི་ལྔ་བརྒྱ་བཀལ་ནས་ཕྱིར་འབྱོར། ཡིན་ནའང༌། རྒྱལ་བུའི་ཡིད་མ་ཚིམས་པར།ད་དུང་བསྡུ་དགོས་པའི་བཀའ་ཕབ།

       དེ་ནས་མི་ལོ་ལྔ་ཟུང་འདས་རྗེས།མཛངས་བློན་ཚོས་པོ་ཏི་ལྔ་བཅུ་བཟུང་ནས་ཕྱིར་འབྱོར།སྐབས་དེར་རྒྱལ་བུ་སྔ་མོ་ནས་རྒས་ཏེ་བགྲེས་པོར་ཆགས་སྟབས།གླེགས་བམ་འདི་འདྲ་མང་པོ་ཞིག་ཀློག་རྒྱུའི་དུས་ཚོད་བྲལ་པས།མཛངས་བློན་དེ་ཚོར་བཀའ་ནན་ཅན་བགོས་ཏེ།གླེགས་བུམ་འདི་དག་ལས་མིའི་བློ་གྲོས་ཀྱི་ཡང་ཏིག་བསྡུ་བའི་བཀའ་ཕབ། 

       མཛངས་བློན་དེ་དག་གིས་ཡང་བསྐྱར་མི་ལོ་ལྔ་ལ་དཀའ་བ་སྤྱད་རྗེས།རྒྱལ་བོའི་མདུན་ལ་བཅར་དུས།ཏག་ཏག་ཁོ་ཚོ་རང་རང་ས་ནས་སྐྲ་ཚོགས་ཁ་བས་ཟོས་ཤིང་དུང་སོ་མཐའ་ལ་ཐུག་འདུགཁོ་བ་ཚོས་མི་ཚེ་གཅིག་ལ་དཀའ་སྡུག་ཡོད་རྒུ་ཁྱད་དུ་བསད་པའི་འབྲས་བུར  མིའི་འཇིག་རྟེན་ལས་བློ་གྲོས་མཐའ་དག་བསག་བརྡར་ཡང་ཡང་བྱས་པའི་ཉིང་ཁུས་གྲུབ་པའི་པོ་ཏི་གཅིག་རྒྱལ་བོའི་ཕྱག་ཏུ་ཕུལ།ཡིན་ནའང༌།སྐབས་དེར་རྒྱལ་བུས་དགྱེ་སྒུར་མི་ནུས་ཤིང་སྐུ་ཟུང་ལྕུགས་ལྕུགས་ངང༌། དངོས་འབྲེལ་འདིའང་ཀློག་པའི་སྐལ་བ་ཀུན་ནས་བྲལ།  །

འདི་ནི་རྒྱའི་དཔེ་དེབ<<影响我们一生的忠告>>ཞེས་པ་ལས་བདམས་བསྒྱུར་བྱས

                                                   དུད་སྒྲེང་གིས་བསྒྱུར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གཅིག་སང་ཉིན་གཉིས་ལས་རྒྱལ་བ།

2010-06-16 ཡན་ཡེའུ་ཕེན་གྱིས་བརྩམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།