བསྒྱུར་རྩོམ་ཁག་གསུམ།

                                     ༼བདེ་སྐྱིད་ཀྱི་མིས་གྱོན་མྱོང་བའི་ལྭ་བ།༽

      ཐེངས་ཤིག་ལ་གོང་མ་ཧྲ་ཧུང་ནད་ཀྱིས་མནར།  ཁོ་ན་རེ། སུས་བདག་གི་ནད་གཞི་འདི་དྲག་སྐྱེད་བྱེད་ཐུབ་ན་དེར་རྒྱལ་ཁབ་ཀྱི་ཕྱེད་ཀ་སྟེར་རྒྱུ་ཡིན་ཟེར།  ཕྱོགས་སོ་སོའི་འཇོན་མི་དག་ཡོང་ནས་ཧྲ་ཧུང་གི་ནད་གཞི་བཅོས་ཐབས་ལ་ཞིབ་འཇུག་བྱས། ཡིན་ནའང་སུས་ཀྱང་ཐབས་བཀོད་ཅིག་མ་རྙེད།  སྤྱང་གྲུང་འཛོམས་པས་མི་ཞིག་གིས་ཧྲ་ཧུང་གི་ནད་དེ་བཅའ་ཐུབ་ཟེར།  དེ་ན་རེ།  གལ་སྲིད་བདེ་སྐྱིད་ལྡན་པའི་མི་ཞིག་རྙེད་སོང་ན།  དེའི་རྒྱབ་ཀྱི་གྱོན་པ་ཕྱེས་ཡོང་སྟེ་གོང་མར་བསྐོན་རྗེས་ཧྲ་ཧུང་གི་ནད་གཞི་བདེ་ཐོག་ལ་ཡོང་ངེས་ཡིན་ཟེར།
      གོང་མ་ཧྲ་ཧུང་གིས་བློན་པོ་རྣམས་ས་ཆ་སོ་སོར་བདེ་སྐྱིད་ཀྱི་མི་དེ་འཚོལ་བར་མངགས།   མངགས་མི་རྣམས་ཀྱིས་དུས་ཡུན་ངེས་ཅན་ཞིག་ཏུ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་འཚོལ་ཅི་ཐུབ་བྱས་ཀྱང་བདེ་སྐྱིད་ཀྱི་མི་ཞིག་རྙེད་མ་བྱུང༌།  ཡོད་ཚད་ལ་བློ་ཡིད་ཚིམས་པའི་མི་གཅིག་ཀྱང་མི་འདུག མི་འགའ་ཤས་ཤིག་ལ་རྒྱུ་འབྱོར་ཧ་ཅང་ཆེ་རུང་ནད་ཀྱིས་མནར་འདུག  འགའ་ཤས་ཤིག་གི་ལུས་ཕུང་བདེ་ཐང་ཡིན་རུང་ཧ་ཅང་དབུལ་བོ་རེད། དེར་མ་ཟད་རེ་
འགའ་ཞིག་ལ་དངུལ་ལོར་ཡོད་ཀྱང་ཆུང་མ་གདོན་གྱིས་བསླུས་འདུག  འགའ་ཞིག་གི་བུ་ཆུང་དག་ལང་ཤོར་དུ་སོང་འདུག་སྟེ།  མདོར་ན།   མི་ཡོད་ཚད་ཀྱིས་འཁང་ར་བྱེད་ཀྱི་འདུག
      ཉིན་ཞིག་གི་དགོང་མོར།  མུན་ཧ་ཅང་རུབ་འདུག   གོང་མའི་ལྕམ་མོ་ཤིང་ཁང་ཆུང་ཆུང་ཞིག་ཏུ་འགྲོ་སྐབས།    དེ་གར་མི་ཞིག་ན་རེ།  གནམ་རྒན་མས་མཁྱེན། ལས་ཀ་བསྒྲུབས་ཚར་སོང་ལ་ཕོ་བའང་འགྲངས་སོང༌།  ད་ལྟ་གཉིད་ཀྱི་ཞིང་ཁམས་སུ་འགྲིམ་ཆོག་ཨང༌། ང་ལ་ད་དུང་ཅི་ཞིག་དགོས་སམ་ཞེས་ཁེར་བཤད་བྱེད་ཀྱིན་འདུག 
       ལྕམ་མོ་དགའ་བ་འབུམ་གྱིས་མྱོས་ཏེ་མི་དེའི་རྒྱབ་ཀྱི་གྱོན་པ་དག་ཕྱེ་ཤོག་ཅེས་བཀའ་བསྩལ་ཅིང༌། ཁོ་ལ་སྒོར་མོ་ཅི་ཙམ་དགོས་ན་དེ་ཙམ་བྱིན་ན་གྱོན་པ་གོང་མར་ཕུལ་ཟེར། 
       གཉེར་བ་བདེ་སྐྱིད་ཀྱི་མི་དེའི་ཁྱིམ་དུ་ལྷགས་ནས་དེའི་ལུས་སྟེང་གི་གྱོན་པ་དག་ཕྱེ་བསམ་ཡང་བདེ་སྐྱིད་ཀྱི་མི་དེ་དབུལ་ནག་ཏུ་གྱུར་ནས་རྒྱབ་དུ་ལེན་རྒྱུའི་གྱོན་པ་ཞིག་ཀྱང་མི་འདུག 
             
                                           ༼གཉིད་བཤད་རྒྱག་མཁན།༽

       ང་སྐྱེ་སའི་གྲོང་རྡལ་དེར་རྒན་མོ་མ་སྨད་གཉིས་བསྡད་ཡོད།  ཁོ་གཉིས་ཀྱིས་དུས་རྒྱུན་གཉིད་བཤད་རྒྱག་པ་རེད།
       ཁུ་སིམ་པའི་མཚན་མོ་ཞིག་ལ་མ་སྨད་གཉིས་ཀ་རྨི་ལམ་གྱི་ཀློང་དུ་འཁྱམས་ཤིང་སྨུག་པ་ཟ་ཟི་འཐིབས་པའི་མེ་ཏོག་གི་གླིང་ག་ཞིག་ཏུ་འཕྲད།
       ཚར་སོང༌།  ཚར་སོང༌།    ངའི་གཞོན་ནུའི་ལང་ཚོར་གས་ཆག་བཟོས་ཏེ་ཚེ་སྲོག་གི་རྩིག་ལྡེབས་ངོས་སུ་འཚོ་བ་བསྐྲུན་མཁན་གྱི་དགྲ་ཡ་ཁྱོད་ཡིན་པས་ངས་ཁྱོད་གསོད་ན་འདོད་གི ཨ་མས་སྨྲས།
       ཕེ།  ཞེ་སྡང་ལངས་སྤྱད་ཀྱི་རྒན་མོ་ཁྱོད། ཁྱོད་ཀྱིས་ངའི་རེ་སྨོན་རང་དབང་གི་རང་བཞིན་ལ་བཙན་གནོན་བྱས་ཤིང་བདག་གི་ན་ཆུང་བའི་ཚེ་སྲོག་དེ་ཁྱོད་ཀྱི་རྒས་འཁོགས་ཚེ་སྲོག་གི་ཚབ་མཚོན་བྱེད་པར་ཧམ་སེམས་འཆང༌།  ཁྱོད་མྱུར་དུ་འཆི་བར་ངས་ཅི་འདྲའི་རེ་ཨང༌། བུ་མོས་ཀྱང་ཁ་གྲག་མགོ་བརྩམ།
         སྐབས་དེར།  རྒྱང་རིང་ནས་བྱ་ཕོའི་སྐད་ཅིག་བརྒྱུད་ཡོང་བ་ན།   མ་སྨད་དེ་གཉིས་གཉིད་བཤད་ལས་སད་བྱུང༌།  གཅེས་ཕྲུག་མ།  ཁྱོད་ཡིན་ནམ། ”  ཨ་མས་བྱམས་བརྩེའི་ངང་དྲིས།  བྱམས་ལྡན་གྱི་ཨ་མ་ལགས།  ང་ཡིན། བུ་མོས་སྐད་གཉོམ་པོས་ལན་བྱིན།
          
                                         ༼ ལྗོངས་རྒྱུ་བ་དང་མཁྲེགས་ཤུན་འབྲས་ཤིང༌།༽

           ལྗོངས་རྒྱུ་བ་ཞིག་ཨ་ཐང་ཆད་པས་མཁྲེགས་ཤུན་འབྲས་ཤིང་ཞིག་གི་འོག་ཏུ་བསྡད་དེ་ངལ་གསོ་བྱས་ཤིང་མདུན་ཐད་དུ་སྦ་ཤིང་ཕྲ་མོ་ཞིག་གི་སྟེང་དུ་ནན་ཀྭ་ཆེན་པོ་ཞིག་དཀྲིས་ནས་འདུག
           རང་བྱུང་ཁམས་ཀྱི་སྣང་ཚུལ་འགའ་ཤས་ཤིག་ཧ་ཅང་ཁོངས་ལུང་མེད་པའི་སྐྱག་རྫུན་འབའ་ཞིག་རེད།”  “ གལ་ཏེ།  འཇིག་རྟེན་འདི་ངས་གསར་བསྐུན་བྱས་པ་ཡིན་ན་དངོས་པོ་ཐམས་ཅད་ཀྱི་ཚུགས་ཀ་ནི་དེ་ཚོའི་དང་པོ་ཉིད་ཀྱི་རྣམ་པ་ལྟར་བྱེད་ངེས་ཡིན་ཏེ་ནན་ཀྭ་ཆེན་པོ་དེ་སྲ་མཁྲེགས་ཀྱི་སྡོང་རྒན་སྟེང་སྐྱེ་ཞིང་མཁྲེགས་ཤུན་འབྲས་ཤིང་དེ་སྦ་ཤིང་ཕྲ་མོའི་སྟེང་དུ་དཀྲི་ཤས་ཆེ་ཨང་ ཞེས་ཆིག་ལབ་བརྒྱབ།
          སྐབས་དེར།   མཁྲེགས་ཤུན་ཤིང་ཏོག་ཆུང་ཆུང་ཞིག་སྡོང་མགོ་ནས་ལྷུང་ཡོང་སྟེ་ཁོའི་ཀླད་སྟེང་དུ་ཕོག་པས་ལྗོངས་རྒྱུ་བ་ཧ་ལས་ཧང་སང་དུ་གྱུར་ཞིང་མགོ་བོ་དགྱེ་ནས་སྡོང་བོའི་ཡལ་ག་ལ་ལྟ་བཞིན་ གནམ་རྒན་མ།  ངའི་ང་རྒྱལ་ཁེངས་དྲེག་ལ་གུ་ཡངས་གནང་རོགས། གལ་སྲིད་སྡོང་མགོ་ནས་ལྷུང་ཡོང་བ་དེ་ནན་ཀྭ་ཆེན་པོ་ཞིག་ཡིན་ཚེ་ང་རང་གཅུར་སོང་བ་མིན་ནམ། ཞེས་མནོ་བསམ་བཏང༌།
        རེད་ཡ།  དངོས་པོ་ནི་འདི་འདྲ་ཞིག་སྟེ་བལྟས་ན་མི་འཚམ་པ་ཞིག་ཏུ་སྣང་ཡང་དེ་ནི་ཧ་ཅང་འཕྲོད་མོ་ཞིག་ཡིན་འདུག
                              
                                                                                                                       (རྭ་ཅོ་ནག་པོས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།