མཚོ་མོའི་ཁ་གཏད་དུ། དཔྱིད་ཀྱི་མེ་ཏོག་དྲོད་སྣང་གིས་བཞད།
སང་ཉིན་ནས་བཟུང༌། ང་ནི་བདེ་སྐྱིད་དང་ལྡན་པའི་མི་ཞིག་བྱེད་འདོད།
རྟ་མཆོག་གཉོར་བཞིན།
འབུད་ཤིང་འཐུ་བཞིན།
ཁྱོན་ཆེ་བའི་འཛམ་གླིང་ལ་ཡུལ་བསྐོར་དུ་འགྲོ་ངེས།
སང་ཉིན་ནས་བཟུང༌།
ངས་འབྲུ་རིགས་དང་སྔོ་ཚོད་སོགས་ལ་གཅེས་སྐྱོང་བྱེད་ངེས།
ང་ལ་ཁང་བ་ཞིག་ཡོད།
མཚོ་མོའི་ཁ་གཏད་དུ།དཔྱིད་ཀྱི་མེ་ཏོག་དྲོད་སྣང་གིས་བཞད།
སང་ཉིན་བཟུང༌། བདག་གིས་ཉེ་དུ་ཐམས་ཅད་ལ་འཕྲིན་རེ་སྤྲིངས་ཏེ།
ང་ཡི་བདེ་སྐྱིད། ཁོ་རང་ཚོ་འཆད་དུ་འཇུག་འདོད།
གློག་འོད་བཞིན་འཁྱུག་པའི་བདེ་སྐྱིད་ཀྱིས་བཤད་ཟིན་པ་ཐམས་ཅད།
ངས་ཀྱང་མི་རེ་རེ་མ་ལུས་གསལ་པོར་བརྗོད་ངེས།
གཙང་བོ་དང༌། རི་སྒང་རེ་ལ།
ངས་མིང་སྙན་མོ་རེ་བཏགས་ཤིང༌།
དེ་སྔ་རྒྱུས་མེད་པའི་ཁྱོད་ལ་ཡང་ངས་འདི་ནས་ཁྱེད་ལ་རྟེན་འབྲེལ་བྱེད།
ཁྱོད་ལ་མཐིང་མདོག་གི་ལམ་བུ་ཞིག་ཡོད་པར་སྨོན་ཞིང༌།
ཁྱོད་རང་སྙིང་ནས་དུངས་པའི་མི་དེ་དང་མཉམ་དུ་འདུག་ཐུབ་པར་སྨོན།
འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ན།
ཁྱོད་ལ་རང་གི་ཚོད་ཀྱི་བདེ་སྐྱིད་ཅིག་ལྡན་པར་ཤོག
༢༠༠༩ལོའི་ཟླ༡༠པའི༢༩
རྩོམ་ཁུངས། ངེད་དྲ་བ།