ཚེ་སྲོག་ནི་ནམ་ཡང་མཛེས་སྡུག་ལྡན་པ་ཞིག་ཡིན།
སུན་སྣང་མང་དྲགས་པ་མ་ཡིན་ཏེ
ཡིན་རྒྱུ་ནི་ང་ཚོའི་བྲང་ཁོག་དེ་འདྲའི་ཡངས་རྒྱུ་མེད་པས་ཡིན
བདེ་སྐྱིད་ཉུང་དྲགས་པ་མ་ཡིན་ཏེ
ཡིན་རྒྱུ་ནི་ང་ཚོས་ད་དུང་འཚོ་བ་ཇི་ལྟར་རོལ་དགོས་བ་ཤེས་མེད་པས་ཡིན
སེམས་སྨྲེང་དུས སྙན་ངག་ཚན་པ་གཅིག་འབྲི་བའམ
ཡིད་མགུ་དུས གླུ་ཞིག་ལོངས་དང་
ནམ་མཁའ་ནས་ཅི་ཞིག་ཐང་ལ་ལྷུང་འོང་རུང་
ཚེ་སྲོག་ནི་ནམ་ཡང་མཛེས་སྡུག་ལྡན་པ་ཞིག་ཡིན
—————མར་ཁུ་རྒྱལ་མཚན་གྱིས་བསྒྱུར།
རྩོམ་ཁུངས། ངེད་དྲ་བ།