མུ་ལྟོ་བ།
ཨུ་རུ་སུའི་ཐུའུ་ཀུན་ཉན་ཧྥུའུས་བརྩམས།
ངས་སྲང་ལམ་བརྒྱུད་དུས་ཟུངས་ཟད་པའི་མུ་ལྟོ་བ་ཞིག་གིས་ང་རང་བོས་བྱུང་། སྐྲངས་འབུར་དང་མཆི་མས་
ཁེངས་པའི་མིག་ཟུང་། སྔོན་པོར་གྱུར་བའི་མཆུ་སྒྲོས། ཧྲལ་ཧྲུལ་གྱི་གྱོན་གོས། ནག་བཙོག་ཏུ་ལུས་པའི་རྨ་ཁ། ཀྱི་ཧུད། དབུལ་
འཕོངས་ཀྱིས་ལས་ངན་པའི་ཚེ་སྲོག་ལ་མནར་གཅོད་འདི་འདྲར་བཏང་འདུག
ཁོས་ང་ལ་སྐྲངས་དམར་དང་བཙོག་པར་གྱུར་བའི་ལག་པ་ཡ་གཅིག་ཚུར་བསྲིངས་བྱུང་། མགྲིན་པ་བརྣངས་ཞོར་ངག་
ལྡབ་ལྡིབ་ཅིག་གིས་ཁོ་རང་རྒུད་པ་ལས་སྐྱོབ་པའི་རེ་བ་འདོན་གྱིན་མཆིས། ངས་ཨམ་ཕྲག་ཡོད་ཚད་བསློགས་བསློགས་ན་ཡང
་དངུལ་ཁུག་མ་རྙེད་ལ། བྲང་འདོགས་ཆུ་ཚོད་འཁོར་ལོ་ཡང་ལག་སོན་མ་བྱུང་། ཐ་ན་ལག་རེས་དུམ་བུ་ཞིག་ཀྱང་མེད་སོང་། ངའི་ལུས་སྟེང་དུ་ཅི་ཡང་བཟུང་མི་འདུག
ཡིན་ཡང་མུ་ལྟོ་བས་ཚུར་ང་ལ་བསྲིངས་པའི་ལག་པ་འདར་འདར་ངང་སྔར་བཞིན་སྒུག་ཡོད། ངས་ཅི་བྱ་འདི་བྱ་མི་ཤེས་
པའི་སྐྲག་སྣང་དང་འདུག་མི་བཟོད་པའི་ངོ་ཚ་འདྲེས་མ་ཞིག་གིས་འོག ཁོའི་འདར་བཞིན་པའི་ལག་པ་ནག་ཙོག་དེར་དམ་
པོར་འཇུས་ཏེ “ཁྱེད་ཀྱིས་ཡ་མཚན་མ་འདོད། རྒན་པ་ལགས། ངས་ཅི་ཡང་བཟུང་མེད། རྒན་པ་ལགས།”
མུ་ལྟོ་བས་སྐྲངས་འབུར་དུ་གྱུར་བའི་མིག་ཟུང་གིས་ང་ལ་གཟབ་ཀྱིས་བལྟས་བྱུང་ལ། སྔོན་པོར་གྱུར་བའི་མཆུ་སྒྲོས་ཀྱང་
འཛུམ་ཙམ་བྱས། ཁོས་ཀྱང་ངའི་གྲང་འཁྱགས་ཀྱི་ལག་པར་དམ་དུ་འཇུས་ནས “སྐྱོན་མི་འདུག སྤུན་ཆུང་།”ངག་ལྡབ་ལྡིབ་
ཀྱིས་ལབ་ལ “འདིའི་ཆེད་ཀྱང་བཀའ་དྲིན་ཞུ་འོས། འདི་ཡང་སྦྱིན་པ་ཞིག་རེད་ཡ། སྤུན་ཆུང་།” ཞེས་སྨྲས་བྱུང་།
ངས་ཚོར་བྱུང་། ང་ཡང་ངའི་རྒན་པ་ལགས་ཀྱི་སྦྱིན་པ་ཐོབ་འདུག
1878ལོའི་ཟླ2པར།
2010.01.27ཉིན་མགོ་ལོག་ནས་བསྒྱུར།
རྩོམ་ཁུངས། ངེད་དྲ་བ།