སྒྲོན་འོད་དང་པོ།
འདབ་ཆགས་བྱ་ཡིས་རྡེ་འུ་མིད་དེ་ཟས་རིགས་འཇུ་བའི་གྲོགས་སུ་གྱུར།།
རི་དྭགས་རྣམས་ནི་མེ་ལ་འཚེར་ཡང་མི་ཡིས་མེ་སོན་དཔལ་དུ་བསྐྲུན།།
ཉི་མའི་འཆར་ནུབ་འགྲོས་དང་བསྡེབས་ན་བདེ་སྣང་ལས་བསོད་འབྱུང་མོད་ཀྱང་།།
འོན་ཏེ་བདག་གིས་གནམ་འོག་འདི་ཡི་སྒྲོན་འོད་དང་པོར་བསྔགས་པ་བརྗོད།།
(འདོད་རྩེ་བཀྲ་ཤིས་ཀྱིས་བསྒྱུར།)
སྒྲོན་མེ་དང་པོ།
པེན་ཀྲི་ལེན་གྱིས་མཛད།
བྱ་ཡིས་རྡེའུ་གཟེགས་ཁྱུར་མིད་བཏང་སྟེ་ཟས་རིགས་འཇུ་བའི་གྲོགས་སུ་བསྟེན།།
གཅན་གཟན་དག་གིས་མེ་འོད་མཐོང་ཚེ་འཇིགས་ཤིང་སྐྲག་སྟེ་གཞན་དུ་བྱེར།།
འགྲོ་བ་མི་ཡིས་མེ་ཁ་གསོས་པ་ཤེས་རིག་དར་བའི་རྟགས་སུ་མངོན།།
ཉིན་བྱེད་ལ་འགྲོགས་འཆར་ནུབ་བྱེད་ལྟར་ཉིན་མཚན་སྐྱེལ་བས་ལས་བཟང་ཡང་།།
བདག་གིས་ད་དུང་བསྔགས་པས་མི་ངོམས་མི་ཡུལ་སྒྲོན་མེ་དང་པོ་ཉིད།།
(རབ་བརྟན་རྒྱ་མཚོས་བསྒྱུར།)
རྩོམ་ཁུངས། ༢༠༠༥ལོའི་སྦྲང་ཆར།