མེ་ཏོག་སྲུང་མཁན་མ།
༡
བདག་གི་སྙིང་ཉེ་ལགས འདས་སོང་གི་ལོ་ཟླའི་ཁྲོད
ཁྱེད་ཀྱི་སྙན་ངག་པས ལོ་རྒྱུས་ཀྱི་རུས་རྐང་ན་འཛགས་པའི
དཔའ་བོའི་རྔུལ་ཁྲག་གི་མཛད་བྱང་དྲོན་མོ སྙན་ངག་གི་སྨྱུག་རྩེར་དྲངས་མྱོང
༢
ཨ་ཁ བག་མེད་ཀྱི་བར་གླགས་དེ་ནས
ངས ཁྱེད་ཀྱི་རྐང་གདུབ་གྱི་སིལ་སྒྲར་རྡོག་པས་སྣུབ་སྟེ
ཁྱེད་ལ་འཇགས་མེད་ཀྱི་ན་ཟུག་བསླངས
༣
སྙན་གྱི་དབྱངས་སུ་འཐིམ་པའི་འགྱུར་ཁུག་དེ
ཁྱེད་ཀྱི་རྡོག་སྣེ་རུ་ལྷོད་ཀྱིས་འཐོར
༤
གཡུལ་ས་རྙིང་མའི་མཛོད་ཀྱི་བདག་གི་དངོས་ཟོང་ཡོད་ཚད
དགོད་སྒྲའི་རླབས་ཀྱིས་སྤུར་ཏེ
མིག་ཀོང་གི་མཆི་མར་བརླན་ཞིང་སིམ
༥
ཕམ་ཁ་འདི ཁྱེད་ཀྱིས
གློ་བ་ཉེ་ཉེ་ཡི་ངང ང་ལ་ཕུལ་བ་ཡིན་ཀྱང་སྲིད
ང་ཡི་སྙིང་ཉེ་ལགས
༦
གལ་ཏེ ངའི་རེ་སྙེག་གི་དུང་ཞེན་དེ
འཆི་བདག་གིས་ལྷག་མེད་དུ་བཅོམ་རྗེས
གཏན་དུ་ཡལ་བ་མེད་པའི་སྙན་གྲགས་སུ་འཁྲི་ན
ཚེ་སྲོག་གི་གསོན་ཤུགས་འདི་ཉིད ད་ལྟ་རང་ནས
སྙན་གྲགས་ཀྱི་རྒྱུ་རུ་བསྔོ་རོགས
༧
ངས ཐོབ་ཤོར་འདིའི་སླད་དུ
ཕམ་ཁ་ཡི་མྱ་ངན་མི་གྱོན
༼ན་བུན་གྱིས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།