ལྗིད་ཏིག་ཏིག་གི ང་ཡི་སྙིང་།
གདུང་དབྱངས་ཤིག་གིས་ལྕི་བའི་སེམས་པ་འདི
ཡལ་ག་ནས་སྨིན་ཞིང ཤིང་འབྲས་རུལ་མྱགས་དང་འདྲ་རུང
ཁྱེད་ལ དེའི་ཁམ་གང་ཙམ་ཡང་གཏད་མི་སྲིད
དུངས་སྣང་གི་སྡུག་ཡུས་འདི ང་ལའང་མི་དབང
སྲོད་ཁའི་ནང་མོ་རེར
གཡོ་སྦྱར་གྱི་མཆུ་ཏོ་དག ཕར་ལ་ཆས་ཤིང་ཚུར་ལ་རུབ་འོངས
མག་མོག་ཡིན་པའི་དགོང་ཁར
ཁུར་དུ་ལྕི་ཞིང མ་ཐེག་པའི་སིལ་ཏོག་ལྟ་བུའི་སེམས་པ
ས་རུ་ཟགས་འདུག་ན ཁྱེད་ལ་བདག་པར་གྱིས་ཤིག
སུས་ཀྱང་མི་ཚོར་བའི་དེ
6/5/2012 ཉིན་མོར།
༼ན་བུན་གྱིས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།