སྟོན་ཀའི་བསིལ་གྲིབ།
བདག་གི་གྲིབ་མ་ཉིན་ཕྱེད་བར་འགུལ
སྔ་མོ་ནས་རྨེག་མེད་དུ་རྒུམ་པ་ནང་བཞིན
ང་རང ཕྱག་རྒྱ་དེའི་ནང་རོལ་ཏུ་འགྲེང་མོད
རྐྱེན་འབྲསགཉིས ས་དེ་རུ་གདོང་ག་གཞུས
ཕྱིར་འདང་གི་དྲོ་འཁྱག་བར་ན
བརྩེ་བ་དང་ཕྱོགས་ལྷུང་ཁྱབ་པའི་རང་དབང་གི་དུས་ལ་འཁེལ
བྲེད་ཤའི་སིག་འདར་དང་འོད་ཀྱི་ཟེགས་མ་ཟུང
སླར རླུང་བུའི་མེ་ངོགས་སུ་བཙང
གང་ལ་ཡང་གོ་རིམ་དང་འདོར་ལེན་མེད་ཅིང
ཁོམ་ལོང་བར་གྱི་བསིལ་རླུང་འཇམ་པོས
ཉལ་ཐའི་མེ་ཏོག་གིས རང་གི་ཞི་ཞིང་འཇམ་པའི་འདབ་མར་ནོངས་བ་ལའང་ཡོ་བ་བསྲང
དགའ་ཉེ་ཡི་ངུ་ཤུམ་བགྱིས
སེམས་ཆུང་ངམ་གོད་ཆག་དག
ཟུར་འཇོག་གི་ཚུལ་གྱིས བཙོན་ཏུ་བཅུག
འཆར་ཡན་དང་རང་ཉིད སོ་སོར་གྱེས་ཤིང མགྲིན་པའང་བརྣངས
རྨས་ལ་ཤི་བའི་གཤིན་པོས ང་ལ་འགོག་རྒོལ་བྱས་རུང
ང གནས་དེ་རང་ཙོག་པུར་བསྡད
དུས་ད་ལ་ཐུག་གི་བར བདག་ནི
ཉམས་པ་མེད་ཅིང སྤོབས་སེམས་ཀྱིས་འགྱིངས
རྟོགས་སད་དང་བག་ཟོན་གྱི་ཀློང་ནས་གསོན
༼ན་བུན་གྱིས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།