ཐེ་ཀོར་གྱི་སྙན་ངག་ཚན་པ་གཉིས།

     སྤྱི་ལོ་1913 ལོར་ནོ་པེ་ཨར་རྩོམ་རིག་གཟེངས་རྟགས་བཞེས་མཁན། རྒྱ་གར་གྱི་དེང་རབས་རྩོམ་རིག་སྒྱུ་རྩལ་གྱི་མེས་པོ་རུ་འབོད་པའི་བྷན་གྷ་ལཱེའི་སློབ་གསོ་མཁན་དང་། སྒྲུང་རྩོམ་རྩོམ་པ་པོ།   སྙན་ངག་པ་རཱ་བྷན་དྷ་རཱ་ན་ཐི ཐེ་ཀོར (1861-1941) གྱི་སྙན་ཚིག་ཁག་གཉིས།
 
    དབུལ་ཞིང་ཕོངས་པའི་སེམས།
སེམས་ནི རེངས་ཤིང་རྔོད་དུས
ཆར་དུ་བསྙིལ་བའི་སྙིང་ཉེ་ཉེ་ཡི་ལག་ཟུང
བདག་ལ་འཁྱུད་ཀྱང
བྱམས་དུང་དུང་གི་འཛུམ་རིས བླ་ནས་འཐོར་བའི་དུས་ཚིགས་དེར
སེམས་ནི མགྲིན་པའི་གྲེ་འགྱུར་སྙན་མོའི་བྲག་ཅ་འཁོར་བྱུང
 
འགལ་འདུའི་ཡོ་ལང་མཁའ་རུ་སྙེག་ཏེ
ཁོ་བོ རྒྱབ་ཕྱོགས་ནས་རྒྱང་དུ་སྤྱུགས་སྐབས
བདག་གི  ཁ་མི་གྲག་པའི་གཙོ་བདག
ཞི་དུལ་དང་བག་ཡངས་ཀྱི་གོམ་ཁ བདག་ཕྱོགས་སུ་བསྒྱུར
 
ཉམ་ཆུང་གི་སེམས་པ་འདི་ཀོ
ཟུར་གདུང་ཞིག་ཏུ་ཁུ་སིམ་མར དཀྱིལ་དྲུང་གིས་ཙོག་བུར་སྡོད་དུས
བདག་གི་མངའ་བདག སྒོ་མོ་སིལ་བུར་གཏོར་ནས
 ཁྲི་འདོན་རྗེ་བོ་ཞིག་གི་ཚུལ་བཞིན་ཕེབས
 
འདུན་པས་ནི ཐལ་རྡུལ་དང་འཁྲུལ་སྣང་གི་བློ་མིག་སྒྲིབ་དུས
ཁྱེད་ནི འཕགས་མཆོག་དམ་པ་དེ མེལ་ཚེ་བ་བཞིན
རང་གི་གཟི་འོད་དང རང་གི་ང་རོ་སྒྲོག་གིན་བཅར
 
         རང་དབང་།
ཆག་འཇིག་གི་སེར་ཁ་ནས་གཏར་བའི་རང་དབང་ནི་རང་དབང་ཉིད་ན
བདག་གི་མེས་པོའི་ཕ་གཞི་ལགས  ངས་ནི
ཁྱེད་ཀྱི་བདེ་དྲོད་འཁྱིལ་བའི་རུམ་ཁོང་དེའི་སླད་དུ
ཁེ་དབང་འདིར་ཅིས་ཀྱང་བསྔོ་བར་མོས
 
ལོ་ཟླའི་རྡོག་ཁྲེས་ཀྱི་འཁུར་བའི་རང་དབང་གིས
ཁྱེད་ཀྱི  མཐོ་བའི་མགོ་འཕང་སྨད་ཅིང
སྲ་བའི་སྒལ་ཚིགས་དག་སིལ་བར་གཏོར
ད་དུང  སང་ཉིན་གྱི་འབོད་བརྡའི་མིག་ཟུང་དེ
སྨག་སྟུག་གེར་སྒྲིབ་ཡོང
 
གང་ཞིག་ལ་གོམས་སོང་བ་ལྟ་བུའི
གཏི་མུག་གི་འཆིང་ཐག་སྒྲོག་པའི་རང་དབང་གིས
སྟོང་ལྷང་ལྷང་གི་མཚན་ངོགས་སུ ཁྱེད་ནི
ཁྱེད་རང་ཉིད་ལ་དམ་དུ་སྦྲེལ་ཅིང
བདེན་ལུགས་ཀྱི་ལམ་ཕྲན་ཡངས་པར་འཁྲིད་པའི
སྐར་འོད་ལ་ནི་བག་ཟོན་བྱས
 
འཁྲུག་ལོང་གི་རླབས་རྩེར་སྐྱོམ་བའི་རང་དབང
ལས་འཕྲོར་སྨིན་པ་ཇི་བཞིན
གཏོལ་མེད་ཀྱི་རླུང་བུར་ངང་གིས་འཁྱུད་པའི་གཡོར་གྲུ་ཞིག
ད་དུང    གྲུ་ཁ་སྒྱུར་བའི་ལག་པ་ཟུང
གཤིན་པོ་ཞིག འཁྱགས་ཤིང་རེངས་བ་དང་འདྲ་བྱུང
 
གསང་ཐག་ལྷ་མོའི་འཇིག་རྟེན་སྟེང
མཐོང་ཆུང་དང་ཁྱད་གསོད་འཛུམ་པའི་རང་དབང་བཞད
 
གནས་དེ་རུ འཆི་ཁ་མའི་འཕག་འཚག་རེ་རེ
ཀླད་མེད་ཅོལ་ཆུང་གི་རྒྱུད་ནས་འགོ་བརྩམས་ཤིང
བློ་མིག་བསུམ་པའི་ངང་གཤིས་ཤིག་ལས
ཡང་ནས་བསྐྱར་དུ་ཟློས
 
གནས་དེ་ན་ད་དུང བེམ་གཟུགས་དག
བག་འཁུམས་པའི་སེམས་ཁ་རེ་བསྙེས་ཏེ    
གང་ཞིག་ལ་རེ་ཞིང་འཁྲེངས
བདག་ཉམས་སྟོན་པའི
སྐྱེས་ཆེན་ཚོའི་ངག་ལ་འདུར་དྲགས་པས
སྐྱི་གཡའ་བའི་འཚོ་སྟངས་ཤིག་ལ་ཡུན་གྱིས་འབྱར
           31/3/2012 གླས་ཤག་ནས།   
              (ན་བུན་གྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐེ་ཀོར་གྱི་སྙན་ངག་ཚན་པ་གཉིས།

2012-04-03 ཐེ་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།