གྲིབ་མའི་རྒྱལ་ཁམས།
༡
སྐབས་འདིར་བདག་གིས་ཀྱང་ཡུལ་ལྗོངས་ཤིག་མཐོང་བྱུང
རང་དབང་གི་ཡུལ་ལྗོངས་ཤིག
གྲིབ་གཟུགས་འདིའི་ནང་དུ་ཆགས་འདུག
༢
གྲིབ་གཟུགས་འདི
འཚོང་ཐབས་ཡོད་པ་མ་རེད
༣
རྒྱ་མཚོ
གྲིབ་མས་བརྟོལ་ཐུབ་ལ
དུས་ཚོད་ཀྱང་དེ་བཞིན་ནོ
༤
གྲིབ་གཟུགས་ཀྱི་འཐབ་འཁྲིག་ནི
རོལ་རྩེད་ཅིག་དང
གྲིབ་གཟུགས་ཡལ་བར་གྱུར་ན
གྲིབ་གཟུགས་ཀྱི་འོད་སྣང་གཞན་ཞིག་གི་ནང་དུ་འགྲེངས་ཆོག
༥
གྲིབ་གཟུགས་ནང་དུ་འཚོ་བའི་མི
དམར་གསོད་བྱེད་ཐབས་བྲལ
༦
མཚམས་རེར
ང་ནི་རང་གི་གྲིབ་མའི་ཁྲོད་ནས་ཕྱིར་བུད་དེ
ཅུང་ཙམ་བསྡད
༧
འོད་སྣང་ལ་དགའ་བའི
གནའ་མི་དག
ངེས་པར་དུ་ཕྱིར་ནུར་ཏེ
གྲིབ་གཟུགས་ཁྲོད་འཛུལ་དགོས
༨
གྲིབ་གཟུགས་སྟེ
ཉི་མ་ལས་ཀྱང་འོད་གསལ་བའི
རང་དབང་གི་གཟུགས་བརྙན་འཁྱགས་པ་ཞིག
༩
གྲིབ་གཟུགས་ཀྱི་ནང་དུ་ཡོངས་སུ་འཐིམ་པའི
བདག་གི་གྲིབ་མ་ནུབ་པར་གྱུར
༡༠
གྲིབ་གཟུགས་ཁྲོད་དུ
སྐབས་འདིར་བར་གླེགས་ཤིན་ཏུ་ཡངས
(གངས་ཀྱིས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།