དུས་རབས་འདི་སྐྱེལ་མ་བྱ།
འུ་ཚོའི་དུས་རབས་ཉི་ཤུ་པ། གཞན་དག་ལས་ཅུང་ལེགས་པར་འཁུམས་སེམས་མོད།
དཔང་དུ་འཇོག་པའི་དུས་ནི་མི་གདའ།
ལོ་ངོ་འདི་དག ཚང་བརྩིས་བྱས་ཚེ།
གང་དེའི་རྡོག་སྒྲ་འཁྱོར་ཞིང་།
དབུགས་ཐག་ཀྱང་ཆད་ལ་ཉེ།
དཔག་མ་ནུས་པ་མང་པོ་ཞིག
སྔ་མོ་ནས་བྱུང་ཟིན།
འབྱུང་ཡང་ངེས་པ་གང་ཞིག
ད་དུང་། ལྷག་འདུག
དཔྱིད་ཀྱི་གོམ་སྟབས་ལམ་ལ་ཆས་ཀྱང་།
བདེ་བ་ནི་གཞན་དག་གི་བར་སེང་ན་ཡན་འདུག
འཇིགས་སྐྲག་གིས་རི་ལུང་བརྒལ་ཞིང་།
བདེན་པ་ནི། སྐྱག་རྫུན་གྱི་སྔ་རོལ་དུ་ཡལ་བར་སྣང་།
ལྟོགས་སྐོམ་དང་། གཡུལ་འཁྲུག་ལྟ་བུའི་ཆག་འཇིག་ཉམ་ང་བ་དག
འདས་ལོག་རྒྱག་མི་སྲིད་ན།
དུངས་ཞེན་དང་། ཡིད་རྟོན།
ད་དུང་འགན་མི་སྲུང་བའི་འགན་ཁུར་ལ།
བརྩི་འཇོག་བྱ་འོས།
ས་སྒང་འདི་ཉིད། ལོངས་སུ་སྤྱོད་འདོད་མཁན་གང་དེས།
འོས་འགན་ལྗིད་པོ་རེ་ཐོལ་གྱིས་བསུ།
གླེན་ཞིང་ལྐུགས་པ། དགོད་བྲོ་བ་མིན་ལ།
མཁས་ཤིང་མཛངས་པ་ཉམས་དགའ་བའང་མ་ཡིན།
30/2/012 དགོང་མོ།
(ན་བུན་གྱིས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།