དབྱིན་ཡིག་ནས་འགྱུར་བའི་སྙན་ངག་ཚན་པ་གཉིས།

   དབྱིན་ཇིའི་སྙན་ངག་མཁན་པོ། (William Wordsworth) ཝོར་སྒྲི་ཝོར་ཐི་ཡི་སྙན་ངག་ཚན་པ་ཞིག
མཉམ་འཇོག་རེ་བྱེད་དུས། ངའི་བྲང་ཁོག་གི་སྙིང་ཡར་དྲག་ཏུ་མཆོང་གིན་འདུག
འཇའ་ཚོན་ཞིག་མཁའ་དབྱངས་སུ་རྒྱུ་བ།
བདག་གི་མི་ཚེ་འགོ་བརྩམས་དུས་ཤིག
བདག མི་རུ་ནར་སོན་དུས་དང་།
བདག རྒས་པའི་དུས་ཤིག་གམ་འཆི་བའི་སྔ་ལྟས་ཤིག་ཡིན་ཀྱང་སྲིད།
 
བྱིས་པ་དེ། ན་གཞོན་དེའི་ཕ་རྒན་ཆགས་འདུག
ལྷན་སྐྱེས་སུ་གྲུབ་པའི་དད་སེམས་དེས།
བདག་གི་ཉིན་མོ་རེ་རེ་བཞིན་འཆང་སྡོམ་བྱ་བར་ངས་རེ་སྨྱོན་བྱ་ངེས།
 
  ཕོ་ལན་གྱི་སྙན་ངག་པ། (Wislawa Szymborska) ཝེ་ཟི་ཝ་ཞེམ་བྷོར་ཟི་ཁཱའི་སྙན་ངག་ཚན་པ་ཞིག
གཡུལ་འགྱེད་རེ་རེའི་རྗེས་སུ།
དངོས་པོ་གང་ཞིག། སྒེར་ཚུགས་ཀྱིས་ཡར་འགྲེང་ཐབས་བྲལ་ན།
མི་བུ་ག་གེ་མོ། གད་དར་གྱི་ལས་ལ་ཞུགས།
 
མི་ཚོས། ས་ཕག་དང་རྡོ་ཧྲུག་དག
ལམ་ཟུར་དུ་ཟློག་ཚེ།
ད་གཟོད། མི་རོ་བྱུར་བུར་གཏམས་པའི་འདྲུད་འཁོར་དག་བརྒལ་ཞིང་མཆིས།
 
མི་ཞིག ཁྲག་དམར་གྱིས་སིམ་པའི་གོས་ཧྲུལ་དང་།
ཧྲུག་ཆག་ཏུ་སོང་བའི་ཤེལ་སྒོ།
ཟད་སློག་སློག་གི་འབོལ་སྟེགས།
ད་དུང་། བཙོག་སྙིགས་དང་། ཐལ་རྡུལ་སོགས་ཀྱིས་རྫོབ་པར་འདུག
 
མི་ཞིག་གིས། རྩིག་གྱང་འདེགས་སྐྱོར་གྱི་གདུང་མ་ཞིག་ནང་དུ་དྲུད་འོང་ངེས།
ཡང་། རྒྱ་སྒོ་ཞིག་བསྐྱར་དུ་སྦྱར་ནས།
སྒེའུ་ཁུང་ལ་ཤེལ་ལེབ་ཞིག་ལྷན་ཡང་སྲིད།
འོན་ཏེ། བཀྲག་མདངས་ཀྱིས་ཕོངས་ནས་ལོ་མང་ཕྱིན།
པར་ཆས་ཡོད་ཚད་གཡུལ་འཁྲུག་གཞན་ཞིག་ཏུ་མཆིས།
 
ང་ཚོར་མེ་འཁོར་ས་ཚུགས་གསར་བ་ཞིག་དང་།
ཟམ་པ་འགའ་བསྐྱར་དུ་མཁོ་ཆེ་ཨང་།
ཕུ་ཐུང་དག ལྟེབ་རྩེག་གི་ཤུར་མོ་ནས་སྡིག་འོང་།
 
ཕྱགས་མ་ཐོགས་པའི་སྐྱེས་བུ་ཞིག་གིས།
སྔར་བཞིན། སྔོན་མའི་གང་དེ་ཕྱིར་དྲན་བྱ།
མི་བུ་ཞིག་གིས་གཟབ་ནས་ཉན་གྱིན།
བདེན་ཁའི་མགོ་བོ་ལྕོག་ལྕོག་བྱས།
ཡིན་ཡང་། གཞན་ཚོས་སྔ་མོ་ནས་དེ་གླེན་རྟགས་ཤིག་ཏུ་རྟོགས་ནས་རྨོངས་ཤིང་འཐོམས།
 
ཤིང་མ་ལྡུམ་དེའི་ལྟག་རྒྱབ་ན།
སྐབས་འགར། མི་ཞིག་གིས་སྔར་ལྟར།
བགམས་ཟིན་པའི་རྩོད་གླེང་བཙའ་རོ་མ་དག་ཕྱིར་བསྔོགས་ནས།
རྩོག་སྙེགས་ཕུང་གསོག་ཏུ་འཁྱེར་གྱིན་གདའ།
 
གནས་འདི་རུ། དོན་གང་ཞིག་བྱུང་བ་རྟོགས་མཁན་ཚོས།
རྟོགས་སྣང་ཅི་ཡང་མེད་མཁན་ཚོར་ལམ་ཙམ་སྟོན་ངེས།
རྩ་བ་ནས་མི་རྟོགས་མཁན་ཚོས་དེ་ཙམ་ཡང་སྟོན་མི་འགྱུར་ལ།
མཐར། གང་དེའི་རྒྱུད་ན་ཤུལ་ཙམ་ལས་ཡོད་མ་ཡིན།
 
རྒྱུ་རྐྱེན་དང་རྒྱུ་མཚན་མོད་པོ་ཞིག་རྩྭ་ཐང་སྟེང་འཕེལ་ཞིང་སྐྱེད།
མི་ཚོས་གླལ་སྒྱིང་རེ་བྱས་ཤིང་།
ཁ་ལ་གྲི་ལྟར་རྣོ་བའི་འཇག་རྩྭ་བཟུང་ནས།
སྤྲིན་འཁྲིགས་པར་མིག་འབྲས་གཉིས་ཧུར་རེར་བལྟས།
               28/2/012 ཉིན་གླེས་ཤག་ཏུ།
                ༼ན་བུན་ནམ་པདྨ་རྒྱལ་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱིན་ཡིག་ནས་འགྱུར་བའི་སྙན་ངག་ཚན་པ་གཉིས།

2012-03-01 William Wordsworth ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།