འཆི་བ་ནི་འཚོ་གནས་ཀྱི་ཆེད་དུ་རེད།

སུ་ལྦན་མེ་བྷུ་རམ་སྒྲེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-17

  ང་ཚོ་ནི་འགྲོ་བ་མི་རེད། ང་ཚོས་རང་ཉིད་ལ་འགྲོ་བ་མི་རུ་འབོད་དོན་ཅི་ཞིག་ཡིན་ནམ། ང་ཚོས་རང་ཉིད་ལ་འགྲོ་བ་མི་རུ་འབོད་པའི་རྒྱུ་མཚན་ནི་ང་ཚོ་ལ་དུད་འགྲོ་རྣམས་ལས་ཕྱིའི་ཆགས་དབྱིབས་མི་འདྲ་བ་ཞིག་དང་ནང་བསམ་བློའི་རང་བཞིན་མི་འདྲ་བ་ཞིག་ལྡན་པ་རེད། འོན་ཀྱང༌། ཕྱིའི་ཆགས་དབྱིབས་འདིའི་ཆ་ནས་ང་ཚོ་ནི་གཅིག་མཚུངས་ཀྱི་དངོས་པོ་ཞིག་སྟེ། འགྲོ་བ་མིའི་ཅི་ཞིག་ལོངས་སུ་སྤྱོད་བཞིན་པ་དེ་དུད་འགྲོས་ཀྱང་ལོངས་སུ་སྤྱོད་བཞིན་ཡོད་དོ།།
  འགྲོ་བ་མིའི་ཕྱིའི་ཆགས་དབྱིབས་དེ་རང་བྱུང་ཁམས་ཀྱིས་གྲུབ་པ་དང༌། འགྲོ་བ་མིའི་ཕྱིའི་ཆགས་དབྱིབས་འདི་ནས་ང་ཚོ་འགྲོ་བ་མི་རུ་འགྱུར་དགོས་བྱུང་བ་རེད། རང་བྱུང་ཁམས་ཀྱིས་ང་ཚོ་འགྲོ་བ་མིའི་ཕྱིའི་ཆགས་དབྱིབས་ལ་སེམས་ཟེར་བའི་ལག་ཆ་ཞིག་གནང་བ་དང༌། སེམས་འདི་ནས་ང་ཚོས་རང་ཉིད་རང་གིས་མཐོང་བར་འགོ་ཚུགས་པ་རེད། ང་ཚོས་རང་ཉིད་ཀྱི་ནང་སེམས་ཁམས་སུ་འཚོལ་ཞིབ་བྱེད་སྐབས། ང་ཚོས་རང་ཉིད་ཀྱི་རང་བཞིན་དང༌། འཇོན་ཐང༌། བློ་སྟོབས་རྣམས་རང་ཉིད་ལ་ངོ་སྤྲོད་ཐུབ་ངེས། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་བསམ་གཞིག་གི་སྒོ་ནས་ང་ཚོའི་འཚོ་བ་རོལ་དགོས། གལ་ཏེ། ང་ཚོས་རང་ཉིད་རང་གིས་ངོ་ཤེས་ཚེ། ང་ཚོ་འགྲོ་བ་མིའི་ཕྱིའི་ཆགས་དབྱིབས་དེ་རིམ་གྱིས་འགྱུར་བ་དང་འཕེལ་རྒྱས་སུ་འགྲོ་བའོ། །དེ་དང་བསྟུན་ནས་ང་ཚོའི་སེམས་པའི་འདུ་ཤེས་དང་སྙིང་སྟོབས་དེ་ཡང་འཕེལ་རྒྱས་སུ་འགྲོ་ངེས།  
  གདོད་མའི་དུས་སུ་འགྲོ་བ་མིའི་རིགས་ཤིང་ནགས་ཁྲོད་གནས་ཞིང་དུད་འགྲོ་ལྟར་ཤིང་འབྲས་དང་རྩི་ཤིང་རིགས་ལོངས་སུ་སྤྱད། ཁོ་ཚོའི་ཕྱིའི་ཆགས་དབྱིབས་ནི་འགྲོ་བ་མིའི་རིགས་ཡིན་ཀྱང༌། རང་ཉིད་འཚོ་བའི་ཁོར་ཡུག་ཁྲོད་དུ་ཤེས་བྱའི་གོ་རྟོགས་མེད་པར་འཚོ་ཞིང་གནས་པ་རེད། འཕེལ་འགྱུར་གྱི་བརྒྱུད་རིམ་ལ་བརྟེན་ནས་ རིམ་གྱིས་ཤེས་བྱའི་གོ་རྟོགས་ སད་ནས། ཤིང་ནགས་ཁྲོད་གནས་པའི་མིའི་རིགས་དེ་ཤེས་བྱའི་གོ་རྟོགས་དང་ལྷན་དུ་འགྱུར་བར་མགོ་བརྩམས་ཏེ། ད་ལྟའི་ང་ཚོའི་གནས་བབས་འདིར་སླེབས་པ་རེད། འཕེལ་འགྱུར་ནི་རྩོད་མེད་དང་རང་བྱུང་ཁམས་ཀྱི་བྱ་བའི་བརྒྱུད་རིམ་ཞིག་ཡིན་སྟབས། ང་ཚོར་བྱ་དངོས་མང་པོ་ཞིག་ད་དུང་འཐུས་སྒོ་ཚང་མེད་པས་འཕེལ་འགྱུར་ནི་རྒྱུན་བསྲིང་བཞིན་ཡོད་དོ། །
  ང་ཚོས་རང་ཉིད་ཀྱི་འཚོ་བ་སོར་གནས་བྱེད་པར་སྒྲིག་འཛུགས་ཤིག་བསྐྲུན་ཐུབ་པའི་གནས་བབས་ཤིག་ལ་ང་ཚོ་སླེབས་ཡོད། འོན་ཀྱང༌། འཚོ་བ་ནི་སོར་གནས་བྱེད་པའི་ཆེད་དུ་མ་རེད། ང་ཚོས་སློབ་གྲ་ནང་དུ་ཅི་ཞིག་སྦྱོང་བཞིན་ཡོད་དམ། ང་ཚོས་རང་ཉིད་ཇི་ལྟར་ཡིན་པ་གཅེས་འཛིན་དང་།ད་དུང་།ལྟ་གྲུབ།  ཆོས་ལུགས།    རིག་གཞུང་དང་སྒྲིག་འཛུགས་རྣམས་ཉར་ཚགས་བྱེད་ཚུལ་སྦྱོང་བཞིན་ཡོད། ང་ཚོའི་བསམ་བློའི་གནས་ཚད་རྒྱ་ཆེ་ཤོས་དེ་ཙམ་རེད།
  གལ་སྲིད། ང་ཚོས་སྟབས་བདེ་ངང་ནས་དེ་རྣམས་ཉར་ཚགས་བྱེད་བཞིན་པ་ཡིན་ན། ང་ཚོ་འཚོ་སྡོད་བྱེད་བཞིན་མེད་པ་དང་འདྲའོ། །འཚོ་བ་ནི་འཚོ་བའི་ཆེད་དུ་རེད་མ་གཏོགས། འཚོ་བ་ནི་སོར་གནས་བྱེད་པའི་ཆེད་དུ་མིན་ནོ། །རང་ཉིད་ཀྱི་འཚོ་བའི་ཁྲོད་དུ་ཤེས་ཡོན་མི་འདྲ་བ་ཞིག་མཁོ་མོད། འོན་ཀྱང༌། དེ་འདྲའི་ཤེས་ཡོན་ཞིག་སློབ་གྲྭ་གང་གི་ནང་དུའང་མེད་དོ།། འདིར་རང་སེམས་རྣལ་དུ་ཕབ་ནས་ལས་ཀ་རུ་འཇུག་ཚུལ་དང་།ང་ཚོའི་ཚོར་སྣང་ཕྱི་ལ་སྟོན་ཚུལ་གྱི་སློབ་ཁྲིད་བྱེད་སའི་སློབ་གྲྭ་དེ་འདྲ་མེད་དོ།།ཤེས་ཡོན་དེ་དག་གིས་སྒྲུབ་བཞིན་པ་ནི་ཅི་ཞིག་འཚོ་ཞིང་གནས་པ་རྣམས་ཉར་ཚགས་བྱ་རྒྱུ་ཁོ་ན་དེའོ།།
 རྒྱུད་རིམ་ཡོད་ཚད་ནི་རང་ཉིད་སད་རྟོགས་དང་རང་གི་ཡོན་ཏན་ལ་རག་ལས་མོད། འོན་ཀྱང༌། ང་ཚོས་རང་ངོ་རང་གིས་ཤེས་པར་འབད་རྩོལ་གང་ཡང་བྱེད་བཞིན་མེད་པར། ཕྱི་རོལ་གྱི་བྱ་དངོས་ སྐོར་ལ་བདག་གཅེས་བྱེད་པར་ང་ཚོས་སེམས་འཁྲལ་བྱེད་བཞིན་ཡོད།
 གང་ལྟར། རང་བྱུང་ཁམས་ཀྱིས་ང་ཚོའི་འཕེལ་འགྱུར་གྱི་བརྒྱུད་རིམ་རྒྱུན་འཁྱོངས་པར་བྱེད།དེང་གི་དུས་རབས་འདིའི་ཁྲོད་དུ། མི་མང་རྣམས་གཉིད་ལས་སད་བཞིན་ཡོད་དེ། ཁོ་ཚོ་འཚོ་བའི་བདག་གཅེས་དེའི་ཆེད་དུ་གནས་མི་འདོད་པར།འཚོ་བའི་ལམ་ཁ་མང་པོའི་སྒོ་མོ་འབྱེད་བཞིན་ཡོད་དོ། །ང་ཚོས་འཚོ་བའི་ཟུར་གཞན་རྣམས་འཚོལ་ཞིབ་བྱེད་བཞིན་ཡོད། དེ་ནི་མིའི་རིགས་ཀྱི་ནང་བསམ་བློའི་ལམ་བུ་དང་།ནང་བསམ་པའི་དཔལ་ཡོན།ནང་བསམ་བློའི་བརྒྱུད་རིམ་གྱི་འཚོ་གནས་ཤིག་ཀྱང་ཡིན་པར་སྙམ།
  ཤེས་བྱའི་གོ་རྟོགས་འདི་དང་ལྷན་དུ་འཚོ་བ་ནི་འཚོ་བའི་བརྒྱུད་རིམ་ཞིག་གི་ནང་དུ་ཞུགས་ངེས། འཚོ་བའི་རྒྱུད་རིམ་འདི་ཡང་བསྐྱར་འགོ་རྩོམ་པར་བྱེད་དེ། བརྩེ་བ་ནི་ཁྱེད་དང་ལྷན་དུ་གནས་ཤིང་། ཞི་བདེ་དང་མཐུན་སྒྲིལ། མདོར་ན་ཡོད་ཚད་མཆོག་དུ་གྱུར་བ་གང་ཡིན་པ་ནི་ཁྱེད་དང་ལྷན་དུ་ཡོད།
   སོར་གནས་བྱེད་པའི་རྒྱུན་རིམ་འདིའི་ཁྲོད་དུ། འདིར་ཐབས་རྩོད་ཁོ་ན་མ་གཏོགས་ཞི་བདེ་མེད་ལ་བརྩེ་བ་མེད། མཐུན་སྒྲིལ་མེད། བདེ་སྐྱིད་མེད། ཡང་ན་དད་མོས་ཀྱང་མེད། སོར་གནས་ཀྱི་རྒྱུད་རིམ་ཁྲོད་དུ། ང་ཚོས་རྒྱུན་དུ་ཕམ་ཁའི་སྐོར་ལ་སེམས་འཁྲལ་བྱས་པ་རེད།
 ང་ཚོ་རྨོངས་གཉིད་ལས་སད་སྐབས། ང་ཚོ་ཤེས་རིག་དང་ལྡན་པར་འཚོ་བར་འགོ་བརྩམས་པ་རེད། དཀའ་ངལ་རེ་རེ་སེལ་བར་ཐབས་ལམ་རེ་མཆིས། གལ་ཏེ། དཀའ་ངལ་དེ་ཡང་ནང་སེམས་སུ་ཡོད་ན། ཐབས་ལམ་དེ་ཡང་ནང་སེམས་སུ་ཡོད་ངེས། འོན་ཀྱང༌། ང་ཚོར་དེ་དག་གསར་རྙེད་བྱེད་པའི་བཟོད་བསྲན་མཁོ་བའོ།།
  ན་ཚོད་ཀྱིས་དེ་དག་སྒྲུབ་པར་ཕན་ནུས་གང་ཡང་མི་ཐོན། རང་གིས་རང་ལ་སྐད་ཆ་རེ་དྲིས་དང༌། ཁྱེད་ཀྱིས་མི་ཚེ་སྐྱིད་པོ་ཞིག་རོལ་འདོད་དམ་མི་འདོད། ཁྱེད་ཀྱིས་རང་ཉིད་ཀྱི་སྐོར་ལ་ཤེས་རྟོགས་མང་པོ་འདོད་དམ་མི་འདོད། ཁྱེད་ཀྱིས་རང་ཉིད་རང་གིས་ངོ་ཤེས་ནས་འཚོ་བ་འདི་རོལ་འདོད་དམ། ཡང་ན་རང་ཉིད་རང་གིས་ངོ་མ་ཤེས་པར་འཚོ་བ་འདི་རོལ་འདོད། འདི་ནི་ང་ཚོས་ངེས་པར་དུ་རྟོགས་དགོས་པའི་གནད་འགག་དེ་རེད། རང་ཉིད་ཀྱིས་རྨོངས་མུན་ཁྲོད་ནས་འཚོ་བ་ཞིག་མི་རོལ་པར་ཤེས་བྱའི་གོ་རྟོགས་ལྡན་པའི་སྒོ་ནས་འཚོ་བ་ཞིག་ལོངས་སུ་སྤྱོད་རོགས། དེ་ལྟར་ཁྱེད་ཀྱིས་འཚོ་བར་གསོན་ཤུགས་རྒྱས་ཐུབ་ན། ཁྱེད་རང་འཕེལ་རྒྱས་སུ་འགྲོ་ཐུབ་པ་དང༌། འཚོ་བའི་དགོས་དམིགས་དེ་ཡང་ལག་བསྟར་བྱེད་ཐུབ་ངེས།  
            (ཁྲི་ཆུ་བཟང་རྒྱ་མཚོས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་བ་ནི་འཚོ་གནས་ཀྱི་ཆེད་དུ་རེད།

2012-01-17 སུ་ལྦན་མེ་བྷུ་རམ་སྒྲེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།