རྒྱང་རིང་གི་རེ་སྒུག
རྒྱང་རིང་གི་རེ་སྒུག་ཅིག་གི་ཆེད་དུ
གྲང་རླུང་གི་ཁྲོད་དུ་ཅི་ཙམ་འགྲེང་བའང་མི་ཤེས
རྟ་བདུན་གྱི་དབང་བོས
ནུབ་རིའི་རི་ཚོགས་དང་གནས་ཚང་གཡོར་བར་བརྩམ
ཡང་ཡིད་སྨོན་ཐེངས་གཅིག་རེད
ས་སྲོད་ཀྱིས་སྟོན་རླུང་དང་འཚམས་ཞུའི་མགོ་ལྕོག་ལྡེམ
མཇུག་མཐར
ཁྱེད་རང་ད་དུང་སླེབས་ཡོང
རྒྱ་མཚོའི་འགྲམ་རྒྱུད་དུ
མཛེས་སྡུག་ནི་སྨིག་རྒྱུའི་གྲོང་ཁྱེར་ལས་མེད་པ་མ་རེད
ངས་རྐང་འོག་གི་བྱེ་ཐང་འདི་ཅི་འདྲའི་རིང་ཚད་འདྲི་ཞོར
བློ་སེམས་མི་བདེ་བ་ཞིག་ལ
འུ་གཉིས་འགྲོ་སའི་ལམ་ཐག་འདི
ད་དུང་ཐུང་དྲགས་སོང་སྙམ
༢༠༢༢ལོའི་ཟླ༡༡ཚེས༢༢ཉིན་སྨན་མཁའ་འབུམ་ཚེ་རིང་ནས་བསྒྱུར།
རྩོམ་ཁུངས། ངེད་དྲ་བ།