སང་ཉིན་ད་དུང་ཡོད་ན།
ལྗང་མདོག་གི་དཔྱིད་ཀ་ད་དུང་ཡོད་ན
ང་རང་སྐྱོ་དགོས་དོན་མེད
མུན་ནག་གིས་ཡོད་ཚད་ཁྱུར་མིད་བཏང་རུང
གསེར་མདོག་གི་ཉི་མ་ཡང་བསྐྱར་མཁའ་རུ་སྦར་ཆོག
རེ་སྨོན་གྱི་ཚེ་སྲོག་ད་དུང་ཡོད་ན
ང་རང་ཡི་ཆད་དགོས་དོན་མེད
སྐྱ་ཐང་ཐིང་གི་བྱེ་ཐང་གིས་རང་ལུས་ཡོད་ཚད་མནན་རུང
སེམས་ཁོང་གི་ལྗང་མདོག་ད་དུང་གནས་ཡོད
འབྱུང་འགྱུར་གྱི་སང་ཉིན་ད་དུང་ཡོད་ན
ང་རང་འགྱོད་དགོས་དོན་མེད
དགུན་གསུམ་གྱི་ཁ་བ་ཅི་འདྲའི་མཐུག་རུང་
དཔྱིད་གསུམ་གྱི་མཚར་སྡུག་བརྗིད་ཡང་བསྐྱར་རྒྱས་ཆོག
༢༠༡༡ལོའི་ཟླ་༡༡ཚེས༡༠ཉིན།
༼སྨན་མཁའ་འབུམ་ཚེ་རིང་ནས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།