ཁྱི་དོན་རིང་ལུགས།

   བཤད་ཚུལ་འདི་འདྲ་ཞིག་ཡོད་དེ་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་པ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རང་དོན་རིང་ལུགས་ཀྱི་བསམ་བློའི་ནད་ཡམས་རིམ་བཞིན་ཀྲུང་གོའི་སྤྱི་ཚོགས་སུ་འཛུལ་ཏེ་ཀྲུང་གོར་གནོད་སྐྱོན་ཚབས་ཆེན་བཏང་ཞེས་པ་དེ་འདི་འདྲའི་བཤད་ཚུལ་ནི་ཕྱོགས་ལྷུང་གི་བཤད་ཚུལ་ཏེ།   རང་རྒྱལ་ཐང་གོང་མའི་ཕྱི་སྒོ་བཀག་བཅད་ཀྱི་དུས་སུ་མི་རེ་རེ་ནས་རྒྱུ་ནོར་ལ་མི་སྲེད་པ།   རྐུ་འཕྲོག་སྤང་བ། ལྟག་སྒོར་འཛུལ་མ་མྱོང་ཞིག་ཡིན་ནམ    དེས་ན་དེ་འདྲའི་རིང་ལུགས་ལ་ཅི་ཟེར་དགོས།    
    ཡོ་རོབ་གླིང་དང་མེ་གླིང་གི་རྒྱལ་ཁབ་ཕལ་ཆེ་བས་མི་སྒེར་གཙོ་བོ་བྱེད་པ་བདེན་དུ་ཆུགས་མོད།   འོན་ཀྱང་དེའི་ཞོར་ལ་གཞན་ཕན་དང་ལྷག་བསམ་གྱི་ཕྱག་ཟུང་རིང་དུ་བསྐྱང་བའི་སྐྱེས་བུ་དམ་པ་འགས་བསམ་བློའི་ཉམས་ཉེན་གྱི་འབོད་སྐུལ་སྒྲོག་བཞིན་ཡོད།    སྤྱིར་བཏང་ཡོ་རོབ་གླིང་དང་མེ་གླིང་གི་མི་ཕལ་མོ་ཆེས་རང་དོན་གཙོ་བོ་བྱེད་ཀྱང་རང་བཀུར་གྱིས་ཟུར་བརྒྱན་རང་ཉིད་མི་རུ་བལྟས་ནས་རང་དོན་རིང་ལུགས་ལ་གོམ་པ་སྤོ །     དཔེར་ན་གན་རྒྱ་འཇོག་དུས་ཕན་ཚུན་ལ་ཡིད་རྟོན་རུང་བ།  དཔངས་ཡིག་རྫུན་བཟོ་མི་བྱེད་པ། གཞན་གང་སར་ཁ་ལུད་མི་འཕེན་པ།   ཁོར་ཡུག་ལྗང་མདོག་ཅན་ཏུ་བསྒྱུར་པ།  རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་ལྟ་བུའོ།།   
      སྤྱིར་ང་ཚོས་དེ་འདྲར་ཁས་ལེན་བྱེད་དགོས་དོན་མེད་ཀྱང་། ཡིད་སྐྱོ་ཞིག་ལ་ང་ཚོའི་མཐའ་འཁོབ་ན།   གན་རྒྱ་འཇོག་དུས་ཡིད་རྟོན་མི་རུང་བ་དང་ཅི་བསམ་འདི་བསམ་མེད་པར་དཔངས་ཡིག་རྫུན་བཟོ་བྱེད་པ།  གང་སར་ཁ་ལུད་འཕེན་པ།  སྐྱེ་ཁམས་བརླག་པ་དང་སྲོག་ཆགས་གསོད་པའི་ལས་མང་དུ་མཐོང་ལ། གཞན་སྡེ་བ་རེ་རེས་ལས་བྱེད་པའི་འགོ་ཁྲིད་འོག་སྨན་རྫས་རྫུན་མ་བཟོས་ཏེ་རང་གཞན་ཀུན་ལ་གནོད་བསྐྱལ་ནས་ཁྱི་ཡི་ལས་བྱས་པས་དེ་ལ་ཁྱི་དོན་རིང་ལུགས་ལས་ངོས་འཛིན་བྱེད་ས་མེད།
        མི་ལ་ལས་སྒོར་མོ་ཡོད་ན་བསམ་ཡང་།  སྒོར་མོ་ཅན་གྱི་མི་ཞིག་ཅི་ལྟར་བྱེད་དགོས་ཚུལ་ཤེས་མེད།མི་ལ་ཕུགས་བསམ་དང་ཀུན་སྤྱོད།   སྤྱི་ཚོགས་ཕུགས་བསམ་བཅས་ལྡན་པས་མི་འཚོ་བ་ནི་ལྟོ་འགྲེང་འབའ་ཞིག་གི་ཆེད་དུ་མ་ཡིན་ཏེ་དེ་ལྟར་ནི་ཁྱི་དང་ཁྱད་པར་མེད་སོང་བ་མ་ཡིན་ནམ།   མི་དང་ཁྱི་ཡི་ཁྱད་པར་ནི་མི་ལ་འདུ་ཤེས་གྱི་ཆ་ལྡན་པས་སོ།། དེ་ཡང་ནུབ་ཕྱོགས་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་རྐྱང་བ་ཙམ་མ་ཡིན་པར་རིག་རྩལ་བསྐྱར་དར་ནས་འགོ་བཟུང་སྟེ་བློ་སྒོ་འབྱེད་པའིལས་འགུལ་བར་དང་རིམ་བཞིན་ཆོས་ལུགས་གསར་བརྗེ་བར་གྱི་དུས་རབས་དུ་མའི་བསམ་བློའི་རིག་གནས་ཀྱི་རྨང་བཏིང་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན།   དེ་བས་ནུབ་ཕྱོགས་པ་འགའ་སྐབས་ལ་ལར་སྤྲང་བོ་རུ་འགྱུར་ཀྱང་ཁོ་ཚོའི་ཁྲག་རྒྱུད་ན་མིའི་རིགས་ཤེས་རིག་གི་ས་བོན་ཡོད་པས་བློ་སྤོབས་དང་ཟིལ་ཤུགས་ནམ་ཡང་ཉམས་མ་མྱོང་།    ང་ཚོའི་དེང་རབས་ཅན་ནི་དེ་ལས་ལྡོག་སྟེ་ཞིག་རལ་ཏུ་གྱུར་བའི་ལོ་བཅུའི་གོད་ཆག་ནས་འགོ་བརྩམ་པ་ཞིག་ཡིན་ལ།   དེ་དུས་མི་མང་ཆེ་བས་མོའོ་ཙེ་ཏུང་གི་བསམ་བློར་ཁས་ལེན་མ་ཐོབ་ཅིང་།   མི་གཞི་ཀུན་སྤྱོད་དང་རྒྱུ་འབྲས་ལྡོག་མེད་ཀྱི་འདུ་ཤེས་ཀྱང་དོར་བས་བསམ་བློ་འཛུགས་སྐྲུན་གྱི་ལས་འགན་སྔར་ལས་ཧ་ཅང་ལྕི།   རྒྱུ་མཚན་དེའི་ཕྱིར་ང་ཚོས་ནམ་རྒྱུན་སྤྲང་བོ་མཐོང་ཐུབ་ལ།   ཁྱི་སྤྱང་ངན་སྦྲེལ་བྱས་ཏེ་སྨན་རྫས་རྫུན་མ་བཟོ་བའི་ཕྱུག་པོ་ཡང་མཐོང་ཐུབ
        ང་ཚོར་བསམ་བློའི་རྩ་འཛིན་མེད་ཚེ་རང་དོན་རིང་ལུགས་ཡིན་ཀྱང་མཐའ་མར་ངེས་པར་འཐོར་ཞིག་ཏུ་སོང་སྟེ་དཔལ་འབྱོར་དང་ཆབ་སྲིད་ཐད་ཟིང་ཆ་འབྱུང་ངེས་ཡིན།    སྤྱི་ཚོགས་རིང་ལུགས་གཙོ་བོ་བྱེད་པའི་རྒྱལ་ཁབ་དག་ནུབ་ཕྱོགས་རྒྱལ་ཁབ་དང་བསྡུར་ན་དྲང་བོ་དྲང་གཞག་ཐད་གླེང་རིན་ཡོད་ལ་བསམ་བློའི་ནུས་ཁུངས་ཕུན་སུམ་ཚོགས་པ་ཡོད་པས་རྔ་མ་གཡུགས་གཡུགས་བྱེད་པའི་ཁྱིའི་སྤྱོད་སྟངས་དག་དོར་ན་རེད།  
            ༼མགར་མིང་བ་ལག་པས་བསྒྱུར༽
        
       སྒྱུར་བ་བོ་རང་ཉིད་ཀྱི་གཏམ
      རྩོམ་ཡིག་འདིའི་ཚན་པ་དང་པོའི་ནང་མི་རེ་འགའ་བས་རང་དོན་རིང་ལུགས་ཀྱི་ལྟ་ཚུལ་དྲངས་པ་གཉིས་པར་དྲང་ཕྱོགས་ནས་ཡོ་རབ་གླིང་དང་མེ་གླིང་གི་རང་དོན་རིང་ལུགས་ཀྱི་ངོ་བོ་ར་སྤྲོད་བྱས་པ་དང་ལྡོག་ཕྱོགས་ནས་ཁྱི་དོན་རིང་ལུགས་ཀྱི་ནག་ཉེས་ཐེར་འདོན་བྱས་པ།  གསུམ་པ་དང་བཞི་བར་ཆེ་ས་ནས་ལོ་རྒྱུས་དང་འབྲེལ་ཏེ་ནུབ་ཕྱོགས་དང་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཞིབ་བསྡུར་བྱས་ནས་ཁྱི་དང་མི་ཡི ཁྱད་པར་དང་མི་དོན་ལས་ལྡོག་པའི་ཁྱི་དོན་བྱས་པའི་རང་རྒྱལ་གྱི་སྐྱུག་བྲོ་བའི་ལོ་རྒྱུས་ལུང་འདྲེན་བྱས་ཡོད་ལ། སྔ་དུས་ཀྱི་རྒྱ་ནག་བཞིན་ད་ལྟའི་བོད་ཀྱི་སྤྱི་ཚོགས་སུའང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བསམ་བློའི་སྙིང་བོ་སྟེ། རང་དོན་རིང་ལུགས་ལ་འཁྱོག་བཤད་དང་ལོག་བཤད་མ་རྟོག་ལོག་རྟོག་གི་ཆ་མང་དུ་མཆིས་པར་དགོངས།    ཁོ་བོས་རྒྱ་ནག་པ་韩少功གི་དེའི་ཐད་ཀྱི་དགག་སྒྲུབ་དང་ངེས་ཤེས་འདི་བོད་ཡིག་ཏུ་བྲིས་ཤིང་རང་དོན་རིང་ལུགས་ནི་རང་བཀུར་དང་རང་གཅེས། རང་ཉིད་དང་མི་གཞན་གྱི་འབྲེལ་བའི་གོང་བུ་ཞིག་ལས། མི་སྒེར་གྱི་ཁེ་ཕན་ཆེད་བྱ་ཐབས་གང་རུང་སྤྱོད་པའི་སྒེར་སེམས་མཐར་ཐུག་པ་ཞིག་མིན་ལ། གལ་ཏེ་དེ་འདྲ་ཡིན་ན་དེ་ནི་མི་ཡི་དོན་མ་ཡིན་པའི་ཁྱི་ཡི་དོན་ཡིན་པས་ཁྱི་དོན་རིང་ལུགས་སུ་འགྲོ་བ་དེའོ།།   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི་དོན་རིང་ལུགས།

2011-11-14 ཧན་ཧྲའོ་ཀོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།