ལོ་བརྒྱའི་དྲི་གཞི།

ཧྲི་ཡུའེ་ལིན་ཧན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-01

  གཞོན་ནུའི་དུས་ཀྱི་དཔེ་ཀློག་བྱེད་སྐབས།ཉིན་ཐོ་རུ།གལ་སྲིད་ནམ་ཞིག་རྒྱུགས་ལེན་བྱེད་མི་དགོས་ཚེ། དེ་ནི་ཅི་འདྲའི་བདེ་སྐྱིད་ལྡན་ཨང་།ཞེས་བྲིས་ཡོད།
  ལོ་ངོ་དུ་མའི་རྗེས་སུ་ངས་སློབ་གླིང་སྒོ་གླེགས་ལ་གྱེས་ཚིག་བཞག་ནས་ཕྱི་རུ་བུད།རྒྱུགས་ར་དང་རྒྱུགས་བྱང་མེད་ལ།ལྟ་རྟོག་དགེ་རྒན་ཡང་མེད།ཡིན་ནའང་།ཏག་ཏག་སྐབས་འདི་རུ་ངས་རྒྱུགས་ལེན་ནི་ག་ས་གར་ཁྱབ་པ་གཞི་ནས་ཤེས་སོང་།མི་ཚེའི་དྲི་བྱང་གིས་ནམ་ཡང་ཁྱོད་ལ་མདུན་ཕྱོགས་སུ་སྒུག་ཡོད་མོད།འཛམ་གླིང་ནི་དེ་ལས་ལྡོག་སྟེ་མཐའ་ཡས་མུ་བྲལ་གྱི་རྒྱུགས་ར་ཞིག་ལགས་པས།ཁྱོད་རང་བྲོས་བྱོལ་བྱེད་ས་ཞིག་ཡེ་ནས་མེད།
  ལོ་རེ་རེའི་མཐོ་རྒྱུགས་དེ་སློབ་མར་ཉམས་སད་གཏོང་བ་ཡིན་ལ།ཀྲུང་གོའི་སློབ་གསོའི་ལམ་ལུགས་ལ་ཉམས་སད་གཏོང་བའང་ཡིན།མཐོ་རྒྱུགས་དྲི་གཞིའི་ཤོག་བྱང་གིས་རྒྱལ་ཁབ་འདིའི་སློབ་གསོའི་འདུ་ཤེས་དང་ཆུ་ཚད་ལ་ལྟ་ཞིབ་བྱེད་བཞིན་ཡོད།སྤུས་ཚད་སློབ་གསོའི་དུང་བརྡ་རྒྱུན་མར་ལོ་ངོ་དུ་མར་་མཆེད་ཀྱང་།ལྟ་ཞིབ་སྤུས་ཚད་ཀྱི་སློབ་གསོའི་ལམ་ལུགས་ཀྱིས་བྱ་བའི་སྣེ་ཟུར་ཡང་མངོན་ཐབས་བྲལ།འདིར་ཡང་ཁག་བཀྲི་མི་རུང་སྟེ།ཤོག་བྱང་སློབ་གསོས་བསྐྱེད་པའི་དགེ་རྒན་སྐོར་ཞིག་གིས་སྤུས་ཚད་སློབ་གསོའི་རྒྱུགས་སྤྲོད་ཅིག་ཇི་ལྟར་རྒྱུན་མཐུད་ཨང་།
   རྒྱུགས་ར་གཅིག་མ་གཏོགས་མེད་ལ།རྒྱུགས་སྤྲོད་སློབ་མའང་གཅིག་ལས་མེད།ཤོག་བྱང་གཅིག་མ་གཏོགས་མེད་ལ།དྲི་གཞིའང་གཅིག་ཁོ་ནའོ།རྒྱུགས་སྤྲོད་སློབ་མ་འདིའི་སློབ་མ་འདིའི་མིང་ལ་ཀྲུང་གོར་འབོད་ཅིང་།དྲི་གཞིའི་ཁ་བྱང་ལ་དམངས་གཙོ་ཆབ་སྲིད་ཟེར་ལ།རྒྱུགས་སྤྲོད་དུས་ཚོད་ནི་ལོ་ངོ་བརྒྱ་ཕྲག་ལས་རིང་བའོ།།
  ༡༨༩༨ལོར་རྒྱུགས་སྤྲོད་སློབ་མ་འདི་ཆེས་ཐོག་མར་རྒྱུགས་རར་འཛུལ་ཅིང་།དྲི་གཞིར་མཉེན་ལ་སྐྱོ་འོས་བསྟོད་འོས་ཀྱི་ལན་བཏབ་པར།རྒྱུགས་གཞིའི་མཇུག་འབྲས་ནི་དངོས་གནས་སྨྲེང་སེམས་སྐྱེ་བ་ཞིག་སྟེ།སྐྱེས་བུ་དམ་པ་དྲུག་གི་ཚེ་སྲོག་དེ་དྲི་གཞི་འདིའི་སྟེང་དམར་མཆོད་བཏང་།འདི་ནི་འཁྲབ་ཚན་ཞིག་གི་འགོ་བརྩམས་པ་ཡིན་ལ།ཕྱིས་ཀྱི་གོད་ཆགས་དང་དལ་ལམ་རིང་མོའི་ལོ་ཟླའི་ཁྲོད།རྒྱུགས་སྤྲོད་སློབ་མ་འདི་ཐེངས་རེ་རེར་རྒྱུགས་ར་འདིའི་ནང་འཛུལ་ཅིང་།ཐེངས་རེ་རེར་དྲི་ལན་འདི་གདབ།
  མི་མང་བོ་ཞིག་དོན་འདིས་དབུ་ཆད་ཁྲག་ཤོར་དུ་བཏང་ལ།མི་མང་བོ་ཞིག་དོན་འདིས་མིང་ངན་སྲིད་གྲགས་སུ་བཏང་ལ།མི་མང་བོ་ཞིག་དོན་འདིས་ཚེ་གཅིག་འཁོན་འཛིན་དུ་བཏང་བཏང་།དམངས་གཙོ་ཆབ་སྲིད།དྲི་བྱང་འདི་དེ་འདྲའི་གཏིང་ཟབ་པ་ཞིག་ཡིན་ནམ།དྲི་ལན་གཏན་འཁེལ་བྱེད་ཆོག་གམ།རྒྱལ་དམངས་ཀྱིས་ངལ་རྩོལ་ལ་བརྟེན་ནས་རྒྱུ་ནོར་བསྐྲུན་རྗེས།དཔྱ་ཁྲལ་དབུལ་ནས་སྲིད་གཞུང་གསོ་བཞིན་ཡོད་ལ།སྲིད་གཞུང་ཞེས་པའི་གླ་བ་འདིས་དངུལ་རེག་རྗེས།སྤྱི་ཚོགས་བདེ་འཇགས་ཀྱི་འཕེལ་རྒྱས་ལ་སྙོམ་སྒྲིག་བྱེད་བཞིན་ཡོད།རྒྱལ་དམངས་གླ་བདག་ཡིན་པའི་ཆ་ནས།སྲིད་གཞུང་གི་མི་སྣ་འདེམ་བསྐོ་བྱེད་པའི་དབང་ཆ་ཡོད་ལ།སྲིད་གཞུང་ཇི་ལྟར་འགུལ་སྐྱོད་བྱེད་པར་ལྟ་རྟོག་བྱེད་པའི་དབང་ཆ་ཡོད་ཅིང་།སྲིད་གཞུང་གི་འགུལ་སྐྱོད་བྱེད་ཚུལ་ཇི་འདྲ་ཡིན་མིན་ལ་དཔྱད་འཇོག་དང་མཛུབ་སྟོན་བྱེད་པའི་དབང་ཆའང་ཡོད།འོན་ཀྱང་།སྲིད་གཞུང་ལ་ལྟོས་ཏེ་བཤད་ན་འདི་ལྟའི་འདེམ་བསྐོ་དང་ལྟ་རྟོག  དཔྱད་འཇོག་ལ་གདོང་གཏད་དུས།དབང་ཆ་ད་གཟོད་རུལ་སུངས་ངན་རེངས་སུ་མི་འགྱུར་ལ།སྲིད་གཞུང་ད་གཟོད་ཁྲིམས་མཐུན་ངང་བསྐལ་བརྒྱའི་བར་བརྟན་ངེས།གནས་ལུགས་ནི་འདི་འདྲའི་སླལ་སྟེ།དོན་གྱིས་དམངས་གཙོ་ཞེས་པའི་དྲི་བྱང་འདིའི་གསེད་བཀྲོལ་ལ་ཡན་ཨན་དུ་ཆབ་སྲིད་པ་གཉིས་ལ་ལོ་ངོ་དྲུག་ཅུ་ལྷག་གི་ཡར་སྔོན་ནས་སྡོམ་ཚིག་རེག་ཡོད།
  གལ་སྲིད། དམངས་གཙོའི་འདེམ་བསྐོ་དེ་ཕུལ་བྱུང་གི་སྐར་གྲངས་ཤིག་ཡིན་ཚེ།  དམངས་གཙོའི་ལྟ་རྟོག་དེ་འོས་མཐུན་གྱི་སྐར་གྲངས་ཤིག་ཡིན་ཆོག་ལ། དམངས་གཙོ་ཆབ་སྲིད་ཀྱི་འཛུགས་བསྐྲུན་དེར་ཡང་རང་ཤུགས་ཀྱིས་འབྲས་བུ་རེག་ངེས།
  ང་ཚོ་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ལ་ཅེར་དུས། ང་ཚོས་གདོང་གཏོད་པ་དེ་སྔར་བཞིན་ཤོག་བྱང་འདི་དང་དྲི་བྱང་འདི་ཡིན་པ་རྟོགས་ཐུབ་ལ།ང་ཚོས་དྲི་གཞི་འདིར་ལན་གདབ་པ་དེ་དུས་རབས་འདིར་བཞག་པའི་ཆེས་རྩ་ཆེའི་རྒྱུ་ནོར་དེའོ།།
  ཤོག་བྱང་འདིའི་མདུན་དུ་འགྲེང་སྟེ། ཡང་དག་ཅིང་མཚར་སྡུག་གི་དྲིས་ལན་འདིར་གདོང་གཏོད་དུས།འུ་ཅག་གི་ཕྱི་རབས་པས་གུས་འདུད་བླ་ལྷག་ཞུ་ངེས་སོ།།

            ༼རྒྱ་ཕྱུག་བསོད་ནམས་ཚེ་བརྟན་གྱིས་རྒྱ་ཡིག་གི་ཀློག་དེབ杂文选刊ཞེས་པ་ལས་བདམས་ཏེ་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་བརྒྱའི་དྲི་གཞི།

2011-06-01 ཧྲི་ཡུའེ་ལིན་ཧན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།