གནམ་ནི་སྟོང་ཞིང་སྡེ་གྲོང་ཡང་ནི་སྟོང་།

མགོ་བོ་ཡར་ལ་དགྱེ་ནས་གནམ་ལ་བལྟས།
གནམ་ནི་སྟོང་ཞིང་སྟོང་བར་འདུག
མགོ་བོ་སྨད་ལ་སྨད་ནས་ས་ལ་བལྟས།
སྡེ་གྲོང་ཡང་ནི་སྟོང་བར་འདུག
ས་གཞི་ཁེར་རྐྱང་དང་རི་རྩྭ་སྔོན་མོ་གཡོ་འགུལ་བྱས།
སྡོམ་དྲས་རིགས་རུས་དང་ཁྱིམ་ཐོ་འགའ་སྲུང་འདུག
ཨོ།གནམ་ནི་སྟོང་ཞིང་།སྡེ་གྲོང་ཡང་ནི་སྟོང་བར་འདུག
ཁོ་ཚོ་ཡང་ནི་མཉམ་དུ་བཀག་ན།
ཚབས་ཆེ་བའི་གཞིས་ཁྱིམ་སྟོང་བའི་བར་དུ།
སུ་ཞིག་ནི་ཁེར་རྐྱང་གིས་གནས་མལ་སྲུང་བའི་མཆིལ་བ་ཁྱུ་གཅིག་དང་འདྲ་ཨང་།
འཕུར་མ་ཐུབ།
ཡིན་ན་ཡང་འགན་འཁྲི་ལྗིད་མོ་ཕྲག་ལ་བླངས་ཏེ།སེམས་ཀྱིས་སྲུང་ཡོད།
དུས་རབས་འདིའི་བགོས་སྐལ་གྱི།
མུ་མེད་མཐའ་མེད་ཀྱི་སྟོང་བ་དེ་སྲུང་ཡོད།
    
          ༼ བིས་མདོ་བ་ཆོས་སྐྱོང་གིས་བསྒྱུར༽

                                                   ཕྲན་དཔྱད།
                 
                                                                   བིས་མདོ་བ་ཆོས་སྐྱོང་།

   སྙན་རྩོམ་འདི་ཀློག་ཐེངས་དང་བོ་ནས་སྤྱི་མཚན་གྱི་ཆ་ནས་ང་ལ་གནང་བའི་ཚོར་སྣང་དང་བསམ་གཞིག་ནི།སྟོང་བ་རེད་ལ།སྟོང་བ་དེ་ཡང་གཞན་ཞིག་སྟོང་བ་མ་ཡིན་པར་རི་གྲོང་ཞིག་དང་སྡེ་གྲོང་ཞིག་སྟོང་བའི་རྣམ་པ་དེ་ཡིན་འདུག དེ་དང་འདྲ་བར་སྙན་རྩོམ་འདིའི་ཁ་བྱང་དང་མཉམ་པར་"གནམ་ནི་སྟོང་ཞིང་སྡེ་གྲོང་ཡང་ནི་སྟོང་"བའི་སེམས་ཁུར་དང་སྐྱོ་གདུང་ཞིག་སྙན་ངག་པའི་ཕྱི་ནས་ནང་དང་ནང་ནས་ཕྱི་ལ་འཚང་ཡོད་པའང་ང་ཚོ་ཀློག་པ་པོ་དག་གིས་ངང་ངམ་ཤུགས་ཀྱིས་ཀློག་ཐུབ་སྙམ།
  དེས་ན་སྙན་རྩོམ་འདིའི་མགོ་ན"མགོ་བོ་ཡར་ལ་དགྱེ་ནས་གནམ་ལ་བལྟས།གནམ་ནི་སྟོང་ཞིང་སྟོང་བར་འདུག"ཅེས་པར་ལྟར།སྙན་ངག་པས་ཁེར་རྐྱང་དང་སེམས་ཁུར་གྱིས་གནམ་ལ་བལྟ་དུས།ཕ་ཡུལ་གྱི་ནམ་མཁའ་སྟོང་བ་དང་མཉམ་དུ་ཁོའི་མཁའ་དབྱིངས་ཀྱང་སྟོང་སོང་བ་དང་།ཁོའི་མཁའ་དབྱིངས་སྟོང་སོང་བ་དེའི་དབང་གིས།ཁོས་ཡང་བསྐྱར་སེམས་ཁུར་དང་ཁེར་རྐྱང་གིས་"མགོ་བོ་སྨད་ལ་སྨད་ནས་ས་ལ་བལྟས་"པ་ན།"སྡེ་གྲོང་ཡང་ནི་སྟོང་བར་འདུག"་པས།ཁོ་ལ་འཕྲོ་རིམ་འཕྲོར་སེམས་ཁུར་རབ་རིབ་མང་བོ་ཞིག་ཡོད་སོང་ལ།སེམས་ཁུར་དེ་ཡང་"སྡེ་གྲོང་ཡང་ནི་སྟོང་བར་འདུག"་ཅེས་པའི་ཡང་སྒྲ་ལས་མངོན་གསལ་དོད་པོ་ཡིས་རྟོགས་ཐུབ་སྙམ།སྡེ་གྲོང་དེ་ནི་སྙན་ངག་པའི་ཕ་ཡུལ་ཡིན་ལ།ཕ་ཡུལ་གྱི་ཕ་ཁྱིམ་སྟོང་བའམ་རི་སྡེ་སྟོང་སོང་བ་དང་བསྟུན་ནས།སྙན་ངག་པའི་མཁའ་དབྱིངས་དང་རི་གྲོང་གི་ནམ་མཁའ་ཡང་དེ་དང་འགྲོགས་ནས་སྟོང་སོང་།ཕ་ཡུལ་སྟོང་སོང་བ་དེས་ཕ་ཡུལ་གྱིས་གདན་དུ་བཏིངས་པའི་ས་གཞི་ལ་ཡང་ཁེར་རྐྱང་གི་སྣང་བ་ཞིག་འཁྲུངས་ཤིང་།སྔོན་ཆད་ཀྱི་འདུ་འཛི་དང་དགོད་སྒྲ་སོགས་འཇགས་པས།རི་སྡེ་དེའི་མདུན་རྒྱབ་ན་སྐྱེས་པའི་རི་རྩྭ་སྔོན་མོ་ལ་ཡང་ས་གཞི་དང་འདྲ་བར་ཁེར་རྐྱང་གི་ཚོར་བ་ཡོད་སོང་ལ།སྡེ་གྲོང་ངམ་ཕ་ཡུལ་དང་མཉམ་པར་"གཡོ་འགུལ་"བྱེད་དགོས་སོང་།"གཡོ་འགུལ་"དེ་ཡང་ཁེར་རྐྱང་དང་སྟོང་བ་ལས་བྱུང་ལ།དུངས་པ་དང་ཞེན་ཆགས་ལས་བྱུང་།ཁེར་རྐྱང་དེ་ཡང་གནམ་སྟོང་བ་དང་སྡེ་གྲོང་སྟོང་བ་ལས་བྱུང་བ་ཐེ་ཚོམ་ཅི་ལ་ཡོད།གོང་གི་ཚིག་དུམ་ལས་སྙན་ངག་པ་ཕ་ཡུལ་ལམ་སྡེ་གྲོང་ལ་དུངས་ཤིང་།ཕ་ཡུལ་གྱི་ས་གཞི་སྐྱ་བོ་དང་"རི་རྩྭ་སྔོན་མོ"་སོགས་ལ་ཡང་ཧ་ཅང་དུངས་པ་རྟོགས་ཐུབ་ཅིང་།སྙན་ངག་པ་ཕ་ཡུལ་གྱི་མི་དག་ལས་མཐོ་ས་ཞིག་ན་འགྲེངས་ཏེ་ཕ་ཡུལ་གྱི་འགྱུར་ལྡོག་དང་གནས་བབ་ལ་མིག་གིས་བལྟས་ཤིང་སེམས་ཀྱི་འཚོས་ཡོད་པའམ།ཕ་ཡུལ་གྱི་མི་དག་ལས་ད་དུང་བསམ་གཞིག་ལྷག་མ་ཞིག་དང་སེམས་ཁུར་ལྷག་མ་ཞིག་རུམ་ཡོད་པ་ཚོར་ཐུབ་སྙམ།
    སྡེ་གྲོང་འདིའི་ཡོད་ཚད་སྟོང་བས་ན།ད་ནི་སྡོམ་དྲ་ཡིས་རིགས་རུས་ཀྱི་དུངས་པ་དང་ཁྱིམ་ཐོ་ཡི་ལྗིད་ཚད་སྲུང་ཡོད་པའི་རྣམ་པ་འདི་བྱུང་ལ།རྣམ་པ་འདི་ནི་སེམས་ཁུར་ཞིག་ཡིན་ཏེ།ཡོད་ཚད་ལ་སྡོམ་དྲའི་དམུ་ཐག་གིས་བཅིངས་ཡོད་ཅིང་།ཁང་སྟོང་ཁྱིམ་སྟོང་གི་ཁྱིམ་ཤུལ་དེས།ང་ཚོ་ལ་གསལ་བཤད་ཅིག་བྱ་བཞིན་ཡོད་འདོད་སྙམ་ལ།རི་གྲོང་ངམ་སྡེ་གྲོང་དེ་སྔར་ལས་ཀྱང་སྟོང་སོང་བའི་སེམས་ཚོར་ཞིག་ན་ཟུག་དང་སེམས་ཁུར་དང་འགྲོགས་ཏེ་བྱིན་འོངས། སྐབས་འདིར་སྙན་ངག་པའི་ཡིད་སེམས་ཀྱི་རྫིང་བུ་ཡོངས་སུ་འཁྲུགས་ཏེ།ཡིད་ཀྱི་འགྱུར་བ་དེ་ངག་གི་སྨྲེ་སྔགས་དང་སེམས་ཁུར་རུ་འགྱུར་ནས་གནམ་སྟོང་བ་དང་སྡེ་གྲོང་སྟོང་བ་གཉིས་གཅིག་ཏུ་བསྣན་ཞིང་བཀག་ན་ནི།དངོས་ནས་ཚབས་ཆེ་བ་དང་ཕུང་ཆེ་བའི་གནས་མལ་སྟོང་བ་ཞིག་དང་།སྟོང་བའི་བར་དུ་དང་བར་གསེབ་ན་སུ་ཞིག་ནི་ཁེར་རྐྱང་གིས་གནས་མལ་སྲུང་བའི་མཆིལ་བ་ཁྱུ་གཅིག་ཡིན་ལ།མཆིལ་བ་དེ་ནི་རྒ་རྒས་ཁྱིམ་སྲུང་(空巢老人)དང་བྱིས་པ་ལོ་ཆུང་(留守儿童)དག་ཡིན་ལ།ཁོ་ཚོ་ནི་མཆིལ་བ་དང་འདྲ་བར་སྡེ་གྲོང་དང་ཕ་ཡུལ་ལས་བརྒལ་མ་ཐུབ་ཅིང་བརྒལ་ཡང་མ་འདོད་པར་སུ་ཞིག་གིས་བཞག་པའམ་བཅོལ་བའི་འགན་འཁུར་ཏེ།རང་ཁྱིམ་གྲུ་བཞི་དང་ཕ་ས་གོར་མོ་སྲུང་བའི་འོས་འགན་ལྗིད་མོ་དེ་ཕྲག་ལ་བླངས་ཏེ།ཕུགས་བསམ་གྱི་ཆེད་དུ།དངུལ་སྒོར་གྱི་ཆེད་དུ།ད་དུང་མང་བོ་ཞིག་གི་ཆེད་དུ་ཕྱི་ལ་ཆས་སོང་བའི་ནང་མི་གཉེན་ཉེ་དག་ཕྱིར་ལོག་པར་རེ་བས་སྒུག་བཞིན།སེམས་ཀྱིས་ཕ་ཁྱིམ་སྲུང་ཡོད་དེ།དྲན་གདུང་དང་སེམས་ཁུར།ཁེར་རྐྱང་ངང་ཁོ་ཚོར་སྒུག་ཡོད། མཇུག་མཐར་སྙན་ངག་པས་སྟོང་བ་འདི་དག་དུས་རབས་ཀྱི་ཐོན་རྫས་ཡིན་པ་ང་ཚོ་ལ་ར་སྤྲོད་འདོད་ཡོད་ལ།ང་ཚོ་ལ་གསལ་བཤད་ཀྱང་བྱ་འདོད་ཡོད་འདུག ད་དུང་ཐོན་རྫས་འདི་ལ་མི་མགུ་བའི་སེམས་ཚོར་ཞིག་ཀྱང་ཡོད་འདུག་ཅིང་།ཐོན་རྫས་འདི་ནམ་ཞིག་ལ་མཇུག་རྫོགས་པའི་རེ་བ་དང་བཅས།ང་ཚོ་ལ་གྲོང་ཁྱེར་མ་ཡིན་པའི་རི་གྲོང་ཞིག་གི་ན་ནིང་དོ་ཚིགས་ཀྱི་འགྱུར་ལྡོག་དེ་སེམས་ཀྱིས་བཀྲམ་འདུག་སྙམ།
  སྤྱི་ཚོགས་འཕེལ་རྒྱས་དང་འགྲོགས་ཏེ་འགྲན་རྩོད་ནི་མེད་ཐབས་མེད་པ་ཞིག་ཡིན་ལ།འགྲན་རྩོད་དེ་ཡོད་པས་གྲོང་ཁྱེར་བཤད་ཅི་དགོས།སྡེ་གྲོང་ངམ་རི་གྲོང་གི་ཡུལ་མི་དག་ཀྱང་ཁྱིམ་ཁང་བ་དང་ཕ་མ་བུ་ཕྲུག་བསྐྱུར་ནས།མང་བོ་ཞིག་གི་དོན་དུ་སྒོ་ཕྱི་ལ་ཆས་ཏེ་ལོ་ཟླ་འཁོར་མོ་རུ་དྲན་གདུང་དང་སེམས་ཁུར་སོགས་དང་འགྲོགས་ཏེ་འབད་བརྩོན་བྱེད་དང་བྱེད་མུས་སུ་ཡོད་པ་དེ་ང་ཚོས་མཐོང་ཡང་མྱོང་ལ་།མྱོང་ཡང་མྱོང་བ་དེ་མ་ཡིན་ནམ། དེ་བས་ང་ཚོ་ལ་སེམས་ཁུར་ཡོད་ལ་དྲན་གདུང་ཡང་ཡོད།ད་དུང་ས་མཐའ་ནས་ཁེར་རྐྱང་གི་སྣང་བ་དེ་ཕྱི་ནང་གཉིས་ནས་གཙེས་ཡོང་ཞིང་།རང་རེའི་སྡེ་གྲོང་དག་ཀྱང་འདི་ལྟར་སྟོང་བཞིན་པ་དང་།རྒན་རྒོན་ལོ་ལོན་དང་བྱིས་པ་ལོ་ཆུང་དག་ཀྱང་ཁེར་རྐྱང་ངང་ཁང་སྲུང་ཙམ་དུ་ལུས་ཡོད་པའང་མིག་དང་སེམས་ཀྱིས་མཐོང་ངམ།ཀྱེ།ང་ཡི་རི་སྡེ།

                      ༢༠༡༤ ༤ ༢༨

                          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནམ་ནི་སྟོང་ཞིང་སྡེ་གྲོང་ཡང་ནི་སྟོང་།

2014-08-26 ཐང་ཡེས་ཧོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།