སྙིང་ཉེ་བའི་མི་ཡ། ཐག་རིང་དུ་བཞུད་པར་མ་གནང་།

ཕོབ་བྷི་ལཱོ . ནའེ་རཱོ་ཊ། ༼ཆེལ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-01-09

 
ཁ་ཐག་རིང་སར་མ་འགྲིམས་ཤིག ཐ་ན་ཉིན་གཅིག་ལའང
རྒྱུ་མཚན་ངས་ཀྱང་མི་རྟོགས་མོད
ཉིན་གཅིག་གི་དུས་ཡུན་ཤིན་ཏུ་རིང་སྟེ
འགྲུལ་འཁོར་རེ་རེ་བཞིན  རྒྱང་དུ་འཇགས་ཤུལ་གྱི
སྟོང་ཧང་ཧང་གི་འགྲིམ་འགྲུལ་ས་ཚིགས་ཤིག་ཏུ
ངས་ནི་ཁྱོད་ལ་རེ་སྒུག་བྱེད་ཅིང་བརྩེ་བ་སྲུང  

ང་ལ་གྱེས་བརྡ་མ་གཏང་རོགས དུས་ཚོད་གཅིག་གི་ཡུན་ལའང
རྒྱུ་མཚན་ངས་ཀྱང་མི་ཤེས་ནའང  
སྐྱོ་གདུང་གི་ཆུ་ཐིགས་རེ་རེ ངའི་མཁུར་ཚོས་ཀྱི་སུལ་དུ་འགྲིལ་ཡོང
གློ་རྡེག་ལ  ངའི་བྲང་ཁོག་ཏུ
གནས་མལ་ཞིག་འཚོལ་བཞིན་འཁྱར་བའི་དུ་སྨུག་ཅིག་འཐུལ་ཞིང་འཕྱོ་འོངས་ཏེ
ངའི་དབུགས་ཀྱི་རྒྱུ་ལམ་ཡང་བརྣངས་པར་བགྱི

གཏན་དུ   ཁྱོད་ཀྱི་ཕྱི་མིག་རྒྱང་དུ་གཏད་མི་སྲིད་ཅིང
ཁྱོད་ཀྱི་གྲིབ་གཟུགས་མཚོ་ཁའི་བྱེ་ཐང་དུ་ཞུགས་ཀྱང་ངེས་ཨང
སྙིང་ཉེ་ལགས   བདག་ལ་གྱེས་བྲལ་གྱི་གཡའ་མོ་མ་གནང་རོགས

རྒྱུ་མཚན་ནི  ཁྱོད་བྲལ་བའི་དུས་སྐད་ཅིག་མར
ང་ནི་ཐམ་མེ་ཐོམ་མེ་ངང ས་སྒང་རིལ་མོ་འདི་ཧྲིལ་གྱིས་ཉུལ་བཞིན
ཁྱོད་ནམ་ཡོང་གི་ལོ་ཟླ་དྲིས་ཤིང
ཁྱོད་ཀྱིས་ང་འདི་རུ་བསྐྱུར་ཏེ  
འཆི་རུ་འཇུག་རྩིས་ཡིན་མིན་ཡང་རྩད་བཅད།
           ༼ན་བུན་གྱིས་བསྒྱུར༽

     (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་ཉེ་བའི་མི་ཡ། ཐག་རིང་དུ་བཞུད་པར་མ་གནང་།

2014-01-09 ཕོབ་བྷི་ལཱོ . ནའེ་རཱོ་ཊ། ༼ཆེལ༽ ཀློག་གྲངས། མཆན ཡོད།

 
ཁ་ཐག་རིང་སར་མ་འགྲིམས་ཤིག ཐ་ན་ཉིན་གཅིག་ལའང
རྒྱུ་མཚན་ངས་ཀྱང་མི་རྟོགས་མོད
ཉིན་གཅིག་གི་དུས་ཡུན་ཤིན་ཏུ་རིང་སྟེ
འགྲུལ་འཁོར་རེ་རེ་བཞིན  རྒྱང་དུ་འཇགས་ཤུལ་གྱི
སྟོང་ཧང་ཧང་གི་འགྲིམ་འགྲུལ་ས་ཚིགས་ཤིག་ཏུ
ངས་ནི་ཁྱོད་ལ་རེ་སྒུག་བྱེད་ཅིང་བརྩེ་བ་སྲུང  

ང་ལ་གྱེས་བརྡ་མ་གཏང་རོགས དུས་ཚོད་གཅིག་གི་ཡུན་ལའང
རྒྱུ་མཚན་ངས་ཀྱང་མི་ཤེས་ནའང  
སྐྱོ་གདུང་གི་ཆུ་ཐིགས་རེ་རེ ངའི་མཁུར་ཚོས་ཀྱི་སུལ་དུ་འགྲིལ་ཡོང
གློ་རྡེག་ལ  ངའི་བྲང་ཁོག་ཏུ
གནས་མལ་ཞིག་འཚོལ་བཞིན་འཁྱར་བའི་དུ་སྨུག་ཅིག་འཐུལ་ཞིང་འཕྱོ་འོངས་ཏེ
ངའི་དབུགས་ཀྱི་རྒྱུ་ལམ་ཡང་བརྣངས་པར་བགྱི

གཏན་དུ   ཁྱོད་ཀྱི་ཕྱི་མིག་རྒྱང་དུ་གཏད་མི་སྲིད་ཅིང
ཁྱོད་ཀྱི་གྲིབ་གཟུགས་མཚོ་ཁའི་བྱེ་ཐང་དུ་ཞུགས་ཀྱང་ངེས་ཨང
སྙིང་ཉེ་ལགས   བདག་ལ་གྱེས་བྲལ་གྱི་གཡའ་མོ་མ་གནང་རོགས

རྒྱུ་མཚན་ནི  ཁྱོད་བྲལ་བའི་དུས་སྐད་ཅིག་མར
ང་ནི་ཐམ་མེ་ཐོམ་མེ་ངང ས་སྒང་རིལ་མོ་འདི་ཧྲིལ་གྱིས་ཉུལ་བཞིན
ཁྱོད་ནམ་ཡོང་གི་ལོ་ཟླ་དྲིས་ཤིང
ཁྱོད་ཀྱིས་ང་འདི་རུ་བསྐྱུར་ཏེ  
འཆི་རུ་འཇུག་རྩིས་ཡིན་མིན་ཡང་རྩད་བཅད།
           ༼ན་བུན་གྱིས་བསྒྱུར༽

     (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།