ཁོ་མོའི་ངོ་གདོང་། ཁོ་མོའི་སྙིང་གཏམ། ཁོ་མོའི་དམ་བཅའ།
མོས་བསྙད་ན
ཁོ་མོས་བདག་གི་ངོ་གདོང་མཐོང་བ
ཆེས་མཐའ་མ་དེ་ཡིན་ཟེར
གཏི་མུག་གིས ཁོ་མོ་མ་འཁྲིད་ཡར་སྔོན
ང་ཡི་ངོ་གདོང་མེད་ཤུལ
ཁོ་མོ་ཡེ་ནས་གཉིད་དུ་ཡུར་དཀའ
ཡིན་ཡང ངས་ཀྱང་ཤེས་ཡོད
ཁོ་མོའི་མིག་ནང་དུ
ད་དུང ངོ་གདོང་གཞན་དག
འཕྱོ་ཞིང་རུབ་འོང་བ
ངས་ཅི་ལ་མི་ཤེས
དོ་ནུབ བར་སྣང་དུ་སྐར་འོད་མི་སྣང
ངས རྒྱུ་སྐར་གྱིས་རྐང་བྲོ་འཁྲབ་ན་བསམས
"ངས བཤད་པ་ཐལ་སོང་བ་མིན་ནམ" ཞེས
ཁོ་མོས བརྩེ་དུང་གི་དོགས་གནད་ངང
སེམས་ཤུགས་ཉམས་པས་དྲིས་བྱུང
མིན དེ་ལྟ་མ་ཡིན་ཡང
ཁྱེད་ཀྱིས རང་གི་དམ་བཅའ་མ་བསྲུངས་བ་ནང་བཞིན
ཁྱོད་ཀྱི་དམ་བཅས
ང་ཡང་བསྲུངས་མི་གདའ
སྐབས་དེ་དག་ལ
རྩིག་ངོས་སུ དུས་ཚོད་ཀྱི་མདའ་རྩེ
འཁོར་ཞིང་རྒྱུ
སྒོ་ཁྱུ་ཞིག ཟླ་བར་ཟུག་བྱུང
ཁོ་མོའི་ངོ་གདོང
བདག་གི་སེམས་པ་རུ་གླན་ཏེ
སྐྱོ་བསང་བགྱིས
"ང འགྲོ་རན་སོང"
"ང ཐང་ཆད་བྱུང"
ངས ཁོ་མོར་དེ་ལྟར་བརྗོད
ཁོ་མོའི་ངོ་གདོང
ཁོ་མོའི་སྙིང་གཏམ
ཁོ་མོའི་དམ་བཅའ
ང བདེ་རུ་གཞུག་མི་སྲིད་ཨང་།
26/9/2013 རང་མལ་དུ་བསྒྱུར།
༼ན་བུན་གྱིས་ཨིན་ཡིག་ལས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།