གལ་སྲིད། འུ་ཚོ་གཡུལ་སྦྱོར་ལ་བཤོལ་ཚེ།
གལ་སྲིད འུ་ཚོ་གཡུལ་སྦྱོར་ལ་བཤོལ་ཚེ
དགྲ་བོས་གཤེད་གྲི་བཟུང་དེ་འུ་ཅག་བསད་རྗེས
ད་དུང མཛུབ་མོས་འུ་ཅག་གི་རུས་ཀྲང་ལ་ཀེར་ཏེ
ལྟོས་དང འདི་ནི་བྲན་གཡོག་རེད་ཅེས་བཤད་སྲིད
རང་དབང་། ང་ཚོར་ཕྱོགས་བྱུང་།
སྐྱོ་གདུང་གི་ཁེངས་བའི་རིགས་རྒྱུད་དེ
ང་ཚོས་ངེས་པར་དུ་དམག་འཁྲུགས་བྱེད་དགོས
སྟོན་ཟླ་དགུ་བའི་ཕྱི་རོལ་དུ
ཡཱ་ཞི་ཡའི་རི་ཐང་དུ རང་དབང་ཡཱ
ཁྲག་རྩའི་སྦུབས་ནས སྤུན་ཟླའི་རུས་ཀྲང་ལས
བདག་ཅག་གི་ཕྱོགས་སུ་སླེབས་བྱུང
ཆར་རླུང་དང རྒྱ་མཚོའི་ཁུག་རྟ་ཇི་བཞིན
[གཡུ་མིག་གིས་བསྒྱུར]
རྩོམ་ཁུངས། ངེད་དྲ་བ།