ང་རང་སློབ་གྲྭར་འགྲོ་དགོས།
ཅིས་མིས་བུད་སོང་། ད་ནི་གཉེན་ཉེ་གཞན་ཅི་ཡང་མི་འདུག ཏི་ཧྲི་པོ་དང་ཁ་འབྲེལ་རྒྱུ་ནི་ཨན་ནིས་ཀྱི་དམིགས་ཡུལ་ཡིན།
ཨན་ནིས་ཀྱིས་གསོ་སྐྱོབ་ཁང་གི་ནང་རོལ་ནས་རང་ཉིད་འཚོ་དཀའ་བ་གསལ་བོར་རྟོགས་ཡོད། འོན་ཀྱང་དངོས་གནས་ཕྱི་རོལ་དུ་སོང་ཚེ། རང་ཉིད་ཀྱིས་ཇི་ལྟར་འཚོ་བ་རོལ་དམ། ཁོ་མོ་ནི་དྭ་ཕྲུག་ཅིག་ཡིན་ལ། ཁྱིམ་ཚང་གི་ཁག་ཐེག་མེད་པས། བཟོ་གྲྭ་གང་ཞིག་གིས་ཁོ་མོ་གླ་ཕོད་དམ། ད་དུང་ཁོ་མོའི་ལོ་ན་ཡང་ཤིན་ཏུ་ཆུང་། མིག་ཤུགས་ཡང་ཞན། སུས་ཀྱང་འདི་ལྟ་བུའི་བཟོ་ཕྲུག་ཅིག་གླ་འདོད་སྐྱེས་ཀྱིན་མེད།
སུ་ཞིག་ཡོང་སྟེ་ཆགས་ས་རྟེན་ས་མེད་པའི་ཨན་ནིས་ལ་རོགས་རམ་བྱེད་དམ། མཐར་ཐུག་ལས་ཡག་པ་ཞིག་ལ་ཨན་ནིས་དངོས་གནས་ཁོ་མོར་སེམས་ཁུར་བྱེད་པའི་མི་ཞིག་དང་འཕྲད་སོང་། ཁོ་ནི་པཱ་པཱ་ལཱ་ཧྲིན་ཧྥུའུ་རེད། ཁོ་ནི་ཏི་ཧྲི་པོར་ཡོང་སྟེ་ཅང་མ་འགོར་བར་བུད་མེད་མལ་ཁང་གི་གཙོ་འགན་འཁུར་ཏེ་གཟའ་འཁོར་རེའི་གཟའ་དྲུག་པར་གསོལ་བ་འདེབས་པ་དང་གཟའ་ཉི་མའི་ཉིན་གྱི་མཆོད་འབུལ་མཛད་སྒོ་ཤོམ་གྱིན་ཡོད།
པཱ་པཱ་ལཱ་ཧྲིན་ཧྥུའུ་ཡིས་གནས་འདིའི་དཀའ་སྡུག་གི་ཁོར་ཡུག་མཐོང་བས། སེམས་ཁམས་ཤིན་ཏུ་ནས་ལྗིད་ཏིག་གེར་གྱུར་ཡོད། མི་ཚེའི་རེ་བ་བསྐྱུར་བའི་མགྲོན་པོ་དག་གིས་ཁོའི་སེམས་པ་དམ་དུ་བཏགས། ཁོམ་པ་ཅུང་ཙམ་མཆིས་ན། ཁོ་གསོ་སྐྱོབ་ཁང་དུ་ཡོང་སྲིད། ཁོས་སྐྱེས་པ་དག་ལ་ལུས་རྩལ་གྱི་གསར་འགྱུར་འགའ་དང་། ལོ་ལོན་དག་ལ་ཁ་བརྡ་རེ་གློད་སྲིད། གོ་རིམ་འདིའི་ཁྲོད་ནས་ཁོས་ཨན་ནིས་ལ་མཉམ་འཇོག་བྱས་སོང་། ཨན་ནིས་ལ་སེམས་ཁུར་བྱེད་པའི་མགོ་མྱུར་བར་བརྩམས་སོང་།
གསར་དུ་ཡོང་བའི་ཧྲིན་ཧྥུའུ་ལ། ཨན་ནིས་ཀྱིས་སྔར་བཞིན་དོགས་ཟོན་བྱེད་ཀྱིན་ཡོད། རྒྱུན་པར་ཧྲིན་ཧྥུའུ་ཡིས་ཁོ་མོར་བལྟ་འདོད་པའི་དུས་སུ། ཨན་ནིས་གཞི་ནས་གཡོལ་གཟུར་བྱེད། ཁོ་མོ་ད་དུང་ནུ་བོ་ཤི་བའི་སྡུག་བསྔལ་གྱི་ཀློང་རིམ་ནས་ཐར་མེད་ལ། མི་གཞན་པར་གྲོགས་སྒྲིག་འདོད་ཀྱི་སེམས་ཁམས་ཀྱང་མེད།
ཨན་ནིས་ཀྱིས་ཇི་ལྟར་གཡོལ་གཟུར་བྱེད་ཀྱང་། པཱ་པཱ་ལཱ་ཧྲིན་ཧྥུའུ་ཡིས་དེ་དང་གཤིས་འཇམ་གྱི་མཆུ་སྔྱོར་གནང་བའི་འཛུམ་མདངས་སྔར་ལྟར་ཨན་ནིས་ཀྱི་སེམས་ཀྱི་གཏིང་རིམ་དུ་འཇོག་སྲིད།
ཨན་ནིས་ཀྱི་དོགས་ཟོན་གྱི་སེམས་དལ་བུར་ཞུ་སོང་ལ། ཧྲིན་ཧྥུའུ་དང་ཉེ་བར་བཅར་བའི་མགོ་བརྩམས་སོང་། ཧྲིན་ཧྥུའུ་ཡིས་ལག་འཇུ་བྱས་ཏེ་མི་ལ་ཁ་གྲག་དུས། ཨན་ནིས་ཁ་རོག་གེར་ཁོའི་ལྟག་རྒྱབ་ཏུ་ལངས་སྲིད། ཡང་ཟླ་བ་འགའ་འགོར་རྗེས། ཁོ་ཚོ་གྲོགས་པོ་གྱུར་སོང་ལ། གླེང་མོལ་བྱེད་པའི་མགོ་བརྩམས། རྒྱུན་པར་གྲོང་ཁྱེར་ཆེན་པོ་ནས་ཁ་འབྲལ་དུས། ཧྲིན་ཧྥུའུ་ཡིས་ཨན་ནིས་ཀྱི་ཕྲག་མགོར་ཡངས་མོར་བསྣུན་ཏེ“སླར་མཇལ”ཞེས་བཤད།
ཉིན་ཞིག་ལ། ཧྲིན་ཧྥུའུ་ཡིས་ཨན་ནིས་ལ་དགའ་སྐྲག་ཟུང་ལྡན་གྱི་སྐད་ཆ་ཞིག་བཤད་སོང་།
ཧྲིན་ཧྥུའུ་སྒོ་ཆེན་སེར་བོའི་འགྲམ་དུ་འགྲོ་དུས། གློ་རྡེག་ཁ་ཕྱིར་འཁོར་ཏེ་ཨན་ནིས་ལ་བལྟས། དེ་རྗེས“ཨན་ནིས། ངས་ཁྱོད་ཁྲིད་དེ་གནས་འདི་དང་ཁ་འབྲེལ་རྒྱུ་བྱ། གནས་འདི་ནི་ཁྱོད་འདུག་སའི་ས་ཆ་མ་རེད”ཅེས་དམ་བཅོས།
པཱ་པཱ་ལཱ་ཧྲིན་ཧྥུའུ་ཡིས་ཨན་ནིས་ཀྱི་གནས་ཚུལ་ཤེས། མིག་ཤུགས་མི་བཟང་བ་མ་ཟད། ཕལ་ཆེར་མྱུར་བར་ཞར་སྲིད། ཁོས་ཨན་ནིས་ཀྱི་མིག་ཤུགས་སླར་གསོ་བྱེད་པར་ཐག་གིས་བཅད། ཧྲིན་ཧྥུའུ་ཡི་གྲོགས་པོ་ཞིག་ནི་མཱ་སཱ་ཀྲུའུ་སའེ་ཁུལ་ལའོ་ཝེ་ཅོན་གྱི་གནམ་བདག་ཆོས་ལུགས་སྙིང་རྗེ་སྨན་ཁང་གི་སྨན་པ་ཞིག་ཡིན། མ་ཟད་སྨན་བཅོས་ལག་རྩལ་ལ་ཁྱད་དུ་འཕགས་པས། ཁོས་ཨན་ནིས་ཀྱི་མིག་དྲེག་ཏུ་འཇུག་ཐུབ།
ཧྲིན་ཧྥུའུ་ཡིས་ཨན་ནིས་ཁྲིད་དེ་སྨན་པར་སྟོན་དུ་སོང་། ཁོས་བལྟས་ན་སྨན་བཅོས་བྱས་ཏེ་མིག་དྲེག་ཏུ་འཇུག་རྒྱུ་ནི་ཆེས་གལ་ཆེ་བ་ཡིན། སྨན་བཅོས་ཀྱིས་མིག་དྲེག་སོང་ན། གནད་དོན་གཞན་དག་རང་ཤུགས་ཀྱིས་ཐག་གཅོད་བྱ་སྲིད། མིག་ནད་སྨན་བཅོས་བྱས་རྗེས། ཁོས་ཨན་ནིས་ལ་འོས་འཚམ་གྱི་ཁོར་ཡུག་ཅིག་བཙལ་ལ། ཁོ་མོ་ཡང་བསྐྱར་ཤུགས་མེད་ནུས་མེད་ཀྱིས་ཏི་ཧྲི་པོ་ནས་འདུག་ཏུ་འཇུག་མི་ཉེན།
ད་ལྟ་ཨན་ནིས་དང་ཅིས་མིས་ཏི་ཧྲི་པོར་ཡོང་སྟེ་བགྲང་བྱ་གཅིག་འགོར་ལ་ཉེ་དུས། ཨན་ནིས་གནས་འདི་དང་ཁ་འབྲལ་དགོས།
པཱ་པཱ་ལཱ་ཧྲིན་ཧྥུའུ་ཨན་ནིས་ཁྲིད་དེ་ལོ་ཝེ་ཅོན་དུ་ཐོན་ལ། ཁོ་མོ་རང་ཉིད་ཀྱི་སྨན་པ་གྲོགས་པོར་སྤྲད། སྨན་པས་ལམ་སེང་ཨན་ནིས་ལ་བརྟག་དཔྱད་བྱས་ཏེ“ངས་བསམ་ན་ཁོ་མོའི་མིག་གིས་སླར་ཡང་མཐོང་ཐུབ་ངེས།”དེ་དང་མཐུད་དེ་གཟབ་ནན་གྱིས“གནད་དོན་ཆེན་པོ་མི་འདུག དྲེག་ཏུ་འཇུག་ཐུབ”ཅེས་བསྐྱར་བཟློས་ཤིག་བཤད།
ཁོས་མྱུར་བར་ཨན་ནིས་གཤགས་བཅོས་བྱེད་པར་བཀོད་སྒྲིག་བགྱིས། བཤགས་བཅོས་བྱས་རྗེས། ཨན་ནིས་ཀྱི་མིག་དཀྲིས་གཅུད་དེ་མལ་ཁྲི་ནས་ཉིན་འགར་ལོག་ནས་བསྡད་ལ། ཡིད་སེམས་རེ་བས་ཁེངས་འདུག མཐར་ཐུག་སྐུད་པ་ལེན་པའི་ཉིན་དུ་སླེབས་བྱུང་། སྨན་པས་ནད་གཡོག་པ་འགའ་ཁྲིད་དེ་ནང་དུ་ཡོང་། ཁོ་མོ་ཚོས་སྨན་རྫས་དང་བརྟག་དཔྱད་ཡོ་ཆ་ས་སྣ་ཚོགས་ཤིག་བཟུང་ནས་འདུག པཱ་པཱ་ལཱ་ཧྲིན་ཧྥུའུ་ཡང་སླེབས་བྱུང་།
སྨན་པས་སེམས་ཆུང་གིས་ཨན་ནིས་ཀྱི་མིག་དཀྲིས་ཕྱིས་ཤིང་། དལ་བ་དལ་བུར་ངང་སྐུད་པ་བཅད། བསྒྲུབས་ཚར་རྗེས། ཁོས་ཨན་ནིས་ལ“མིག་ཕྱེས་ཤིག”ཅེས་བཤད། སྨན་པའི་སྐད་ཆ་གོ་མ་ཐག ཨན་ནིས་ཀྱི་སྙིང་ཆུང་ལུ་གུ་བཞིན་ལྡིང་། ཁོ་མོའི་མིག་ཟུང་ཕྱེས་ནའང་། མིག་མདུན་གྱི་མཆིས་སོ་ཅོག་རབ་རུབ་ཅིག་ཡིན་ལ། གནས་ཚུལ་ཕལ་ཆེར་སྔོན་ལས་ཀྱང་རབ་བི་རབ་བི་ཞིག་ཏུ་གྱུར་འདུག འོད་ཟེགས་དང་སྐྱ་མདོག་གི་སྣང་བརྙན་ཁོ་ན་མིག་ལམ་དུ་འཕྲོས་ཡོང་།
གཤག་བཅོས་ལེགས་འགྲུབ་བྱུང་མ་སོང་།
ཨན་ནིས་ངུས་བྱུང་། ཁོ་མོ་ངུ་ཞོར་དུ་བཤད་རྒྱུར“ང་ཕྱིར་གསོ་སྐྱོབ་ཁང་དུ་དུ་མ་སྐྱེལ་ན་མི་ཆོག་གམ”
ཧྲིན་ཧྥུའུ་ཡིས“ཐེངས་འདིའི་བཤགས་བཅོས་ལེགས་འགྲུབ་མ་བྱུང་བས། ཡང་བསྐྱར་བཤགས་བཅོས་བྱ་དགོས། གནས་སྐབས་སུ་གསོ་སྐྱོབ་ཁང་དུ་མི་སྐྱེལ”ཞེས་སེམས་གསོ་བྱས། ཨན་ནིས་ཀྱིས་འདི་ལྟའི་སྐད་ཆ་གོ་བ་ན། དགའ་བ་ཚད་མེད་སྐྱེས།
ལའོ་ཝེ་ཅོན་གྱི་སྨན་པ་དག་གིས་ཁོ་མོ་ནི་སྤྱང་ཞིང་བདེ་ལྕག་འཁྱུག་པོ་ཡོད་པ་དང་། བུ་མོ་ཡ་རབས་ཤིག་ཡིན་པར་འདོད་པས། ཚང་མས་མོ་བློར་བབས་ཡོད་ལ། ཁོ་མོའི་སེམས་ཀྱི་རོལ་དབྱངས་ལ་ཞིབ་ཞན་བྱེད་པར་ཤིན་ཏུ་སྤྲོ། ཨན་ནིས་ཀྱང་འདི་གའི་མི་རྣམས་ནི་སེམས་བཟམ་དང་གདུང་སེམས་མཉམ་སྐྱེའི་སེམས་རྒྱུད་ཡག་པོ་ཞིག་ཡོད་པར་འདོད་པ་དང་། ཀུན་སྤྱོད་ཀྱང་ཡོད་པར་འདོད་ཀྱིན་ཡོད་། འདི་ནི་ཁོ་མོས་འདི་ལྟ་བུའི་མི་ཚོགས་ལ་འཕྲད་པ་ཐེངས་དང་པོ་ཡིན།
སྨན་པས་ཨན་ནིས་ཀྱི་ཆེད་དུ་ཐེངས་འགར་བཤགས་བཅོས་བྱས་སོང་། ཡིན་ནའང་གཅིག་ཀྱང་ལེགས་འགྲུབ་མ་བྱུང་། སྨན་པ་ཚོ་ཡང་ཅི་བྱ་གཏོལ་བྲལ་དུ་གྱུར།
སྨན་ཁང་ནི་ནད་པ་དྲག་ཏུ་འཇུག་ས་ཡིན་ལ། ནད་མེད་པའི་མི་ནི་འདི་ནས་འདུག་མི་དགོས། སྨན་པས་ཨན་ནིས་ཀྱི་མིག་ཞ་རའི་གྲས་སུ་གཏོགས་པ་ལས། མིག་ནད་ཚན་ཁག་གི་གྲས་སུ་མི་གཏོགས་ལ། དེ་བས་ངེས་པར་དུ་འབུད་དགོས་པར་འདོད་ཀྱིན་ཡོད། ཨན་ནིས་ལ་འདུག་དགོས་པའི་རྒྱུ་མཚན་ཞིག་ཡོད་མ་སོང་།
ཆོས་སྤེལ་གྱི་དགོས་མཁོ་ལས། པཱ་པཱ་ལཱ་ཧྲིན་ཧྥུའུ་ས་གནས་གཞན་དུ་བུད་སོང་བས། ཡང་བསྐྱར་ཨན་ནིས་ལ་རོགས་རམ་བྱ་མ་ཐུབ།
“ད་ལྟ་ཁོ་མོ་ཕྱིར་སྐྱེལ་དགོས”ཨན་ནིས་ཀྱིས་སྨན་པས་ནད་གཡོག་པར་བཤད་པ་གོ་སོང་། དེ་བས་ངུ་ཞོར་དུ“ང་ཕྱིར་མི་ལོག ཁྱོད་ཚོར་ཞུ་བ་བྱས་ནི་ཡིན། ང་ཕྱིར་མ་སྐྱེལ་རོགས”ཞེས་ཡིད་སེམས་སྐྱོ་གདུང་གིས་གཟིར་ཏེ་བཤད།
སྨན་པ་ཚོས་ཀྱང་ཨན་ནིས་ལ་གདུང་སེམས་མཉམ་སྐྱེད་རྒྱ་ཆེར་གནང་གིན་ཡོད། འོན་ཀྱང་ཁོ་ཚོར་ཡང་ཐབས་བཀོད་མི་འདུག འདི་ལྟར་ཨན་ནིས་ཡང་ཤིང་རྟ་འཁོར་ལོར་བཞོན་ནས་གསོ་སྐྱོབ་ཁང་དུ་ལོག་དགོས་བྱུང་།
ཏི་ཧྲི་པོར་ཐོན་དུས། ཨན་ནིས་ལ་སྔར་བཞིན་མཉམ་འཇོག་དང་སེམས་ཁུར་བྱེད་པའི་མི་གཅིག་ཀྱང་མི་འདུག ཁོ་མོས་འདི་ནི་ནམ་ཡང་ཉི་འོད་མཐོང་མི་ཐུབ་པའི་མུན་ནག་གི་བཙོན་ར་ཞིག་རེད་བསམ་བཞིན་ཡོད་། ཁོ་མོས་སྐྱོ་གདུང་གི་ངང་ནས་བསམ་གཞིགས་བཏང་ལ། སྔར་བས་བྲེལ་འཚུབ་ཀྱིས་གནས་འདི་དང་ཁ་འབྲལ་འདོད་སྐྱེས།
ཁོ་མོས་ངེས་པར་དུ་ཏི་ཧྲི་པོར་ཁ་འབྲལ་རྒྱུའི་གནའ་སྐྱེལ། མལ་ཁང་ནང་གི་ལྕམ་མོ་རྒས་འཁོགས་དག་གིས“ཨན་ནིས། ཁྱོས་རང་ཉིད་སུ་རེད་འདོད་དམ། ཁྱོད་དང་འུ་ཚོ་གཅིག་པ་ཡིན་ནི་རེད། འདི་དང་ཁ་འབྲལ་རྒྱུའི་བསམ་བློ་མ་བཅངས”ཞེས་ཟུར་ཟས་བཤད། ཨན་ནིས་སྐད་ཆ་དེ་དག་གིས་ཁོང་ཁྲོ་བསླངས་སུ་བཅུག་པས“ཁྱོད་ཚོས་ཇི་ལྟར་འདོད་ཀྱང་། ང་འདི་དང་ཁ་འབྲལ་རྒྱུ་ཡིན”ཞེས་རྒོལ་ལན་སློག
“དེས་ན་ཁྱོད་རང་ཁ་བྲལ་རྗེས། ཅི་ཞིག་བྱེད་རྒྱུ་ཡིན”མི་ལ་ཤས་ཀྱིས་ཡ་མཚར་བའི་སྒོ་ནས་དྲིས།
“ང་རང་སློབ་གྲྭར་འགྲོ་དགོས”ཨན་ནིས་ཀྱིས་ཁ་ཚོན་བཅད་པའི་སྒོ་ནས་བཤད།
མལ་ཁང་ནང་གི་མི་ཡོངས་དགོད་ཆི་ལེར་གྱུར་སོང་།
འདིའི་ཁྲོད་དུ་སེམས་བཟང་གི་གྲོགས་པོ་མ་ཡོད་པ་མ་ཡིན་ལ། ཁོ་མོ་ཚོས་སེམས་གཏིང་ནས་ཨན་ནིས་ཀྱིས་ཉིན་དཀར་རྨི་ལམ་མི་རྨི་བར་རེ་བ་འཆང་གིན་ཡོད། དེ་བས་ཁོ་མོ་ཚོས་ཨན་ནིས་ཀྱི་བསམ་ཚུལ་རྩ་བ་ནས་མངོན་འགྱུར་བྱ་མི་ཐུབ་པ་དང་། ཇི་ལྟར་དྲན་ན་དེ་ལྟར་སེམས་ཀྱི་རྨ་ཁ་ཇེ་ཆེར་འགྲོ་སྲིད་ལ། མ་དྲན་པ་ལས་འཕགས་པ་ཡིན། དེ་དང་མཐུད་དེ་གྲོགས་པོ་མཱ་ཆིས་ཀྱིས་ཀྱང་ཨན་ནིས་ལ་ཁ་ཏ་བྱེད་པའི་མགོ་བརྩམས། “ཨན་ནིས། ལས་དབང་ལ་ཡིད་ཆེས་བྱེད་རོགས། ཁྱོད་ཀྱི་མིག་མི་བཟང་། ཕྱི་རོལ་ཏུ་གཞི་ནས་འཚོ་བ་རོལ་བའི་བཀོད་པ་མི་འདུག འདི་ནི་ད་གཟོད་ཁྱོད་ཀྱི་ཁྱིམ་ཚང་ཡིན”
“མིག་ཤུགས་མི་བཟང་ན་ཅི་རེད། མིག་ཤུགས་མི་བཟང་ན་དཔེ་ཆ་བལྟ་མི་ཐུབ་པ་ཡིན་ནམ། ང་འདི་དང་ཁ་འབྲལ་ཏེ་ཕྱི་རོལ་གྱི་འཇིག་རྟེན་དུ་འགྲོ་དགོས། ང་ད་དུང་སློབ་གྲྭར་འགྲོ་དགོས། ཆེས་སྤྱིར་བཏང་གི་སློབ་གྲྭ་ཞིག་ཡིན་ནའང་། ང་རང་སློབ་གྲྭར་འགྲོ་དགོས། དཀོན་ཅོག་གིས་ཇི་ལྟར་དྲན་པ་ཁོའི་དོན་དག་རེད། ང་ལ་ངའི་བསམ་ཚུལ་ཡོད། ངས་ནམ་ཡིན་ན་ཡང་ཁོའི་བཀོད་སྒྲིག་དང་ལེན་བྱ་མི་སྲིད”
ཨན་ནིས་ཀྱི་སྐད་ཆས་མཱ་ཆིས་སྐྲག་ཐག་ཆོད་དུ་བཅུག་སོང་། ཁོ་མོས་སྐད་ཆ་འདི་དག་གིས་ཏན་ཏན་དཀོན་ཅོག་ལ་ཁྱད་གསོད་བྱས་པར་འདོད་དེ“ཁྱི་ཁ་ཚུམས། ཨན་ནིས། ཉོག་བཤད་མ་རྒྱག”ཅེས་བཤད་སོང་། ཨན་ནིས་ལ་མཱ་ཆིས་ཀྱི་ཉོག་ཉོག་ལྡབ་ལྡིབ་ལ་གཏམ་ལ་ཕྱིར་ལན་སློག་པའི་གནས་ལུགས་མེད་སོང་བས་ན། ཁོང་ཁྲོའི་སྒོ་ནས་མལ་ཁང་གི་ཕྱི་རུ་རྒྱུགས།
ཨན་ནིས་དོན་དངོས་སུ་ནམ་ཞིག་ལ་འདི་དང་ཁ་འབྲལ་རྒྱུ་ཡིན་ནམ།
རེ་བའི་ཁྲོད་དུ་ཨན་ནིས་ཀྱི་ཉི་མ་ལོ་ལས་རིང་། 1878ལོ་འདས་རྗེས1879མྱུར་བར་སླེབས། དེ་དང་མཐུད་དེ1883ལོའི་བར་གྱི་ལོ་ངོ་གསུམ་ལ་ཨན་ནིས་ཏི་ཧྲི་པོ་ནས་ཡང་ཡང་བསྐྱར་ལུས་བྱུང་། ཁོ་མོའི་མིག་ནི་ཧ་ལམ་ཡོངས་སུ་ཞར་ནས་འདུག འོན་ཀྱང་ཕུགས་བསམ་ད་དུང་མངོན་འགྱུར་བྱས་མེད། ཐ་ན་མཚམས་རེར་རང་ཉིད་ཀྱང་དོགས་ཚོམ་སྐྱེས་བཞིན་ཡོད།
དོན་དག་ཅི་ཞིག་བྱུང་ཡང་། སེམས་ཤུགས་དང་ཡིད་ཆེས་གཡོ་མི་སྲིད་ལ། “ཏི་ཧྲི་པོ་དང་ཁ་འབྲལ་རྒྱུ”ནི་ཐག་ཆོད་ཡིན།
ཉིན་ཞིག་ལ། གྲོགས་པོ་ཞ་ར་ཞིག་གིས་ཁོ་མོར་བཤད་རྒྱུར“ཨན་ནིས། དོན་དག་ཅིག་ཡོད། ངས་ཁྱོད་ལ་བཤད་ཉེན་མིན་མི་ཤེས་ཀི། ཁྱོད་ཀྱང་ཅི་བྱ་གཏོལ་མེད་ཡིན་པ་ཁྱོད་ཀྱིས་ཚོད་དཔག་བགྱིས་ན་རྟོགས་ཐུབ། འོན་ཀྱང……ངས་ད་དུང་ཁྱོད་ལ་བཤད་དགོས་པར་འདོད། སློབ་གྲྭ་ཞིག་ཡོད་པ་ནི་ཆེད་དུ་ཞ་རར་བཙུགས་པ་ཡིན་པ། ཁྱོད་ཀྱིས་གོ་མ་མྱོང་ངམ”
ཨན་ནིས་གསར་འགྱུར་འདིས་འདུག་བཟོད་མེད་པར་བཏང་། “ཅི་ཞིག ཞ་རའི་སློབ་གྲྭ། ང་ལྟ་བུའི་མི་དག་གིས་ཀྱང་དཔེ་ཆར་བལྟ་བ་དང་ཡི་གེ་བྲིས་ན་ཆོག་པ་ཡིན་ནམ”ཞེས་རྔམ་འཚུབ་ཀྱིས་དྲིས།
“རེད་དེ། ཐབས་བཀོད་ཅིག་འཐེན་ཏེ་ནང་དུ་བུད་སོང་ན་ད་གཟོད་ཆོག་པ་རེད”
ཨན་ནིས་ཀྱིས་ཡང་སུའུ་ཏ་ཞིས་ཀྱི་ཟུར་ཟ་ཞིག་ཡིད་དུ་འཁོར་བྱུང་སྟེ“ཁྱོད་ཀྱི་མིག་མི་འགྱངས་པར་ཞར་སྲིད། ཕལ་ཆེར་མི་ཚེ་གང་བོར་ཡང་སློབ་གྲྭར་འགྲིམས་པའི་གོ་སྐབས་མི་འདུག” རེད་ཡ། སྐབས་དེར་ཁོ་མོའི་མིག་ཤུགས་ཅུང་ཙམ་ཞན་པ་དེ་ཡིན་པས། སློབ་གྲྭར་འགྲིམས་མ་ཐུབ། ད་ལྟ་མྱུར་བར་ཞ་སྲིད་པས། ཡང་ཇི་ལྟར་སློབ་གྲྭར་འགྲོ་ཐུབ། ཁོ་མོ་ཏི་ཧྲི་པོར་ཡོང་བའི་སྐབས་སུ་ཧཱ་ལོ་ཆིས་ཀྱི་ཟུར་ཟ་ཁོ་མོས་གསལ་བར་བཟུང་འདུག“ཨན་ནིས། ཞ་ར” ཡོད་ཚད་ཀྱིས་ཁོ་མོ་སློབ་གྲྭར་འགྲིམས་མི་ཐུབ་པ་ཐག་གིས་བཅད་འདུག ཇི་ལྟར་བསམ་ན་དེ་ལྟར་ཁོང་ཁྲོ་འབར་བས། ཁོ་མོས“རྫུན་རྐྱལ་ཁྱོས། ང་དགའ་རུ་བཅུག་པ་ཁོ་ནའོ།། ཁྱོད་ནི་ཤིན་ཏུ་གདུག་རྩུབ་ཆེ་ལ། ང་ཡིད་མུག་སྐྱེས་བཞིན་ཡོད་པ་ཁྱོད་ཀྱིས་མཐོང་བར་སྨོན། ང་ནི་ཞ་ར་ཞིག་ཡིན་པས། དཔེ་ཆ་འདོན་པ་དང་ཡི་གེ་འབྲི་བ་ནི་དཔེ་མི་སྲིད”ཅེས་ཞེ་སྡང་གིས་བཤད།
ཞ་རའི་གྲོགས་པོས་ཨན་ནིས་ཀྱི་ལག་པ་འཐེན་ཏེ་ཏོག་ཙམ་ལ་ཁ་རོག་གེར་བསྡད། “སྙིང་ཉེ་ལགས། འདི་བཀོལ་ཏེ་ཡོད་ཚད་སློབ་སྦྱོང་བྱ་ཆོག” ཁོ་མོས་ཨན་ནིས་ཀྱི་མཛུབ་གུ་འཕུར་མཉེན་བྱེད་ཞོར་མུ་མཐུད་དུ་བཤད་རྒྱུར“འབུར་བརྐོས་ཡི་གེ་ཞིག་ཡོད། ཁྱོད་ཀྱིས་མཛུབ་མགོ་བཀོལ་ཏེ་ཚོར་རེག་བཙལ་ཆོག་ལ། ཚོར་རེག་དེར་བརྟེན་ནས་ཡོད་ཚད་ཀློག་པར་ཆོག འདི་ནི་ཆེད་དུ་ཞ་རར་ཇུས་འགོད་བྱས་པ་ཞིག་ཡིན་ཏེ། ཁོ་ཚོས་འདི་དག་ལ་བརྟེན་ནས་དཔེ་ཆ་ཀློག་གིན་ཡོད”
མ་གཞི་ཨན་ནིས་དངོས་གནས་འགྲོ་སའི་ས་ཆ་ཞིག་ཡོད་བྱུང་། འོན་ཀྱང་ཇི་ལྟར་བྱས་ན་ནང་དུ་འགྲོ་ཐུབ། སུས་ཁོ་མོར་རོགས་རམ་བགྱི་ཐུབ། ཕྱི་རོལ་གྱི་འཇིག་རྟེན་དོན་དངོས་སུ་ཇི་འདྲ་ཞིག་ཡིན། ཁོ་མོར་ཐ་སྙད་ཀྱི་ངེས་ཤེས་ཙམ་ཡང་མེད། སུས་ཁོ་མོ་རེ་ལྟོས་བྱས་ཏེ་རོགས་རམ་བྱའམ། ཁོ་མོས་ཡི་གེ་གཅིག་ཀྱང་འབྲི་མི་ཤེས་ལ། འཕྲིན་ཡིག་ཅིག་དེ་བས་ཀྱང་འབྲི་མི་ཐུབ། མིག་ཀྱང་ཞ་ར་ཡིན་པས། གང་དུ་བགྲོད་ཀྱང་དཀའ་ཁག་ལྡན། འདི་ལྟར་རྙོག་འཛིང་ཆེ་བའི་ཕྱི་རོལ་གྱི་འཇིག་རྟེན་དུ་ཞུགས་ན་ཇི་ལྟར་འཚོ་བ་རོལ་དམ།
ཞ་རའི་སློབ་གྲྭར་སོང་ཚེ་ཨན་ནིས་དཀའ་ལས་གཏད་པས། ཁོ་མོས་ཉིན་མཚན་དུས་དྲུག་ཏུ་བསམ་གཞིགས་གང་མང་གཏོང་གིན་ཡོད།
མཱ་ས་ཀྲུའུ་སའེ་ཁུལ་དུ་བཙུགས་ཡོད་པའི་གསོ་སྐྱོབ་ཁང་། ཁུལ་གྱི་བདག་གཉེར་བ་དག་གིས་ཧ་ལམ་བརྗེད་སོང་། གནས་འདིའི་ཆ་རྐྱེན་ཤིན་ཏུ་ཞན་པས། བྱམས་དང་སྙིང་རྗེ་ཆེ་བའི་མི་ཕལ་མོ་ཆེ་ཞིག་གིས་སྲིད་གཞུང་གིས་གསོ་སྐྱོབ་ཁང་ལ་སེམས་ཁུར་མི་བྱེད་པར་དམའ་འབེབས་བྱས་སོང་། རེད་དེ། ཏི་ཧྲི་པོར་སྔ་མོ་ནས་རྩིས་མཐོང་བྱེད་འོས། གནས་འདིའི་ཁོར་ཡུག་ཧ་ཅང་ཐབས་སྡུག་ཡིན་ཞིང་། འཛུགས་སྐྲུན་ཡང་གོག་པོ་གོག་རྐྱང་ཡིན། སྨན་རྫས་ཤིན་ཏུ་དཀོན་ལ། ཟས་རིགས་ཀྱི་སྤུས་ཚད་ཧ་ཅང་ངན་ངོན་ཡིན། འབུ་སྲིན་དང་། འབུ་ཕྲས་ས་ཁ་གང་ནས་ཡོད་ལ། ཙི་གུའི་ཁྱུ་ཚོགས་ར་སྐོར་གྱི་ཕྱོགས་མཚམས་ཀུན་ཏུ་ཡོམ་ཡོམ་འགུལ་གྱིན་འདུག ཉིན་དཀར་ཡིན་ན་ཡང་ཧ་ཅང་སྨྱོ་ཧམ་གྱིས་འདུར། ད་དུང་མིའི་ཟ་མ་འཕྲོག་པ་དང་། ཐ་ན་མི་ལ་གནོད་པ་སྐྱེལ་སྲིད། མི་ཤི་བ་བཤད་མ་དགོས་ཏེ། ཕྲུ་གུ་དམར་རྗེན་གཅིག་པུའི་སྟེང་ནས་ཀྱང་། ཏག་ཏག༡༨༧༥ལོའི་ཟླ་དང་པོར། གནས་འདི་ནས་ཕྲུ་གུ༨༠བཙས་ལ། དགུན་ཁར་སླེབས་ཚེ་ཕྲུ་གུ་བཅུ་ཁོ་ན་ལྷག་འདུག དངོས་གནས་ཡིད་སྐྱོ་སྟེ། ཚོགས་པ་སོང་སྟེ་བརྟག་དཔྱད་མ་བྱས་ན་དངོས་གནས་བཤད་ཁག་པོ་རེད་ཨང་།
གནད་དོན་ནི་ཏི་ཧྲི་པོའི་གཙོ་གཉེར་བའི་སྟེང་ནས་བྱུང་བ་མིན་པར། ཡོད་ཚད་ཁུལ་སྲིད་གཞུང་གི་གྲོན་དངུལ་གཏོང་བ་ཤིན་ཏུ་ཉུང་སོང་སྟེ། གྲོང་མི་དབུལ་བོ་རེ་ལ་གཟའ་འཁོར་རེར་མེ་སྒོར༡.༧༥ཡི་འཚོ་བའི་གྲོན་དངུལ་ལས་མེད། བདག་གཉེར་བ་ལའང་ཐབས་བཀོད་གཞན་ཞིག་མི་འདུག སྒོར་འདི་དག་གསོ་སྐྱོབ་ཁང་གནས་ཐུབ་བྱེད་ཐུབ་པའི་སྲོག་ཤིང་ཡིན།
འབོད་སྐད་སྣ་ཚོགས་མཱ་སཱ་ཀྲུའུ་སའེ་ཁུལ་སྙིང་རྗེ་ཨུ་ཡོན་ལྷན་ཚོགས་ཀྱི་དེ་གར་བརྒྱུད་དེ་ཐོན་བྱུང་བས། ཨུ་ཡོན་ལྷན་ཚོགས་ཀྱིས་ཚོགས་པ་མངགས་ཏེ་རྩད་གཅོད་བྱེད་དུ་བཅུག
ཐེངས་འདིའི་རྟོག་ཞིབ་ཀྱི་ངོས་ནས། ལོ་ལོན་ཚོས་གཞི་ནས་རེ་བ་འཆང་གིན་མེད་ལ། སྔོན་ཆད་ཀྱང་འདི་ལྟའི་རྟོག་ཞིབ་བྱེད་མྱོང་། དཔལ་འབྱོར་གྱི་གནས་ཚུལ་བསྒྱུར་བཅོས་སུ་རུང་བ་གཅིག་ཀྱང་མ་རྙེད།
༡༨༨༠ལོར་རྟོག་ཞིབ་ཚོགས་པ་གཞི་ནས་གསོ་སྐྱོབ་ཁང་དུ་བུད་སོང་། གནས་འདིའི་འཚོ་གནས་ཀྱི་ཆ་རྐྱེན་གྱིས་ཁོ་ཚོའི་ཡིད་སེམས་ཤིན་ཏུ་ནས་གཡོ་འགུལ་ཐེབས་སུ་བཅུག ཁོ་ཚོས་མགྲིན་གཅིག་ཏུ“གནས་འདིའི་ཆ་རྐྱེན་ངེས་པར་ཇེ་ལེགས་སུ་གཏོང་དགོས”ཟེར། ཐེངས་འདིའི་རྟོག་ཞིབ་ཉིན་འགའི་ཡར་སྔོན་དང་འདྲ་བར། གསོ་སྐྱོབ་ཁང་གི་གནས་ཚུལ་བསྒྱུར་བཅོས་གང་ཡང་བྱས་མི་འདུག སྨན་བཅོས་དང་ཟས་རིགས་སྔར་བཞིན་ངན་ངོན་ཡིན་ལ། འབུ་སྲིན་དང་འབུ་ཕྲ། ཙི་གུའི་ཁྱུ་ཚོགས་སྔར་ལྟར་སྨྱོ་རླབས་ཀྱིས་འདུར།
འོན་ཀྱང་ཐེངས་འདིའི་རྟོག་ཞིབ་ཀྱི་ངོས་ནས། ཨན་ནིས་རེ་སྒུག་གིས་ཁེངས་ནས་ཡོད། ཁོ་མོས་སྟེས་དབང་ཞིག་ལ་རེ་བས་བཅངས་ཡོད་ལ། མ་ཟད་ཁོ་ཚོས་ཁོ་མོར་དོ་སྣང་བྱས་ཏེ་སློབ་གྲྭར་སྐྱེལ་བར་རོགས་རམ་བྱེད་རྒྱུར་སྒུག་ཡོད།
མ་ཆིས་ཀྱིས་ག་ས་གང་དུ་ཁྱབ་པའི་གསར་འགྱུར་ཞིག་གོ་ཡོང་སྟེ། ཨན་ནིས་ལ་བཤད་རྒྱུར“རྟོག་ཞིབ་ཚོགས་པ་འདིའི་ཚོགས་གཙོའི་མིང་དུ་ཧྥ་ལང་ཞང་པང་ཟེར། ཁྱོས་ཁོ་འཚོལ་དུ་སོང་། སྟབས་ལེགས་ན་ཁྱོད་ཀྱི་རེ་བ་མངོན་འགྱུར་བྱ་ཐུབ་ན་ཐང” ཨན་ནིས་ཀྱིས་མིང་འདི་རྡོ་ལ་རི་མོ་བརྐོས་པ་བཞིན་སེམས་ངོར་ཕབ་ལ། ཁོ་མོས་རྟོག་ཞིབ་ཚོགས་པ་མྱུར་བར་ཐོན་པར་རེ་བ་འཆང་གིན་འདུག
རྟོག་ཞིབ་ཚོགས་པ་དངོས་གནས་སླེབས་བྱུང་། ཁོ་ཚོས་ཕྱོགས་མཚམས་ཀུན་ཏུ་བལྟ་ཞིབ་བྱས་ཏེ་གནད་དོན་ཞིག་བགྲངས་བྱུང་། མི་ལ་ཤོས་ཀྱིས་ད་དུང་འདིའི་ནང་གི་ཟས་རིགས་ཟ་བར་ཚོད་ལྟ་བྱེད་བཞིན་འདུག མཚམས་རེར་ལུས་པོ་ཁ་སྦུབ་ཏུ་ཉལ་ཏེ་ཙི་གུའི་དོང་ལ་བལྟ་ཞིབ་བྱས། ཁོ་ཚོས་ཀྱང་འདི་ལྟའི་ཁོར་ཡུག་ཤིན་ཏུ་ནས་སྐྱུགས་རྫོགས་ཤིག་རེད་བསམ་བཞིན་ཡོད་གཤིས། ཚང་མ་ཧ་ལས་ཧོན་ཐོར་དུ་གྱུར།
ཨན་ནིས་དུས་ཡུན་རིང་བོ་ཞིག་ཏུ་ཁོ་ཚོའི་རྗེས་སུ་འདུག
ཁོ་མོས་མི་འདི་དག་ལ་ཇི་ལྟར་བརྗོད་དགོས་པ་ཤེས་ཀྱིན་མི་འདུག་ལ། རང་ཉིད་ཀྱི་རེ་འདུན་ཇི་ལྟར་གླེང་དགོས་པར་དེ་བས་ཀྱང་ཤེས་ཀྱིན་མི་འདུག དེ་བས་ཁོ་ཚོའི་རྗེས་སུ་ཡར་འཁོར་མར་འཁོར་བྱེད་ཀྱིན་འདུག
རྟོག་ཞིབ་བགྱིས་ཏེ་ཚར་སོང་ལ། རྟོག་ཞིབ་ཚོགས་པ་མི་འགྱངས་པར་ཁ་འབྲལ་ངེས་པས། མིག་གིས་སྒོ་ཆེན་སེར་བོའི་སར་ཕྱོགས་བཞིན་པའི་ཁོ་ཚོར་བལྟས། སྒོ་ཆེན་གྱི་ཁ་ནས་ཏི་ཧྲི་པོའི་བདག་གཉེར་བ་དང་བལྟ་ཞིབ་ཚོགས་པའི་མི་སྣ་གཉིས་ཀྱིས་ཕན་ཚུན་དུ་ལག་འཇུ་བྱས་ཏེ་གྱེས་བརྡ་བསྒྲོན།
བལྟ་ཞིབ་ཚོགས་པ་མི་འགྱངས་པར་ཁ་འབྲལ་སྲིད། ཁོ་ཚོས་འདི་གར་མིང་དུ་ཨན་ནིས་ཞེས་འབོད་པའི་བུ་མོ་ཞིག་ཡོད་པ་ནམ་ཡིན་ཡང་རྟོགས་མི་སྲིད། ཁོ་མོའི་གནས་འདི་དང་ཁ་འབྲལ་འདོད་པའི་རེ་འདུན་དེ་བས་ཀྱང་རྟོགས་མི་སྲིད། གལ་ཏེ་ད་དུང་ཁ་མ་གྲག་ཚེ། ཨན་ནིས་ཀྱི་རེ་བ་སྟོང་བར་འགྱུར་ངེས་ལ། ཁོ་མོར་གནས་འདི་དང་ཁ་འབྲལ་བའི་གོ་སྐབས་ཤིག་སླར་ཡང་ཐོབ་མི་སྲིད།
དོན་ངོ་མ་སུ་ཞིག་ནི་སྐུ་ཞབས་ཞང་པང་ཡིན། ཨན་ནིས་ཀྱིས་མི་ཤེས། ཁོ་མོར་མི་སུ་ཡིན་རྣམ་པར་འབྱེད་པའི་དུས་ཚོད་ཀྱང་མི་འདུག
“ཡོང་འབབ་ཡོད་ཁོ་ཐག་ཡིན”
“ཨིན། འུ་ཚོས་ངེས་པར་དུ་མྱུར་བར་ཐག་གིས་གཅོད། བདེ་མོ”གྲུབ་གཟུགས་གཞན་ཞིག་གིས་ལན་བཏབ།
སྒོ་ཆེན་བརྒྱབས་སོང་། ཨན་ནིས་ཀྱིས་ཆེས་མཐའ་འཇུག་གི་གོ་སྐབས་ཤོར་སོང་།
གློ་བུར་དུ་སྐམ་ཞིང་ལུས་བོངས་ཆུང་བའི་མི་ཞིག་མི་ཚོགས་ཀྱི་ཁྲོད་ནས་བཤར་སྐྱོད་བྱས། “སྐུ་ཞབས་ཞང་པང་། སྐུ་ཞབས་ཞང་པང་།” མ་གཞི་དེ་ནི་ཨན་ནིས་རེད། “ང་རང་སློབ་གྲྭར་འགྲོ་དགོས། ང་རང་སློབ་གྲྭར་འགྲོ་དགོས། ང་རང་སློབ་གྲྭར་སྐྱེལ་རོགས”ཁོ་མོས་ངུ་ཞོར་དུ་རྟོག་ཞིབ་ཚོགས་པའི་མི་རེ་རེར་ཞུ་བ་བྱས།
ཏི་ཧྲི་པོའི་གཙོ་གཉེར་བ་ཡོང་སྟེ་ཁོ་མོ་འདྲུད་པར་འདོད།
“སྡོད། བུ་མོ་ཆུང་ཆུང་། དོན་ངོ་མ་དོན་དག་ཅི་ཞིག་བྱུང་སོང་།”སྒྲ་ཞིག་གིས་དྲིས།ཨན་ནིས་ཀྱིས་རེ་ཞུའི་ཚུལ་དུ“ངའི་མིག་ཤུགས་ཧ་ཅང་མི་བཟང་སྟེ། ཕལ་ཆེར་དངོས་པོ་གཅིག་ཀྱང་རིག་མི་ཐུབ་ཀི། འོན་ཀྱང་ང་རང་ཤིན་ཏུ་སློབ་གྲྭར་འགྲོ་འདོད་པས། ཁྱེད་ཅག་གིས་ང་རང་ཞ་རའི་སློབ་གྲྭར་སྐྱེལ་རོགས། ཨ་ཁུ་ལོ་ལོ་ཚོ”
“ཁོ་མོ་ཏི་ཧྲི་པོར་ཡོང་ནས་དུས་ཚོད་ག་ཚོད་འགོར་སོང་།”
“གསལ་བོར་མི་ཤེས”
རྟོག་ཞིབ་ཚོགས་པས་དྲིས་ཚར་རྗེས་གནས་འདི་དང་གྱེས་སོང་།
མཚན་མོ་དེར་ཨན་ནིས་ཕལ་ཆེར་མཚན་གང་བོར་ངུས་བྱུང་། རྒྱུ་མཚན་ཁོ་མོའི་རེ་བ་སྟོང་བར་གྱུར་སོང་བས། ཁོ་མོ་དོན་བྱ་ལེགས་འགྲུབ་མ་བྱུང་།
ཡང་ཉིན་འགའ་འགོར་སོང་། ཨ་ཕྱི་མ་ཞིག་བུད་མེད་ཀྱི་མལ་ཁང་དུ་ཡོང་སྟེ་ཨན་ནིས་བཙལ། ཁོ་མོས་ཨན་ནིས་ལ་འཕྲིན་བཟང་ཞིག་བསྣབས་ཡོང་བ་རེད། “ཨན་ནིས། ངས་ཁྱོད་ལ་བཤད། ཁྱོད་གནས་འདི་དང་ཁ་འབྲལ་ཐུབ་སོང་། ཁོ་ཚོས་ང་ཁྱོད་འཚོལ་དུ་སོང་ཟེར་ནས་ཡོང་བ་ཡིན། རེམ་མ། ཁྱོད་ཀྱི་དངོས་པོ་བསྡུ་གསོག་བྱོས།”
སྐུ་ཞབས་ཞང་པང་གིས་དངོས་གནས་ཨན་ནིས་ལ་ཞ་རའི་སློབ་གྲྭ་ཞིག་བཙལ། ཨན་ནིས་ཀྱི་འདོད་ཐོག་ལ་རྟ་རྒྱུགས་ཤིང་བསམ་ཐོག་ལ་ཆར་བབས། ཁོ་མོས་ཉིན་མཚན་དུས་དྲུག་ཏུ་རེ་བ་བཅངས་པའི་སློབ་གྲྭའི་ནང་དུ་འགྲོ་རྒྱུ་རེད། ཁོ་མོའི་སློབ་འགྲིམས་ཐོབ་ཐང་ནི་སྙིང་རྗེ་ཚོགས་པའི་གསོ་སྐྱོབ་ཁང་གི་སློབ་མ་ཡིན། སློབ་གྭའི་མིང་ཆ་ཚང་དུ་ཕ་ཅིན་སི་ཞ་རའི་སློབ་གླིང་ཡིན་ལ། པོ་ཧྲི་ཏོན་དང་བར་ལ་སྤྱི་ལེ༢༠འདུག
མལ་ཁང་གཅིག་པའི་གྲོགས་པོ་ཚོས་ཨན་ནི་ཀྱི་ཆེད་དུ་ལྭ་བ་གཉིས་མྱུར་བར་བཙེམས་བྱུང་། ཨན་ནིས་ཀྱིས་ལོ་ངོ་མང་པོའི་རིང་དུ་འདི་འདྲའི་ལྭ་གསར་ཞིག་གྱོན་མ་མྱོང་། ལྭ་བ་འདི་གཉིས་ཤིན་ཏུ་ནས་ཡག་པོ་ཡིན་ལ། ཁ་དོག་ཀྱང་མི་འདྲ་སྟེ། གཅིག་ནི་སྔོ་སྐྱའི་སྟེང་དུ་མེ་ཏོག་ནག་པོ་ཆུང་ཆུང་ཡོད་ལ། གཅིག་ནི་ཚང་མ་དམར་པོ་ཡིན། གསོ་སྐྱོབ་ཁང་དང་ཁ་བྲལ་བའི་ཉིན་དེར། ཨན་ནིས་ཀྱིས་ལྭ་དམར་པོ་ཞིག་གྱོན། དེ་ནི་དུས་ཆེན་ཞིག་རོལ་དགོས་པ་དང་འདྲ།
ཨན་ནིས་ཏི་ཧྲི་པོར་སྐྱེལ་ཏེ་དེ་རིང་གི་བར་དུ། ལོ་ངོ་བཞི་འགོར་སོང་། ཐེངས་འདི་ནི་དངོས་གནས་ཁ་བྲལ་བ་ཡིན།(སྔོན་དུ་གཅིག་ཡིན་ཏེ། མིག་སྟོན་དུ་སོང་དུས།)གྲོགས་པོ་འགས་ཁོ་མོ་སྒོ་ཆེན་གྱི་བར་དུ་སྐྱེལ། ཡིན་ནའང་ཀུན་པོར་ཕན་ཚུན་དམ་འཁྱུད་དང་འོ་བྱས་ཏེ་གྱེས་ཕྱག་ཕུལ་བ་དེ་མི་འདུག འོན་ཏེ་མི་རེ་རེས་ཆེས་བཅོས་མིན་གྱི་སྨོན་འདུན་དང་རེ་བ་ནན་པོའི་ཁྲོད་ནས་སྐྱེལ་མ་བྱས། “རྗེས་ཕྱོགས་ཨ་ཅེ་ཡིན་ལ། ཁ་ལ་ཉན་པའི་བུ་མོ་སྙིང་རྗེ་ཞིག་ཡིན་དགོས། མི་གཞན་གྱི་བར་ལ་ཁ་མ་གསེབ” “ཁྱོད་ཀྱིས་ཡི་གེ་འབྲི་ཤེས་དུས། ང་ཚོ་ལ་ཡི་གེ་བསྐུར་བར་མ་བརྗེད། དངོས་གནས་སྤྲོ་སྐྱིད་ལྡན་པ་ཞིག་རེད། ང་ཚོའི་སྙིང་རྗེ་བའི་ཨན་ནིས་རྗེས་ཕྱོགས་དཔེ་ཆ་འདོན་མཁན་ཡིན……” “ཁོམ་པ་རེ་ཡོད་ན་ངེས་པར་དུ་ང་ཚོ་ལ་བལྟ་རུ་ཡོང་དགོས།”
ཨན་ནིས་སྐྱེལ་མཁན་དང་ཡང་ན་སྔོན་ཆད་མེ་འཁོར་ས་ཚིགས་སུ་ལེན་དུ་ཡོང་བའི་ཤིང་རྟའི་ཁ་ལོ་བས། ཨན་ནིས་སྐྱོར་ཏེ་ཤིང་རྟ་འཁོར་ལོར་བཞག རྟ་ལྕག་གིས་བསྐུལ། ཤིང་རྟ་འཁོར་ལོ་ལམ་སེང་ཏི་ཧྲི་པོ་དང་ཁ་བྲལ་སོང་། ཤིང་རྟའི་ཁ་ལོ་བས་མགོ་བོ་ཕྱིར་འཁོར་ཏེ་གསོ་སྐྱོབ་ཁང་གི་སྒོ་ཆེན་སེར་བོར་བལྟ་ཞོར་དུ“ཨན་ནིས། ཁྱོད་ལ་མཚོན་ན་སྒོ་ཆེན་འདིའི་སྒོ་བརྒྱབས་སོང་། རྗེས་ཕྱོགས་ཡང་བསྐྱར་མ་ཡོང་། དཀོན་ཅོག་གིས་ཁྱོད་ལ་མགོན་སྐྱོབ་གནང་ངེས། ཡོད་ཚད་བདེ་ལེགས་ཡིན་པའི་སྨོན་ལམ”ཞེས་ནན་མངག་བྱས།
ལོ་ངོ་དུ་མའི་རིང་དུ། ཨན་ནིས་ཀྱིས་ནམ་ཡང་ཤིང་རྟའི་ཁ་ལོ་བས་ཁ་གྱེས་སྐབས་སུ་བརྗོད་པའི་སྐད་ཆ་ཡིད་དུ་གསལ་བོར་བཟུང་འདུག་སྟེ། ཐེངས་རེར་ཡིད་དུ་དྲན་ཚེ། ཡིད་སེམས་དྲོད་ལམ་ལམ་བྱེད་ངེས།
ཉིན་འདི་ནི༡༨༨༠ལོའི་ཟླ༡༠པའི་ཚེས༣ཡིན། དུས་དེ་ནས་བཟུང་ཨན་ནིས་ཀྱི་འཚོ་བ་དུས་སྐབས་གསར་བ་ཞིག་ཏུ་སླེབས། ཕ་ཅིན་སི་ཞ་རའི་སློབ་གླིང་ནི་དུས་སྐབས་གསར་བཞིག་གི་མགོ་ཚུགས་ས་ཡིན་ཏེ། ཁོར་ཡུག་གསར་བ་དང་འཚོ་བ་གསར་བ། ཨན་ནིས་ཀྱི་ཡིད་སེམས་སྤྲོ་སྐྱིད་ཀྱི་རེ་བས་ཁེངས་འདུག་གོ།།
༼རྐང་ཐང་བས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།