གལ་ཏེ།
ང་ནི་ཁྱི་ཕྲུག་ཞིག་ཡིན་པ་ལས
ཁྱོད་ཀྱི་བྱིས་པ་དེ་མིན་ན།
བྱམས་བརྩེ་ལྡན་པའི་ཨ་མ་ལགས
ངས་ཁྱོད་ཀྱི་དཀར་ཡོལ་ནང་གི་ཟ་མ་དེ་བཟའ་འདོད་སྐབས
ཁྱོད་ཀྱིས་ང་ལ་མ་ཟ་ཟེར་རམ།
ཁྱོད་ཀྱིས་ང་རང་ཕར་བདའ་ཞོར
ཁ་མི་ཉན་པའི་ཁྱི་ཕྲུག་ཟེར་རམ།
དེ་ན ང་འགྲོཨ་མང་འགྲོ
ཁྱོད་ཀྱིས་ང་རང་ཕྱིར་འབོད་སྐབས
ང་ཡང་བསྐྱར་ཁྱོད་ཀྱི་གམ་དུ་ལོག་མི་སྲིད་ལ
ཁྱོད་ཀྱིས་ཀྱང་ང་ལ་གཏན་ནས
ཟས་སྟེར་དགོས་མི་འདུག
གལ་ཏེ
ང་ནི་ནེ་ཙོ་ཞིག་ཡིན་པ་ལས
ཁྱོད་ཀྱི་བྱིས་པ་དེ་མིན་ན།
བྱམས་བརྩེ་ལྡན་པའི་ཨ་མ་ལགས
ཁྱོད་ཀྱིས་ང་རང་འཕུར་འགྲོ་དོགས་ནས
སྒྲོག་ལ་དམ་པོར་བསྒྲོགས་སམ།
ཁྱོད་ཀྱིས་ང་ལ་མཛུབ་མོ་འཛུགས་བཞིན
དྲིན་མི་ཤེས་པའི་བྱ་ངན
ནམ་རྒྱུན་ལྕགས་སྒྲོག་བརྐོ་བ་ལས་ཅང་མི་ཤེས་གི་ཟེར་རམ།
དེ་ནང་འགྲོཨ་མང་འགྲོ
ང་རང་ནགས་ཚལ་དུ་ཕྱིར་འཕུར་རྒྱུ་ཡིན
གཏན་ནས་ཁྱོད་ཀྱི་པང་དུ་ལོག་མི་སྲིད
༼སྨན་མཁའ་འབུམ་གྱིས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།