བཛྲ་གུ་རུ་པདྨའི་ངག་བསྡམས།
ཁྱོད་ཀྱིས་ང་ཉིད་མཐོང་དང་མ་མཐོང་ཡང་།།
ང་ནི་སྔར་བཞིན་དེ་ག་རང་དུ་གནས།།
སྐྱོ་བ་བྲལ་ཞེས་བསྙད་དུ་མི་ནུས་སོ།།
སྤྲོ་བ་འདི་ཞེས་བརྗོད་དུ་མི་གཏུབ་བོ།།
ཁྱོད་ཀྱིས་ང་ཉིད་དྲན་དང་མ་དྲན་ཡང་།།
བརྩེ་བ་ཉིད་ནི་དེ་ག་རང་དུ་གནས།།
ཚུར་ལ་མི་འོང་སྔར་གྱི་རང་བཞིན་གྱིས།།
ཕར་ལ་མི་འགྲོ་ཐོག་མའི་ཚུལ་དུ་འོ།།
ཁྱོད་ནི་ང་ལ་དགའ་དང་མི་དགའ་ཡང་།།
དགའ་བ་ཉིད་ནི་དེ་ག་རང་དུ་གནས།།
སྟེང་ལ་བསྣན་པ་འདི་ཞེས་སྟོན་དུ་མེད།།
རྨང་ནས་བླངས་པ་གན་ཞེས་འཛད་དུ་མེད།།
ཁྱོད་ཉིད་ང་རྗེས་འབྲང་དང་མི་འབྲང་ཡང་།།
ང་ཡི་ལག་པ་ཁྱོད་ཀྱི་ལག་ཏུ་ཡོད།།
ཞེན་དང་ཆགས་པའི་འཁྲེན་པ་འདི་ཞེས་མེད།།
དོར་དང་སྤྱུགས་པའི་གནས་ཚུལ་ལ་ཡང་མེད།།
ཁྱོད་ནི་ང་ཡི་རུམ་དུ་སླེབ་པ་འམ།།
ང་ཉིད་ཁྱོད་ཀྱི་སེམས་སུ་འཆའ་བ་འམ།།
ཁ་ཁུ་སིམ་པོས་ཕན་ཚུན་མཐུན་པ་དང་།།
འཇམ་ཐིང་ཐིང་གིས་དགའ་བ་འཕེལ་བ་ཉིད།།
༢༠༡༣ ༣ ༦
༼དཀར་དམར་གྱིས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།