ཡོ་རོབ་དང་ཨེ་ཤ་ཡ།

སྲིད་འཛིན་ནཱེ་རཱོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-05

  བདག་གིས་ཁྱེད་ལ་འཕྲིན་ཡིག་སྔོན་མའི་ནང་བཤད་པ་ལྟར།བྱ་དངོས་ཡོད་ཚད་འགྱུར་བཞིན་འདུག།དོན་ལ་ལོ་རྒྱུས་ཟེར་བ་ཅི་རེད།འགྱུར་ལྡོག་གི་ཟིན་ཐོ་ཞིག་ཡིན་ནམ།གདོད་མ་ནས་ད་བར་དུ་འཕོ་འགྱུར་ཕྲན་བུ་ཙམ་ལས་བྱུང་མེད་ན།ལོ་རྒྱུས་ཡིག་ཚགས་ཀྱང་དེ་འདྲ་ཞིག་འབྲི་རྒྱུ་མེད་པ་འདྲ། སྤྱིར་ཡིན་ན་ང་ཚོས་སློབ་ཆུང་དང་སློབ་ཆེན་དག་ཏུ་བསླབ་མྱོང་བའི་ལོ་རྒྱུས་ཁྲོད་མང་པོ་ཞིག་འདུས་མེད་མོད།ངས་སློབ་གྲྭ་ནས་སྦྱངས་པའི་རང་རེའི་རྒྱ་གར་བའི་ལོ་རྒྱུས་ཉུང་ངུ་ཙམ་ངེས་ན་ཡང་གཞན་དེ་འདྲ་མང་པོ་ཞིག་མི་ཤེས།ངས་ནི་དབྱིན་ཇི་དང་རྒྱ་གར་བའི་ལོ་རྒྱུས་ཏོག་ཙམ་ཞིག་སྦྱངས་མྱོང་།ཐ་ན་ངས་བསླབ་མྱོང་བའི་རང་རེའི་ལོ་རྒྱུས་ནི་གཞན་གྱིས་རང་རྒྱལ་ལ་མ་རང་བའི་འཁྱོག་བཤད་དང་ནོར་ཁྲུལ་གྱི་བསྲེས་པའི་བྲིས་བ་ཤ་སྟག་རེད།ང་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་ཤེས་བྱ་ལ་གསལ་ཁ་དེ་ཙམ་མེད་ཀྱང་།མཐོ་སློབ་ནས་ཐོན་པའི་རྗེས་ངས་ད་གཟོད་དངོས་བྱུང་གི་འབྲེལ་ཡོད་ལོ་རྒྱུས་ཁ་ཤས་ལ་གང་ཐུབ་ཀྱིས་ལྟ་ཀློག་བྱས་པ་ཡིན།སྟབས་ཉེས་པ་ཞིག་ལ།ང་བཙོན་ཁང་དུ་ལྟ་རུ་ཕྱིན་པ་དེས་ངའི་ཤེས་བྱ་མཐོར་འདེགས་ཀྱི་གོ་སྐབས་མི་དམན་པ་ཞིག་བསྩལ་བྱུང་།
  ཐེངས་སྔོན་མའི་འཕྲིན་ཡིག་ཁ་ཤས་ནང་དུ་ངས་ཁྱེད་ལ་རྒྱ་གར་གྱི་སྔོན་བྱུང་རིག་གནས་ཀྱི་དཔལ་ཡོན་དང་།གདོད་མའི་སྐད་རིགས1ངྷ་རཱ་བེ་ངྷན་དང་འཕགས་རིགས2ཨར་ཡཱན་བྱུང་སྟངས་སྐོར་བྲིས་ཡོད་ལ།ངས་ཁྱོད་ལ་ཨར་ཡཱན་མ་བྱུང་སྔོན་གྱི་གནས་ཚུལ་དེ་ཙམ་བྲིས་མེད།ཅིའི་ཕྱིར་ཞེ་ན།ངས་དེ་སྔོན་གྱི་ལོ་རྒྱུས་གསལ་བོ་ཞིག་མི་ཤེས།འོན་ཏེ་ཁྱོད་ཀྱིས་འདས་པའི་ལོ་ངོ་འདི་དག་གི་རིང་ལ་གསར་རྟོག་བྱུང་བའི་རང་རེའི་རྗེ་བོ་རྣམས་ཀྱི་རིག་གནས་དཔལ་ཡོན་སྐོར་རྟོགས་འདོད་ཡོད་ལས་ཆེ།རྒྱ་གར་གྱི་ནུབ་བྱང་ཁུལ་དུ་མཱོ་ཧན་རྗོ་ངྷ་རཱོ་བྱ་བའི་ས་ཆ་ཞིག་མཆིས་ཤིང་།གནས་དེར་ཧ་ལམ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་མཚོན་པའི་རིག་གནས་ཉིང་བཅུད་མང་པོ་ཞིག་མི་རྣམས་ཀྱིས་ས་ཁར་བཏོན་པ་མ་ཟད།དེ་ཡང་གནའ་བོའི་ཨེ་ཇིབ་དང་འདྲ་བར།རང་ཅག་གི་རྗེ་བོ་རྣམས་ཀྱི་པུར་གདུང་དུ་གསར་དུ་ཤེས་རྟོགས་བྱུང་། སོམས་དང་།ཨར་ཡཱན་རིག་གནས་མ་དར་བའི་སྔ་རོལ་ཏུ།མི་ལོ་སྟོང་ཕྲག་མང་པོའི་ཡར་སྔོན་གྱི་ཡོ་རོབ་གླིང་ནི་དེ་དུས་ད་དུང་ཀླ་ཀློའི་རིགས་ཤིག་ཡིན་པར་གདོན་མི་ཟ།
  དེ་ལྟ་ཡང་།དེ་རིང་གི་ཡོ་རོབ་གླིང་ནི་ཇི་འདྲའི་གཏུམ་ཞིང་སྟོབས་དང་ལྡན་པ་ལ་ཨང་།ཡོ་རོབ་བས་ཀྱང་ཁོ་ཚོ་ནི་རིག་གནས་གོམས་གཤིས་སོགས་ཕྱོགས་གང་ཐད་ནས་འཛམ་གླིང་སྟེང་ཆེས་སྔོན་ཐོན་ཅན་དུ་འདོད།ཁོ་ཚོས་ཡ་གླིང་ཨེ་ཤ་ཡ་དང་དེའི་མི་དམངས་ལ་མ་རང་བའི་རྣམ་འགྱུར་སྟོན་པའི་ཁར།ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་ཁོ་ཚོ་གང་འདོད་དུ་འདུ་ཞིང་ཅི་མཁོ་ཅི་རེག་གི་བྱ་དངོས་ཐམས་ཅད་འཕྲོག་ལེན་བྱེད།དུས་ནི་ཇི་འདྲའི་འགྱུར་འདུག་པ་ལ།ང་ཚོས་ཡོ་རོབ་དང་ཨེ་ཤ་ཡར་ཞིབ་ཏུ་གཟིགས་དང་།འཛམ་གླིང་ས་ཁྲའི་ཁ་འབྱེད་ན་ཡང་།ཆུང་ཆུང་ཡོ་རོབ་གླིང་འདི་ཡ་གླིང་ཨེ་ཤ་ཡར་འབྱར་འདུག་པ་མཐོང་ཞིང་།དེ་ནི་གླིང་ཆེན་ཨེ་ཤ་ཡ་རྒྱ་བསྐྱེད་པའི་ཆ་ཤས་ཙམ་དུ་སྣང་།གལ་ཏེ་ཁྱོད་ཀྱིས་ལོ་རྒྱུས་ཀློག་ཚེ།གླིང་ཆེན་ཨེ་ཤ་ཡའི་དབང་ཐང་དར་བའི་དུས་རབས་རྟོགས་སྲིད་དེ།ཨེ་ཤ་ཡའི་མཛངས་མི་རྣམས་རླབས་ལྟར་འཕྱུར་ཏེ་ཡོ་རོབ་གླིང་མངའ་འོག་ཏུ་བཙུད་ཅིང་།ཁོ་པ་ཚོས་ཡོ་རོབ་གླིང་རྨག་མེད་དུ་བཅོམ་པ་མ་ཟད།གང་དེའི་རིག་གནས་དཔལ་ཡོན་དར་སྤེལ་ཡང་བཏང་མྱོང་བ་རེད།
 ཨར་ཡཱན་མི་རིགས་དང་།3སཱེ་ཐཱེ་ཨན་མི་རིགས།ཨ་རབ་མི་རིགས།ཧཱན་རིགས།སོག་རིགས།ཏུར་ཀིའི་མི་རིགས་སོགས་འདི་དག་ཚང་མ་ཨེ་ཤ་ཡའི་ཁོངས་སུ་འཕེལ་ཏེ།ཡོ་རོབ་དང་ཨེ་ཤ་ཡར་རྒྱ་བསྐྱེད་པ་ཤ་སྟག་ཡིན།ཨེ་ཤ་ཡ་ནི་འབུ་ཆ་ག་བ་དང་འདྲ་བར།གྲངས་འབོར་ཆེས་ཆེར་འཕེལ་པ་དང་ཡང་ཀུན་ནས་མཚུངས།དོན་ལ་ཡོ་རོབ་གླིང་ནི་ཡུན་རིང་པོར་གླིང་ཆེན་ཨེ་ཤ་ཡའི་མི་སེར་རྒྱལ་ཁབ་ཞིག་དང་འདྲ་ཞིང་།དེང་དུས་ཀྱི་ཡོ་རོབ་བ་མང་པོ་ཞིག་གནའ་རབས་ཨེ་ཤ་ཡའི་དབང་བསྒྱུར་མཁན་ཚོའི་རིགས་རྒྱུད་ལས་མཆེད་པ་ཡིན།
  གླིང་ཆེན་ཨེ་ཤ་ཡ་འདི་རང་ཛོར་པོར་བགྲོད་པའི་མི་བོ་ཆེ་ཞིག་དང་འདྲ་བར།འཛམ་གླིང་ས་ཁྲའི་འཕྲེད་ན་གན་རྐྱལ་དུ་ཉལ་ཡོད།འོན་ཀྱང་།འདིར་གཙོ་བོར་སྟོན་འདོད་པ་ནི་ཡོ་རོབ་གླིང་དམིགས་འབེན་དུ་འཛིན་པའི་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་མ་ཡིན་པའམ།ཡང་ན་གླིང་ཆེན་ཨེ་ཤ་ཡའི་ཁྱབ་རྒྱ་ཁོ་ན་བླ་རུ་མཐོ་བ་ཞིག་དེ་ལས་ཀྱང་མ་ཡིན་པ་སྨོས་ཅི་དགོས།ལར་ཁྱབ་རྒྱ་ནི་རྒྱལ་ཁབ་བམ་མི་ཞིག་གི་གཟི་བརྗིད་ཀྱི་རྒྱུག་འབྲས་ཆེས་དམན་པ་ལྟ་བུ་ཡིན།ང་ཚོས་ཤེས་གསལ་ལྟར།གླིང་ཕྲན་ཆུང་ཆུང་ཁག་ཅིག་ཡིན་པའི་ཡོ་རོབ་གླིང་ནི་དུས་དེ་རིང་ཆེས་སྟོབས་ཤུགས་དང་ལྡན་པ་ཞིག་རེད།མ་ཟད་ཡོ་རོབ་གླིང་གི་རྒྱལ་ཁབ་ཁག་ཏུ་ཆེས་འོད་སྟོང་འབར་བའི་དུས་རབས་ཀྱི་ལོ་རྒྱུས་བྱུང་མྱོང་བ་ང་ཚོས་ལོས་ཀྱང་ཤེས།རྒྱལ་ཁབ་འདི་དག་གི་ནང་རླབས་ཆེ་བའི་ཚན་རིག་པ་མང་པོ་སྐྱེད་སྲིང་གནངས་ལ།གསར་ཤེས་དང་གསར་བཏོད་ཀྱི་ཐད་ནས་འགྲོ་བ་མིའི་རིགས་ཀྱི་རིག་གནས་དཔལ་ཡོན་ཆེས་སྔོན་ཐོན་ཅན་དུ་བསྐུལ་ཏེ་འགྲོ་མི་ས་ཡ་མང་པོའི་འཚོ་གནས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་བྱུང་ཡོད།ཁོ་པ་ཚོར་རླབས་ཆེ་བའི་བསམ་བློ་བ་དང་རྩོམ་པ་པོ།རི་མོ་བ་དང་རོལ་མོ་བ།ད་དུང་སྐྱེས་ཆེན་རྟོག་གེ་བ་འདི་དག་གི་མཛད་གཤིས་སོགས་མང་དུ་བྱུང་ཡོད་ན།ཡོ་རོབ་གླིང་གི་ག
ཟི་བྱིན་འདི་ཙམ་ཡང་མི་རྟོགས་ཚེ་དེ་ནི་བླུན་ཞེད་ཅིག་ལོས་ཡིན།
  འོན་ཏེ་གླིང་ཆེན་ཨེ་ཤ་ཡའི་གཟི་རྔམ་མ་དྲན་ཚེ་དེའང་སྤྱི་བའི་བླུན་ཞེད་ཅིག་ཅི་ལ་མ་ཡིན།ང་ཚོས་སྔོན་བྱུང་གི་དངོས་འབྲེལ་ལོ་རྒྱུས་བརྗེད་དེ།དེ་རིང་གི་ཡོ་རོབ་གླིང་གི་གཟི་འོད་ཉི་ཚེ་བ་ཞིག་དྲན་ཞིང་གླེང་གིན་ཡོད།ང་ཚོས་འདི་ལྟར་ཕྱིར་དྲན་གྱིས་ན་ཅི་འདྲ།གླིང་ཆེན་ཨེ་ཤ་ཡའི་ནང་དུ་བླ་ན་མེད་པའི་བསམ་བློའི་དབུ་ཁྲིད་མང་དུ་བྱོན་ཞིང་།རླབས་ཆེ་བའི་སྐྱེས་ཆེན་དེ་དག་གིས་འཛམ་གླིང་སྒང་འདིར་གཞན་གང་ལས་ཀྱང་ལྷག་པའི་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་།ཁྱད་པར་དུ་ཆོས་ལུགས་གྲུབ་མཐའི་སྲོལ་འབྱེད་པ་པོ་དེ་དག་གི་མཛད་པའི་ཁྲོད།ད་ལྟ་ལ་ཐུག་གི་དབར་མ་ནུབ་པར་རྟག་ཏུ་གནས་པའི་གནའ་རབས་ཧིན་རྡུའི་ཆོས་ལུགས་འདི་ཡང་རྒྱ་གར་བའི་རིག་གནས་ཐོན་ཟོག་ལོས་ཡིན།དེར་མ་ཟད་གང་དེའི་གཅུང་མོ་ལྟ་བུར་གྱུར་བའི་ནང་བསྟན་ཆོས་ལུགས་ཀྱང་དེང་གི་དུས་སུ་ད་དུང་བོད་ཡུལ་དང་།རྒྱ་ནག་དང་།འཇར་པན།ལིངྐ།འབར་མ་བཅས་ལ་རྒྱ་ཆེར་དར་ཡོད།
  ཇེའུ་ཆོས་ལུགས་དང་ཡི་ཤུའི་ཆོས་ལུགས་ནི་ཐོག་མར་གླིང་ཆེན་ཨེ་ཤ་ཡའི་ནུབ་ཁུལ་དུ་གཞེས་ཤིང་འཚོ་བའི་དེང་གི་པཱ་ལི་སི་ཐན་གྱི་ཆོས་ལུགས་ལས་གྱེས་པ་ཡིན་སྟབས།དེ་དག་ཀྱང་གླིང་ཆེན་ཨེ་ཤ་ཡའི་ཆོས་ལུགས་རིག་གནས་ཡིན་པ་རེད།གནའ་བོའིསྟག་གཟིག་གི་ཆོས་ལུགས་ནི་ཏ་ཟིག(དེང་གི་ཨེ་རཱན་་ལ་ངོས་འཛིན)ཡུལ་དུ་དབུ་བརྙེས་སྐད།ཁྱོད་རང་གིས་ཤེས་གསལ་ལྟར།ཁ་ཆེའི་སྟོན་པ་མཱ་ཧམ་མཱོ་ངྷི་མཆོག་ཨ་རབ་གྱི་ས་ཆ་མའེ་ཁཱ་བྱ་བར་སྐུ་འཁྲུངས་ཤིང་།དེ་བཞིན་དུ།5ལྷ་མོ་ཁཱིར་ཞཱི་ནཱ་དང་།སྟོན་པ་ཤཱཀྱ་མུ་ནེ།4སྟོན་པ་ཛོ་རཱོ་སི་ཊིར།སྟོན་པ་ཡི་ཤུ།ཁ་ཆེ་སྟོན་པ་མཱོ་ཧམ་མཱེ་ངྷི།རྒྱ་ནག་གི་མཚན་ཉིད་རིག་པ་བ་ཆེན་མོ་ཁུང་ཙི་དང་ལོའོ་ཙི་བཅས།ཡ་གླིང་ཨེ་ཤ་ཡའི་རླབས་ཆེ་བའི་བསམ་བློ་བ་འདི་དག་གི་མིང་བྱང་ཁོ་ནས་ཁྱོད་ཀྱིས་ལོ་རྒྱུས་ཀྱི་ཤོག་ལྷེ་དགང་
ཆོག་ལ།མ་ཟད་ཨེ་ཤ་ཡའི་སྐྱེས་ཆེན་རྟོག་གེ་བ་དེ་དག་གི་མཛད་འཕྲིན་རྒྱས་པའི་མིང་བྱང་གིས་ཀྱང་ཁྱོད་ཀྱིས་ལོ་རྒྱུས་ཀྱི་ཤོག་ལྷེ་དག་བལྟམ་ཆོག་ཆོག་ཡིན།
  ཕྱོགས་གཞན་ཞིག་ནས་བདག་གིས་འོ་སྐོལ་ཚོ་འཚོ་ཞིང་གཞེས་སའི་གནའ་རབས་ཀྱི་གླིང་ཆེན་འདིའི་གཟི་བྱིན་དང་དེའི་རིག་གནས་ཉིང་བཅུད་དག་ཁྱེད་ཀྱི་འདྲེན་བྱེད་ཡུལ་དུ་ངོམ་འོས།
  དུས་ནི་ཇི་འདྲའི་འགྱུར་འདུག་པ་ལ་ཨང་།དུས་རབས་ནི་ང་ཚོའི་མིག་ལམ་དུ་འགྱུར་བཞིན་ཡོད་པས།སྤྱིར་ཡིན་ན་བྲེལ་ཟིང་དང་འདུ་ལོང་འཁྲིགས་པའི་དུས་དང་འཁེལ་མོད།དུས་རབས་ནས་དུས་རབས་བསྙེགས་པའི་ལོ་རྒྱུས་ཀྱི་འགྲོས་ནི་རྒྱུན་པར་ཤིན་ཏུ་དལ་ཨང་།དེ་ལྟ་ནའང་།དུས་དེ་རིང་རྒས་ཤིང་འཁོགས་པའི་གླིང་ཆེན་ཨེ་ཤ་ཡ་འདི་ཉིད་ཡུན་རིང་གི་རྨོངས་གཉིད་ལས་སླར་ཡང་སད་དེ།མདུན་སྐྱོད་ཀྱི་གོམ་འགྲོས་ཧ་ཅང་མྱུར་ཞིང་།འཛམ་གླིང་ཐོག་གི་མིག་ཟུང་ཡོད་ཚད་གླིང་ཆེན་ཨེ་ཤ་ཡར་ཕྱོགས་ཡོད།དེ་ཡང་མ་འོངས་པ་ན་གླིང་ཆེན་ཨེ་ཤ་ཡས་གཞར་ཡང་འཛམ་གླིང་སྒང་འདིར་རྨད་དུ་བྱུང་བའི་མཛད་རྗེས་གསར་བ་གང་ཞིག་རྩོམ་པར་ཀུན་གྱིས་བསྙོན་དུ་མེད་དོ།།
                                  ཞེས་སྤྱི་ལོ 1931 ལོའི་ཟླ་བ 6 པའི་ཚེས 8 ཉིན་སྦྱར།

ཟུར་མཆན:
1རྒྱ་གར་གདོད་མའི་སྐད་རིགས1ངྷ་རཱ་བེ་ངྷེ་ཨན(Dravidains)བྱ་བ་ཡུལ་དེའི་ལྷོ་ཕྱོགས་ཀྱི་ཧིན་རྡུ་དང་སེ་རཱེ་ལཱན་ཁཱའི་མིའི་སྐད་རིགས་ཡིན་ལ།ལོ་རྒྱུས་ལྟར་ན་དེང་གི་རྒྱ་གར་དང་།པཱ་ཀི་སི་ཐན།བྷང་ལ་ངྷེ་ཞཱི་གསུམ་གཅིག་གྱུར་གྱི་དུས་སྐབས་སུ་སྐད་ཡིག་འདི་ཉིད་སྤྱོད་ཅིང་།སྤྱི་ལོ་མ་བྱུང་སྔོན་གྱི་ལོ་ཆིག་སྟོང་གི་རྗེས་སུ་སྐད་ཡིག་དེ་ཉིད་ཉམས་ཆགས་སུ་སོང་མོད།དེང་གི་རྒྱ་གར་མངའ་ཁོངས་སུ་ཡུལ་མི་ས་ཡ་བརྒྱ་དང་དྲུག་ཅུ་ལྷག་གིས་ད་དུང་སྐད་རིགས་འདི་ཉིད་སྤྱོད་དོ་ཟེར།
2ཨར་ཡཱན(Aryans)བྱ་བ་ནི(ཡི་ཤུ་འཁྲུངས་ལོའི་སྔོན་གྱི་དུས་རབས་གཉིས་པ་ནས་བརྒྱད་པ་དབར)རྒྱ་གར་ནུབ་ཕྱོགས་ཡུལ་གྱི་ཧིན་རྡུ་དང་ཡོ་རོབ་འདྲེས་མའི་རིག་གནས(འཕགས་རིགས་ཀྱི་རིག་གནས་ལ་གོ)ཏེ་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་།སྤྱི་ལོའི་སྔོན་གྱི་ལོ་བཞི་སྟོང་ལྷག་གི་སྔོན་ལ་མི་རིགས་འདིས་སྐད་ཡིག་འདི་ཉིད་སྤྱོད་སྐད།
3སེ་ཐཱེ་ཨན་མི་རིགས(Scythians)ནི(ཡི་ཤུ་འཁྲུངས་ལོའི་སྔོན་གྱི་དུས་རབས་གཉིས་པ་ནས་བརྒྱད་པའི་དབར)ཡོ་རོབ་དང་ཡ་གླིང་ཨེ་ཤ་ཡའི་ལྷོ་ཤར་མི་རིགས(ལོ་རྒྱུས་ཡིག་ཚགས་ཁག་ཅིག་ཏུ་གནའ་བོའི་སྟག་གཟིག་གི་འབྲོག་པར་ངོས་འཛིན)ནི་ཨུ་རུ་སུའི་ལྷོ་ཕྱོགས་ཡུལ་གྱི་གདོད་མའི་རྩྭ་ཐང་ནས་གནའ་བོའི་ཏ་ཟིག་གི་རྒྱལ་མཚམས་སུ་རྒྱ་བསྐྱེད་བྱུང་བར་གྲགས།
4ཛོ་རཱོ་སི་ཊིར(Zoroaster)ནི(ཡི་ཤུ་འཁྲུངས་ལོའི་སྔོན་གྱི་ལོ་ལྔ་བརྒྱ་ལྔ་གཅིག་ནས་དྲུག་བརྒྱ་ཉེར་བརྒྱད་དབར)སྟག་གཟིག་གི་ཆོས་ལུགས(Zoroastrainism)ཀྱི་ཤིང་རྟའི་སྲོལ་འབྱེད་པའི་སྟོན་པར་བཀུར་ཞིང་།ཆོས་ལུགས་དེ་ཨཱོར་མཱ་རྫ་རྡི(Ormazd)བྱ་བའི་ཆོས་ལུགས་ལས་གསར་གཏོད་མཛད་དེ་ཏ་ཟིག(Persia)ཡུལ་དུ་དར་བར་འདོད།
5ཁཱིར་ཞི་ནཱ(Krishna)བྱ་བ་རིག་བྱེད་ཀྱི་ལྷ་བེ་སི་ནཱོ་བྱ་བའི་རྣམ་སྤྲུལ་ཡིན་པར་བཤད་ལ།རྒྱ་གར་བས་ལྷ་མོ་འདི་ཉིད་ཞི་བ་དང་བརྩེ་བའི་བདག་མོ་རུ་མཆོད་བཀུར་བྱེད།
                                    ༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡོ་རོབ་དང་ཨེ་ཤ་ཡ།

2013-03-05 སྲིད་འཛིན་ནཱེ་རཱོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།