སེམས་པ་ཞིག་གི་རེ་སྐུལ།
དམ་ཚིག་གི་སྣེ་མོར་བཏེགས་པའི ཉི་ཐིག་གི་ཟེར་མ་རེ་རེ
ང་ཡི་འཁྲེང་སེམས་ཀྱི་འབོད་པ་ལགས
སྐྱོ་སྣང་གི་མདངས་སུ་འཁུ་བའི་མིག་ཟུང་ལས
རང་ལ་དབང་བའི་འཇིག་རྟེན་ཞིག་རྙེད་ཀྱང
མུན་ནག་གི་ཕག་གསེབ་ན སྨག་རིམ་གྱི་རྔམས་ཀ་མཐོ་ནས་མཐོ་རུ་བརྩེགས
སྙིང་ཉེ་ལགས ཁྱེད
ངའི་བར་སྣང་ནས་ལྷོད་ཀྱིས་འཕྱོ་ཞིང
མཛེས་སྡུག་གི་འོད་སྣང་སྤུར་བའི་ཉིན་མོ་དེར
ངས ཆེས་ཐོག་མའི་སྒྲོ་གཤོག་གི་འདབ་མ་བརྐྱངས་ཏེ
ཁྱེད་དང་ལྷན་ཅིག མཐོངས་དབྱིངས་ནས་མཐོ་རུ་འཕགས་ཤིང
མཚན་ལྗོངས་རིང་མོ་ཞིག་གི་དག་ཞིང་ལ་རོལ
8/8/2012 ཉིན།
༼ན་བུན་གྱིས་བསྒྱུར༽
རྩོམ་ཁུངས། ངེད་དྲ་བ།