གད་སྙིགས།

ཝེ་ལི་ཞིས་མོ།(བྷར་ཟེལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-12-11

ཁོ་གཉིས་ནི་སྤྱི་བའི་ཐོག་ཁང་གི་སྐས་བར་ནས་ཕྲད་པ་ཡིན་ལ། སོ་སོའི་ལག་ཏུ་གད་སྙིགས་ཀྱི་ཁུག་མ་རེ་བཟུང་འདུག འདི་ནི་ཁོ་གཉིས་ཀྱི་ཐོག་མའི་ཁ་བརྡ་རེད།

“ཞོགས་པ་བདེ་ལེགས།”
“ཞོགས་པ་བདེ་ལེགས།”
“ལྕམ་མོ་ཁྱེད་སྒོ་རྟགས་༦༡༠ཅན་དུ་བསྡད་ཡོད་དམ།”
“སྐུ་ཞབས་ཁྱེད་སྒོ་རྟགས་༦༡༣ཅན་དུ་བཞུགས་ལགས་སམ།”
“ཡིན་ལགས།”
“ངས་ད་དུང་ཁྱེད་རང་ངོ་གསལ་བོ་ཤེས་ཀྱིན་མེད་ལགས།”
“རེད་ལགས།”
“ངའི་ལས་སྲོལ་ལ་གུ་ཡངས་གནང་རོགས། ངས་ཁྱེད་ཀྱི་གད་སྙིགས་བསློགས་མྱོང་།”
“ངའི་ཅི་ཞིག་ཟེར་རམ།”
“ཁྱེད་ཀྱི་གད་སྙིགས།”
“ཨོ་་་་་་”
“ངས་ཁྱེད་ལ་ནམ་ཡིན་ནའང་གད་སྙིགས་མང་བོ་མི་འདུག་པ་མཐོང་། ཁྱེད་ཚང་ལ་ཁྱིམ་མི་ཤིན་ཏུ་ཉུང་ཐག་ཆོད་རེད།”
“དོན་དམ་དུ། ང་རང་གཅིག་པུ་ཡིན།”
“ཨུམ། ངས་མཉམ་བཞག་པ་ལྟར་ན་སྐུ་ཞབས་ཀྱིས་རྒྱུན་པར་ལྕགས་ཀྲིན་ཟས་རིགས་ཟ་བཞིན་མི་འདུག་གམ།”
“ཡིན་ལགས། ངས་རང་གི་ལག་འགུལ་ནས་ཟ་མ་བཟོ་དགོས། ཡིན་ནའང་བཟོ་མི་ཤེས་པར་འདུག”
“དེ་ངས་ཧ་གོ་ཡི་འདུག”
“ལྕམ་མོ་ཁྱེད་ཀྱང་་་་་”
“ཉིད་ཀྱིས'ཁྱོད'ཅེས་པ་འདི་སྤྱོད་རོགས།”
“ཁྱོད་ཀྱིས་ཀྱང་བདག་གི་ལས་སྲོལ་ལ་གུ་ཡངས་གནང་རོགས། ངས་ཀྱང་ཁྱོད་ཀྱི་གད་སྙིགས་ནང་རྒྱུན་པར་ཟ་འཕྲོ་བྱས་པའི་ཟས་རིགས་མང་ཙམ་ཡོད་པ་མཐོང་། དཔེར་ན་ཤ་མོ་ལྟ་བུ།”
“ང་ནི་སྲེག་སྦྱོར་བྱས་པའི་ཟས་ལ་ཤིན་ཏུ་དགའ་བོ་ཡོད། ཚལ་རིགས་སྣ་ཚོགས་བཟོས་པ་ཡིན། ཡིན་མོད་ང་རང་གཅིག་པུ་ཡིན་པས་ནམ་རྒྱུན་ཟས་འཕྲོ་ལྷག་ཡོང་གི་འདུག”
“ལྕམ་ཁྱེད་ལ། མ་རེད། ཁྱོད་་་་ཁྱོད་ལ་ཡུལ་མེད་དམ།”
“ཡོད་ནི་ཡོད་ཀྱང་། འདི་རུ་མེད།”
“ཨེ་ཟི་བྷི་ལིས་ཐོ•ཧྲིན་ཐོ་ན་ཡོད་དམ།”
“ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན།”
“ཁྱོད་ཀྱི་གད་སྙིགས་ནང་ཡིག་ཤུབས་རེ་མཐོང་རྒྱུ་འདུག་ཅིང་། ཨེ་ཟི་བྷི་ལིས་ཐོ•ཧྲིན་ཐོ་ནས་བསྐུར་ཡོང་བ་རེད།”
“བདེན། ཨ་མས་གཟའ་འཁོར་རེ་རེ་བཞིན་ང་ལ་འཕྲིན་གཏོང་བར་བྱེད།”
“མོ་དགེ་རྒན་ཡིན་ནམ།”
“ཡ་མཚན། ཁྱོད་ཀྱིས་ཇི་ལྟར་ཚོད་དཔག་བྱས་པ་ཡིན།”
“ཡིག་ཤུབས་སྟེང་གི་ཡིག་གཟུགས་ལས་ཤེས་པ་ཡིན། དགེ་རྒན་གྱི་ཡིག་གཟུགས་དང་འདྲ་བོ་འདུག”

“ཁྱོད་ལ་འཕྲིན་མང་བོ་མི་འདུག དེ་ཁྱོད་ཀྱིས་གད་སྙིགས་ལས་ཤེས་ཐུབ།”
“བདེན།”
“ཉིན་ཞིག ཁྱོད་ཀྱིས་ལྟེབས་ཆགས་སུ་སོང་བའི་གློག་འཕྲིན་ཞིག་གཡུགས་འདུག”
“བདེན།”
“བཀྲ་མི་ཤིས་པའི་དོན་ཞིག་ཡིན་ནམ།”
“ངའི་ཕ་ལགས་འདས་སོང་འདུག”
“ང་ཡང་སྐྱོ་བོ་བྱུང་།”
“ཁོ་ལོ་ན་ཧ་ཅང་མཐོ། ལྷོ་ཕྱོགས་སུ་ཡོད། ངེད་ཅག་དུས་ཚོད་ཤིན་ཏུ་རིང་བོ་ཞིག་ལ་མཇལ་མྱོང་མེད།”
“དེའི་ཕྱིར་སྐབས་དེ་ནས་བཟུང་ཡང་བསྐྱར་དུ་བ་འཐེན་པ་ཡིན་ནམ།”
“ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན།”
“ཉེ་ལམ་ཁྱོད་ཀྱི་གད་སྙིགས་ནང་དུ་རྒྱུན་པར་དུད་སྒམ་རྙིང་བ་རེ་མཐོང་རྒྱུ་འདུག”
“ངོ་མ་ཡིན། འོན་ཀྱང་ངས་ཡང་བསྐྱར་བཅད་ཟིན།”
“འཇིག་རྟེན་བྱེད་པོས་མཁྱེན། ངས་ནི་དུ་བ་རྩ་བ་ནས་འཐེན་མྱོང་མེད།”
“དེ་ངས་ཤེས་གི འོན་ཀྱང་ཁྱོད་ཀྱི་གད་སྙིགས་ནང་དུ་སྨན་སྣོད་སྟོང་བ་རེ་རྒྱུན་པར་ཡོད་པ་དེ་་་་”
“གཉིད་སྨན་རེད། སྐབས་དེ་ཤེད་ཅིག་ལ་གཉིད་ཁམས་བདེ་བོ་མི་འདུག ད་ནི་སྐྱོན་མི་འདུག”
“ཁྱོད་དང་མཛའ་བོ་མ་འགྲིག་པ་རེད་དམ། ཨེ་རེད།”
“འདི་ཡང་གད་སྙིགས་ལས་ཤེས་པ་མིན་འགྲོ།”
“ཁྱོད་ཀྱིས་སྔོན་ལ་མེ་ཏོག་ཆུན་པོ་ཞིག་དང་མིང་བྱང་ཞིག་གཡུགས་འདུག དེའི་འཕྲོར་ཤོག་བུའི་ལག་ཕྱིས་འགའ་ཡང་དོར་འདུག”
“ཡིན་ཡ། དེ་དུས་ང་ཤུགས་ཆེན་པོས་ངུས་ཤིང་སེམས་ཤིན་ཏུ་སྐྱོ་བོ་བྱུང་། ད་ནི་འདས་ཟིན་པ་རེད།”
“འོན་ཀྱང་དེ་རིང་ཡང་ཤོག་བུའི་ལག་ཕྱིས་ཤིག་འདུག”
“ང་ལ་ཆམ་པ་བྱུང་འདུག”
“ཨོ།”
“ཁྱོད་ཀྱི་གད་སྙིགས་ནང་དུ་རྒྱུན་པར་ཡིག་བསྒྲིགས་རོལ་རྩེད་ཀྱི་དུས་དེབ་རེ་མཐོང་རྒྱུ་འདུག”
“བདེན། ཅུང་ཙམ་ཡང་ནོར་མི་འདུག ང་ཁྱིམ་དུ་འཛུལ་ནས་འདུག་རྒྱུར་དགའ་ཞིང་། ཕྱིར་ཉུལ་བར་དགའ་བོ་མེད། རྒྱུ་རྐྱེན་ཅིའི་ཕྱིར་ཡིན་པ་ཤེས་སམ།”
“མཛའ་མོའི་ཕྱིར་དུ་ཡིན་ནམ།”
“མིན།”
“འོན་ཀྱང་ཉིན་འགའི་སྔོན་ལ། ཁྱོད་ཀྱི་གད་སྙིགས་ནང་བུད་མེད་ཅིག་གི་འདྲ་པར་ཞིག་འདུག སྐྱེ་གཟུགས་ཀྱང་ཧ་ཅང་མཚར་བོ་ཞིག་རེད།”
“དེ་ནི་འཐེན་སྒམ་གཙང་དག་བྱེད་དུས་ལག་སོན་བྱུང་བ་ཡིན། འདས་དོན་ཙམ་མོ།།”
“འདྲ་པར་གཤགས་མི་འདུག དེས་ཁྱོད་ཀྱི་སེམས་ནས་ཁོ་མོ་ཕྱིར་ཡོང་བར་རེ་སྒུག་བྱས་ཡོད་པ་མཚོན་ཐུབ།”
“ཁྱོད་ཀྱིས་ངའི་གད་སྙིགས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་འདུག”
“ཁྱོད་ཀྱིས་གད་སྙིགས་ཀྱིས་དངོས་གནས་ངའི་མོས་པ་དྲངས་མྱོང་། དེ་མ་དྲངས་མི་ཟེར།”
“སྐྱིད་པོ་འདུག ཐེངས་ཤིག་ཁྱོད་ཀྱི་གད་སྙིགས་བསློགས་ཚར་དུས། ངས་ངེས་པར་དུ་ཁྱོད་རང་ངོ་ཤེས་པར་བྱས་ན་སྙམ། དེ་ནི་ཕལ་ཆེར་ཁྱོད་ཀྱི་སྙན་ངག་བཀླགས་པས་ཡིན་རྒྱུ་རེད།”
“ཅི། ཁྱོད་ཀྱིས་ངའི་སྙན་ངག་མཐོང་སོང་ངམ།”
“མཐོང་མྱོང་བས་མི་ཚད་ཞེ་དྲགས་དགའ་བོ་ཡོད།”
“བྲིས་པ་ཤིན་ཏུ་ཞན།”
“གལ་སྲིད་ཁྱོད་ཀྱིས་སེམས་གཏིང་ནས་མི་ལེགས་པར་འདོད་ན། ཤོག་བུ་དེ་གཤགས་རལ་དུ་གཏོང་ངེས་མོད། ཁྱོད་ཀྱིས་ལེགས་པར་ལྟེབས་འདུག”
“གལ་ཏེ་ཁྱོད་ཀྱིས་མཐོང་འགྲོ་བ་ཤེས་ཚེ་་་་”
“ངས་ཁྱོད་ཀྱི་སྙན་ངག་དག་བསྡུ་ཉར་བྱས་མེད། ངའི་བསམ་པར་དེ་རྐུ་ལ་གཏོགས་པར་སྙམ། ང་རང་གིས་ཀྱང་གཞན་གྱི་གད་སྙིགས་དེ་སྒེར་གྱི་རྒྱུ་ནོར་དུ་གཏོགས་མིན་མི་ཤེས་ནའང་།”
“ངས་བལྟས་ན་གཏོགས་རྒྱུ་མ་རེད། གད་སྙིགས་ནི་སྤྱི་བའི་རེད།”
“བདེན་པ་རེད། གད་སྙིགས་ཀྱིས་གསང་བ་གསལ་བར་བྱེད་ཅིང་། ང་ཚོ་སྒེར་གྱི་འཚོ་བའི་ནང་གི་ལྷག་མར་གྱུར་བ་དང་གཞན་ཚོའི་སྒེར་གྱི་འཚོ་བའི་ནང་གི་ལྷག་མར་གྱུར་བ་དག་གཅིག་ཏུ་སྦྱོར་བར་བྱེད། དེ་ནི་མི་དང་མི་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་འཐོབ་པར་བྱེད་པའི་འབྲེལ་ཟམ་ལྟ་བུ་རེད་ལ། ང་ཚོའི་འཚོ་བའི་ཁྲོད་སྤྱི་ཚོགས་ཀྱི་རང་བཞིན་ཤུགས་ཆེར་ལྡན་པའི་ཆ་དེ་རེད། ཨེ་རེད།”
“རེད་ཡ། ཁྱོད་ཀྱིས་གད་སྙིགས་ལ་དབྱེ་ཞིབ་ཤིན་ཏུ་ཟབ་མོ་བྱས་འདུག ངས་བལྟས་ན་་་་”

“ཁ་སང་། ཁྱོད་ཀྱི་གད་སྙིགས་ནང་དུ་་་་་”
“ཅི་ཞིག་འདུག”
“ངས་མཐོང་བ་ནོར་མེད་ན། ཆུ་འབུ་གློ་ཉལ་གྱི་ཤུན་པ་འདུག”
“ཁྱོད་ཀྱིས་བཤད་པ་བདེན། ངས་ཆུ་འབུ་གློ་ཉལ་འགའ་ཉོས་ཤིང་། ཤུན་པགས་བཤུས་པ་ཡིན།”
“ང་དེ་བཟའ་བར་ཤིན་ཏུ་དགའ།”
“ངས་ཤུན་པ་བཤུས་ནས་བཟའ་རྐྱང་བྱས་ཡོད། མཉམ་དུ་ཟོས་ན་ཆོག་གམ།”
“མཉམ་དུ་ཟས་ལ་རོལ་ཟེར་བ་ཡིན་ནམ།”
“དེ་ཡིན་ལགས།”
“ཁྱོད་ལ་དཀའ་ལས་བཟོ་རྒྱུ་རེད།”
“དེ་ལ་དཀའ་ལས་ཤིག་གང་ན་ཡོད།”
“ཁྱོད་ཀྱི་ཐབ་ཚང་ནང་ལ་རྫོབ་སྐྱེལ་ན་ཐང་།”
“སྐྱོན་མེད། གད་བདར་ལེགས་པོ་བྱས་རྗེས། གད་སྙིགས་རྣམས་དོར་བཞག་ན་དེ་རེད།”
“དེ་དུས། ངའི་གད་སྙིགས་རེད་དམ། ཁྱོད་ཀྱི་གད་སྙིགས་རེད།” 

                     འཆིང་གྲོལ་གྱིས་བསྒྱུར།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གད་སྙིགས།

2014-12-11 ཝེ་ལི་ཞིས་མོ།(བྷར་ཟེལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།