མི་ངན་པར་འགྱུར་སྟངས།

ལེ་ཧྥུ•ཐོར་སི་ཐའེ།༼ ཨུ་རུ་སུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-04

  བདུད་རྒན་ཞིག་གིས་མི་ཡུལ་གྱི་འཚོ་བ་རོལ་བ་ཧ་ཅང་སྐྱིད་པ་མཐོང་ནས་བདུད་ཕྲུག་རྣམས་ལ་བཤད་དོན“ང་ཚོས་མི་ཡུལ་དུ་ཟིང་ཆ་སློང་དགོས། དེ་མིན་འཚོ་བ་རོལ་ཐབས་མེད།”
ཁོས་སྔོན་ལ་བདུད་ཕྲུག་ཞིག་མངགས་ཏེ་སོ་ནམ་པ་ཞིག་ལ་ཟིང་ཆ་སློང་དུ་བཅུག རྒྱུ་མཚན་ཁོས་སོ་ནམ་པ་དེས་ཉིན་རྒྱུན་དཀའ་སྤྱད་ཀྱིས་ལས་ཀ་བྱེད་ཀྱིན་ཡོད་ནའང་ཐོབ་ཆ་ཉུང་བས་སྙིང་རྗེ་བའི་ཚད་དུ་ཡོད་ཀྱང་སོ་ནམ་པ་སྔར་བཞིན་དེ་འདྲའི་སྤྲོ་སྐྱིད་ལྡན་ལ་ཧ་ཅང་ཡིད་ཚིམ་ཡོད།
  བདུད་ཕྲུག་གིས་ཇི་ལྟར་སོ་ནམ་པ་ངན་པར་བསྒྱུར་ནུས་པར་བསམ་བློ་གཏོང་མགོ་ཚུགས། ཁོས་སོ་ནམ་པའི་ཞིང་ས་མཁྲེགས་རྒོད་དུ་བསྒྱུར་ནས་སོ་ནམ་པ་དཀའ་ངལ་གྱིས་ཕྱིར་གཞོལ་དུ་འཇུག་པར་འདོད། སོ་ནམ་པས་ཉིན་ཕྱེད་ཙམ་ལ་བརྐོས་རྗེས་ཧ་ཅང་ཐང་ཆད་མོད་ངལ་ཅུང་ཙམ་གསོས་རྗེས་སྔར་བཞིན་མུ་མཐུད་དུ་བརྐོས་ཏེ་ལེ་བདའ་ཙམ་ཡང་མ་བྱས། བདུད་ཕྲུག་གིས་ངན་ཇུས་ཕམ་པ་མཐོང་སྟེ་སྣ་བ་འཕུར་གྱིན་ཕྱིར་ལོག
  བདུད་རྒན་གྱིས་ཡང་བདུད་ཕྲུག་གཉིས་པ་མངགས། བདུད་ཕྲུག་གཉིས་པའི་བསམ་པར་སོ་ནམ་པ་སྔར་བས་དཀའ་བ་སྤྱད་དུ་བཅུག་ཀྱང་ཕན་མི་ཐོགས་པས་ཁོའི་བཟའ་བཏུང་ཡོད་ཚད་ཁྱེར་ན་བཟང་སྙམ་སྟེ་གུང་ཟས་ཀྱི་གོར་སྲབ་དང་ཆུ་བརྐུས། ཁོས་སོ་ནམ་པས་ལས་ཀ་བྱས་ཏེ་དེ་འདྲའི་དཀའ་བ་སྤྱད་པས་ངལ་ཡོད་ལ་ལྟོགས་ཀྱང་ཡོད་པས་སྐབས་འདིར་གོར་སྲབ་དང་ཆུ་མེད་ཁོང་ཁྲོ་མེ་ལྟར་འབར་ཐག་ཆོད་ཡིན་སྙམ།
  སོ་ནམ་པ་སྐོམ་ཞིང་ལྟོགས་ནས་སྡོང་བོའི་འགྲམ་དུ་ལོག་ནས་ངལ་གསོས། ཡིད་ལའང་མ་དྲན་པ་ཞིག་ནི་གོར་སྲབ་དང་ཆུ་མཐོང་རྒྱུ་མ་བྱུང་། “ཧ་མི་གོ་བ་ཞིག་ལ་སྙིང་རྗེ་བའི་མི་དེར་ང་ལས་ཀྱང་གོར་སྲབ་དེ་དང་ཆུ་དགོས་སམ། གལ་སྲིད་དངོས་པོ་འདི་དག་གིས་ཁོ་ལ་ལྟོ་གོས་ཉིས་འཛོམས་བྱེད་ཐུབ་ན་ཧ་ཅང་བཟང”ཞེས་བཤད། ཡང་ཕམ་སོང་། བདུད་ཕྲུག་གིས་ཁྲབ་རྨོག་དོར་ཏེ་བྲོས།
བདུན་རྒན་གྱིས་ཁྱད་མཚར་སྐྱེས། ཐབས་བཀོད་གང་རུང་ཞིག་གིས་སོ་ནམ་པ་འདི་ངན་པར་བསྒྱུར་ཐབས་མེད་སོང་བ་ཡིན་ནམ། ཏག་ཏག་སྐབས་འདིར་བདུད་ཕྲུག་གསུམ་པ་ཡོང་སྟེ་བདུད་རྒན་ལ་བརྗོད་དོན“ང་ལ་ཐབས་བཀོད་ཡོད། ཁོ་ངན་པར་འགྱུར་ཁོ་ཐག་ཡིན།”
  བདུད་ཕྲུག་གིས་ཐོག་མར་སོ་ནམ་པ་དང་གྲོགས་བསྒྲིགས་ཤིང་སོ་ནམ་པས་ཀྱང་དགའ་བས་དང་དུ་བླངས། བདུད་ལ་སྔོན་ཤེས་ཀྱི་ནུས་པ་ཡོད་པའི་རྐྱེན་གྱིས་ཁོས་སོ་ནམ་པར་སང་ལོར་ཐན་པ་བྱུང་རྒྱུ་ཡིན་པས་འབྲས་སོབ་རླན་སའི་འཛུགས་པར་སྐུལ་ཞིང་སོ་ནམ་པས་ཀྱང་དེ་བཞིན་དུ་བསྒྲུབས། ངོ་མ། ལོ་གཉིས་པར་མི་གཞན་པས་ཐོན་འབབ་མི་ཡང་མ་རྙེད་ཅིང་སོ་ནམ་པ་ཁོ་ནས་ཐོན་འབབ་གཡུར་དུ་ཟ་བ་བླངས་བས་ཁོ་ཕྱུག་པོར་ཆགས།
  བདུད་ཕྲུག་གིས་ལོ་རེ་བཞིན་སོ་ནམ་པར་ལོ་དེར་རིགས་གང་ཞིག་བཏབ་ན་འཚམ་བ་བཤད། ལོ་གསུམ་འགོར་རྗེས་སོ་ནམ་པ་ཧ་ཅང་ཕྱུག་པོར་ཆགས། བདུད་ཕྲུག་གིས་ཡང་སོ་ནམ་པར་འབྲས་ཀྱིས་ཆང་བསྙལ་ནས་འགྲེམ་འཚོང་བྱེད་དུ་བཅུག་པས་ཁེ་སྤོགས་སྔར་ལས་མང་པོ་བླངས། རིམ་གྱིས་སོ་ནམ་པས་ལས་ཀ་མི་བྱེད། འགྲེམ་འཚོང་གི་བྱེད་ཐབས་ལ་བརྟེན་ནས་དངུལ་འབོར་ཆེན་རག
ཉིན་ཞིག་ལ་བདུད་རྒན་ཐོན། བདུད་ཕྲུག་གིས་བདུད་རྒན་ལ་ན་རེ“ཁྱེད་ཀྱིས་གཟིགས། ངས་ད་ལྟ་རང་གི་གྲུབ་འབྲས་གསལ་སྟོན་བྱེད་རྒྱུ་ཡིན། སོ་ནམ་པའི་ལུས་སྟེང་དུ་ཕག་གི་ཁྲག་གཤེར་ཡོད།” སོ་ནམ་པས་གསོལ་སྟོན་ཞིག་བཤམས་ལ་ཕྱུག་པོ་ཡོད་ཚད་ཞུགས། ཆེས་བཟང་བའི་ཆང་འཐུང་ཞིང་ཆེས་ཞིམ་པའི་ཟ་མ་ཟོས་པ་མ་ཟད། གཡོག་པོ་མང་པོས་ཞབས་ཞུ་བྱེད་དུ་བཅུག་ཡོད། ཁོ་ཚོས་ཟས་འཐུང་བྱས་པ་ཧ་ཅང་ཆུད་ཟོས་ཡིན་ལ་ལྭ་བ་རལ་བར་བྱེད་བཞིན་དྲན་པ་ཐོར། བལྟས་སོང་ན་རྒྱགས་ལྷུག་གླེན་ཞད་ཆེ།
  “ཁྱེད་ཀྱིས་ད་དུང་ཁོའི་སྟེང་ནས་སྤྱང་ཀིའི་ཁྲག་གཤེར་གཟིགས་ཐུབ།” བདུད་ཕྲུག་གིས་ཡང་བཤད། སྐབས་འདིར་གཡོག་པོ་ཞིག་གིས་རྒུན་ཆང་བཏེགས་ཏེ་ཐོན་ཞིང་སེམས་ཆུང་མ་བྱས་པར་རྐང་འདྲེད་ཤོར། སོ་ནམ་པས་ཁོ་ལ་དམོད་མོ་གཏོང་མགོ་བརྩམས་པ་སྟེ“ཁྱོས་བྱ་བ་བསྒྲུབས་དུས་ཇི་ལྟར་སེམས་ཆུང་མི་བྱེད།” “བདག་པོ་ལགས། ང་ཚོས་ད་རག་བར་དུ་ཟས་ཁམ་གང་ཡང་ཟོས་མེད། ལྟོགས་ཏེ་ལུས་ཡོངས་ལ་ནུས་པ་མེད།” “དོན་དག་བསྒྲུབས་མ་ཚར་བར་ཁྱོད་ཚོས་ཟ་མ་ཟོས་ཆོག་གམ།”
  བདུད་རྒན་གྱིས་མཐོང་སྟེ་དགའ་སྤྲོའི་ངང་བདུད་ཕྲུག་ལ“ཁྱོད་ངོ་མས་ངར་བ་རེད། ཁྱོད་ཀྱིས་ཇི་ལྟར་བསྒྲུབས་པ་ཡིན”ཟེར། བདུད་ཕྲུག་གིས་བཤད་དོན“ངས་ཁོ་ལ་ཐོབ་ཟིན་པ་དེ་དགོས་འདོད་པ་ལས་སྔར་བས་མང་བ་ཙམ་བྱས་པ་ཡིན། འདི་ལྟར་བྱས་ཁོའི་མི་གཤིས་ཁྲོད་ཀྱི་འདོད་རྔམ་འཕེལ་དུ་འཇུག་ཐུབ་པ་ཡིན།”

                                                                               ཀླུ་མཁར་རྒྱལ་གྱིས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ངན་པར་འགྱུར་སྟངས།

2015-02-04 ལེ་ཧྥུ•ཐོར་སི་ཐའེ།༼ ཨུ་རུ་སུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།