ངའི་ཨ་མ་ལ་མིག་ཡ་གཅིག་ལས་མེད།

  ང་ནི་ཆུང་དུས་ནས་རང་གི་ཨ་མ་ལ་ཤིན་ཏུ་སུན་པོ་ཡོད། རྒྱུ་མཚན་ནི་ཁོ་མོ་ལ་མིག་ཡ་གཅིག་ལས་མེད་པས་ཁོ་མོའི་རྣམ་པས་བདག་ལ་ཞེད་སྣང་སྐྱེས།
  ནམ་རྒྱུན་ཨ་མ་སློབ་གྲྭའི་ནང་དུ་ང་ལ་བལྟ་རུ་ཡོངས་ཐེངས་རེ་རེར། སློབ་གྲོགས་ཚོའི་ཟུར་མིག་གི་མདའ་མོས་ང་ལ་བཟོད་བླགས་མེད་པའི་ན་ཟུག་སེམས་ཀྱིས་མི་ཐེག་པ་རེ་སྟེར་ལ། སྐབས་དེ་དུས་ནས་ངའི་རང་གི་ལས་དབང་ལ་ལེ་བདའ་མི་བྱེད་ཐབས་མེད་བྱུང་ལ། ང་ལ་འདི་ལྟ་བུའི་ཨ་མ་ཞིག་ཅིའི་ཕྱིར་ཡོད་པ་ཡིན་ནམ་སྙམ་ནས་ཅུང་ཙམ་མིན་ན་རང་ཉིད་རང་གི་ལག་དམར་དུའང་གྱུར།
  ང་ནི་ཆུང་དུས་ནས་སྒེར་ཚུགས་ཅན་གྱི་བྱིས་པ་ཞིག་ཡིན། སློབ་གྲྭའི་ནང་དུ་རང་གི་ཨ་མ་དང་འབྲེལ་བའི་དོན་དག་གཏན་ནས་མི་གླེང་ལ། ཕ་ཡུལ་དུ་སོང་བའང་ཤིན་ཏུ་ཉུང། འཚོ་བའི་མ་དངུལ་རེ་མཁོ་དུས་མ་གཏོགས་ཡུལ་ལ་མི་འགྲོ་བར་སློབ་གྲྭའི་ནང་དུ་བསྡད་ནས་སློབ་སྦྱོང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས་སློབ་གྲྭ་ཆེན་མོའི་སྒོ་ཐེམ་འགྲིམས་ཐུབ་པ་བྱུང།  མྱུར་ཏུ་འཚར་ལོངས་བྱུང་ནས་ཨ་མ་དང་ཁ་འབྲལ་འདོད་བྱུང་བས་ཨ་མའི་ཀྱང་བདག་གི་བསམ་ཚུལ་རྟོགས་ནས་སློབ་གྲྭའི་ནང་དུ་ང་ལ་བལྟ་རུ་མི་ཡོང།
  ཡིན་ནའང་ཨ་མས་ང་ལ་མཁོ་བའི་སློབ་སྦྱོང་གི་ཡོ་བྱད་དང་འཚོ་བའི་ཐད་ནས་ནམ་ཡང་དཀའ་ལས་བཟོས་མ་མྱོང་བས། མཚམས་རེར་རང་གིས་ཨ་མར་བཟུང་བའི་བྱ་སྤྱོད་ཚད་ལས་བརྒལ་སོང་སྙམ་མོད། ང་སྔར་བཞིན་མིག་ཡ་གཅིག་ལས་མེད་པའི་ཨ་མ་དང་རྒྱང་དུ་ཕྱིན་འདོད།
  དུས་ཚོད་ཀྱི་འགྲོས་ནི་ཧ་ཅང་མྱུར་ལ། རིང་བོ་མ་ལོན་པར་ང་ནི་གྲོང་ཁྱེར་གཞན་ཞིག་ནས་ལས་ཀ་རེག་ཐུབ་པ་མ་ཟད་རང་ལ་དགའ་བའི་ཆུང་མ་ཞིག་ཀྱང་འཚོལ་ཐུབ་བྱུང་།  ལོ་ངོ་བཅུ་ཁ་ཙམ་ཞིག་སྐད་ཅིག་དེ་ཉིད་དུ་བུད་སོང། ཨ་མ་ལ་ཐེངས་གཅིག་ལའང་བལྟ་རུ་མ་སོང་། ཕལ་ཆེར་ཁོ་མོ་ནི་བདག་གི་འཚོ་བ་དང་འབྲེལ་བ་མེད་པ་འདྲ།
  ད་ལྟ་ཁོ་བོ་ཡང་བུ་ཕྲུག་སྐྱོང་བའི་ཕ་མ་ཞིག་ཏུ་གྱུར། བློ་རིག་གྲུང་ལ་སྙིང་རྗེ་བའི་བུ་ཆུང་ཞིག་ཡོད། ཉིན་ཞིག་ལ། བདག་གིས་ཁྱིམ་དུ་ཟ་མ་གཡོས་སྦྱོར་བྱེད་བཞིན་ཡོད། གློ་བུར་དུ་བུ་ཆུང་གི་ངུ་སྐད་ཐོས་བྱུང། ང་རང་ཕྱི་ལ་རྒྱུགས་སོང་བ་ན། བདག་གི་ཨ་མ་དང་འཕྲད་བྱུང། ཁོ་མོ་ཧ་ཅང་རྒས་ཡོད། ཡིན་ནའང་ང་ལ་ཨ་མ་དང་འཕྲད་པའི་སྤྲོ་བ་ཡེ་ནས་མེད་པ་མ་ཟད་བུ་ཆུང་དང་ཆུང་མས་ང་ལ་མིག་ཡ་གཅིག་ལས་མེད་པའི་ཨ་མ་ཞིག་ཡོད་པ་ཤེས་པར་བསམ་ནས་མོ་ལ་དམོད་མོ་བོར།  "ཁྱོད་ཡོང་ནས་ཅི་བྱ། དེ་འདྲ་བྱས་ན་བྱིས་པ་སྐྲག་སྣང་སྐྱེས་པ་མི་མཐོང་ངམ། མྱུར་ཏུ་སོང་།  རྗེས་ཕྱོགས་སུ་ས་འདི་གར་ཡོང་གི་མ་འདུག" ཁོ་མོ་ཧད་ནས་ཅུང་ཟད་བསྡད་རྗེས་ཅི་ཡང་མི་སྨྲ་བར་ཕྱིར་འཁོར་ནས་བུད་སོང་།
  ཡང་ལོ་ཁ་ཤས་འགོར་སོང་། དོན་དག་ག་གེ་མོ་ཞིག་གི་ཆེད་དུ་ང་ཕ་ཡུལ་དུ་འགྲོ་དགོས་བྱུང་། ཨ་མ་མཐོང་མ་བྱུང། ཁྱིམ་མཚེས་རུ་སྐོར་ལ་དྲིས་པ་ན། ཨ་མ་ཟླ་གཅིག་ཡས་མས་སུ་མི་ཡུལ་དང་བྲལ་སོང་རེད་ཟེར།  ཞེ་སྡུག་པའི་སྣང་བ་ཅུང་ཟད་སྐྱེས་མ་བྱུང་། ཨ་མ་འགྲོ་ཁ་མུར་ང་ལ་འཕྲིན་ཞིག་བྲིས་ནས་ཤ་ཉེ་ཚོའི་ལག་ཏུ་བཞག་ཡོད།
     "སྙིང་ཉེ་བའི་ཨ་མའི་གཅེས་ཕྲུག་ལགས། གོ་ཐོས་ལྟར་ན་ཁྱེད་རང་མི་འགྱངས་བར་ཕ་ཡུལ་ཏུ་ལོག་ནས་སློབ་གྲོགས་ཚོ་བསྐྱར་འཛོམས་ཀྱི་དགོང་ཚོགས་ཞིག་ལ་ཞུགས་རྩིས་ཡོད་པས། ཨ་མ་དགའ་ནས་ཁྱོད་ལ་ངོ་ཐུག་པར་བསམ་ཡོད་མོད། ཡིན་ནའང་ཨ་མ་ད་ལྟ་ན་ནས་ཡར་ལ་ཡང་ལངས་མི་ཐུབ་པས། ཕལ་ཆེར་ཁྱོད་ཡུལ་ལ་ཐོན་དུས་ཨ་མའི་ལུས་པོའི་མ་ལྕོགས་ནས་ཚེ་འདི་དང་འབྲལ་ངེས་ཡིན། དེ་བས། འཕྲིན་ཡིག་འདི་བྲིས་པ་ཡིན། ཁྱོད་ཀྱིས་ཤེས་ཡོད་དམ། ལོ་བཅུའི་སྔོན་དུ་ཨ་མ་ཁྱོད་དང་ཐུག་འདོད་ཤིན་ཏུ་ཆེ། དེ་ནས་དྲན་པ་བཟོད་མ་ཐུབ་པར་ཁྱེད་རང་གར་ཡོད་རྩད་བཅད་ནས་ཁྱོད་ཀྱི་ཁྱིམ་དུ་འོང་བ་ཡིན།  ཚ་བོ་ཕྱི་བསྐོར་དུ་རྩེད་མོ་ལ་གཡེང་ཡོད་པ་མཐོང་འཕྲལ་ཨ་མའི་བྱིས་དུས་ཀྱི་ཁྱོད་ཀྱི་སྣང་བརྙན་མིག་ལམ་ལ་ཤར་བས།  དེ་མ་ཐག་ཏུ་འཐམ་འདོད་ཞིག་བྱུང་ཡང་། མ་བསམ་ས་ནས་ཨ་མའི་ཚ་བོ་སྐྲག་པར་བཟོས་པ་མ་ཟད་ཁྱོད་ཡང་སྡུག་ལ་སྦྱར།  དགོངས་པ་མ་ཚོམས། ཨ་མའི་འདི་ནས་ཁྱོད་ཀྱིས་ཨ་མའི་མ་ཤེས་པའི་ལས་ལ་གུ་ཡངས་གཏོང་བའི་རེ་བ་ཞུས་པ་ཡིན།  ད་དུང་ཨ་མས་ཁྱོད་ཀྱི་ངོ་མདངས་དཀར་ལ་ཤ་རྒྱགས་ཡོད་པ་མཐོང་བས། སེམས་པ་ཧ་ཅང་སྐྱིད་ཡོད། ཚ་བོ་ཡང་སྙིང་རྗེ་བོ་ཞིག་འདུག
  ཨ་མའི་གཅེས་ཕྲུག་ཁྱོད་ཆུང་དུས་སུ་འགྲིམ་འགྲུལ་གྱི་དོན་རྐྱེན་ཞིག་བྱུང་ནས་མིག་ལ་གནོད་པ་ཚབས་ཆེན་བཟོས། སྨན་པའི་ངེས་པར་དུ་ཁྱོད་ཀྱི་མིག་གཅིག་གཏོང་དགོས་ཟེར་བས། ངས་ཁྱོད་ཆུང་དུས་ནས་འདི་འདྲའི་ཡ་ང་བའི་དངོས་ཡོད་ཀྱི་འཚོ་བ་ལ་གདོང་གཏད་དགོས་པར་སེམས་ཀྱིས་མ་བཟོད་པར་རང་གི་མིག་གཅིག་ཁྱོད་ལ་བྱིན། དེ་ལྟར་བྱས་ན་ཁྱོད་ཀྱིས་བདག་གི་མིག་ཟུང་གིས་འཇིག་རྟེན་གསར་བ་ཞིག་གི་ལྟད་མོ་ལོངས་སུ་སྤྱད་ཆོག དེ་ནས་བཟུང་ཨ་མ་ལ་མིག་ཡ་གཅིག་ལས་མེད་པ་ཡིན། དེ་ནི་ཨ་མའི་ང་རྒྱལ་དང་གཟི་བརྗིད་དུ་ཡང་རློམ་ཡོད། ཨ་མ་ནམ་ཡང་ཁྱོད་ཀྱི་ཁྲོ་ཚིག་ལ་བསམ་ནས་རེ་ཐག་ཆད་མ་མྱོང་ལ། ཁྱོད་ཀྱི་ངོ་སོ་ལ་སྙེགས་པའི་བྱིས་བློ་ལ་ཞེན་ཡང་ལོག་མ་མྱོང་། རྒྱུ་མཚན་ནི་ང་ནི་ཁྱེད་ཀྱི་ཨ་མ་ཡིན་ལ། གནམ་འོག་ན་རང་གི་ཤ་ལས་ཆད་པའི་བུ་ཆུང་ལ་མི་དགའ་བའི་ཨ་མ་ཞིག་ཡོད་མི་སྲིད་པས། ཨ་མའི་གཅེས་ཕྲུག། ཨ་མ་ཁྱེད་ལ་ཤིན་ཏུ་དགའ། ནམ་ཡིན་ཡང་དགའ། 
                     ཁྱེད་ལ་དགའ་བའི་ཨ་མ་ནས་བྲིས།"
  ངས་ཨ་མས་བྲིས་པའི་འཕྲིན་པ་ལ་ལྟ་བཞིན། འགྱོད་པ་སྐྱེས། ཨ་མ་དྲན། ལེ་བདའ་བྱས། ཡིན་ནའང་ངས་ཇི་ལྟར་བྱས་སོང་རུང་ད་ནི་འཕྱི་སོང་བ་རེད།   འདི་ནི་བདག་གི་ཆེད་དུ་མིག་ཡ་གཅིག་ལས་མེད་པར་གྱུར་བའི་བདག་གི་རླབས་ཆེ་བའི་ཡུམ་ཆེན་ལགས་སོ།།
      
                                          རུ་སྔུན་དབང་འབུམ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།