ཉི་ཡིག་ནས་བསྒྱུར་བའི་སྒྲུང་། ཁོ་མོ་བཞུད་སོང་།༡

མོའུ་ར་ཁ་མེ་ལུའུ།༼ཉི་ཧོང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-14

Ryu_Murakami.jpg

  མུའུ་ར་ཁ་མེ་ལུའུ།(Ryu Murakami)1952ལོའི་ཟླ 2 པའི་ཚེས19ཉིན་ཉི་ཧོང་གི་ན་གཱ་ས་ཁེ་ཟེར་བའི་ས་ཆ་ཞིག་ཏུ་སྐྱེས། ཁོང་ནི་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པའི་ལས་ཀ་གཅིག་ལྕོགས་སུ་བཞེས་པའི་ཉི་ཧོང་གི་མིང་དུ་གྲགས་པའི་སྐྱེས་བུ་ཞིག་ཡིན་ཏེ། སློབ་མའི་དུས་སུ་བརྩམས་སྒྲུང་རིང་གྲས་《Almost Transparent Blue》བརྩམས་གྲུབ་གནངས་ཏེ་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་སོང་ལ། དེ་ནས་རིམ་གྱིས་ཉི་ཧོང་རྩོམ་རིག་གི་སྨྱུག་གསར་བྱ་དགའ་དང་། འ་ཁུ་ཐ་ལུའུ་ནོ་སུ་ཁེ་ཡི་རྩོམ་རིག་བྱ་དགའ་སོགས་ཐོབ། འཐུས་ཚབ་བརྩམས་ཆོས་ལ་ནི་ 《69 sixty nine》དང་《སྐར་མ་ལྔ་ཡི་རྗེས་ཀྱི་འཇིག་རྟེན》སོགས་བརྩམས་སྒྲུང་མང་དུ་མཆིས་ཤིང་། གཞན་ད་རུང་འབོལ་རྩོམ་སོགས་རྩོམ་ལུས་མི་འདྲ་བ་མང་པོས་གསར་རྩོམ་གནང་གི་ཡོད་པས། ཁོང་གི་འཇོན་ཐང་དང་ཤེས་རྒྱ་ནི་གཞན་གྱིས་ཡི་རངས་བྱེད་དགོས་པ་ཞིག་ཆགས་ཡོད། ཁོང་དང་མུའུ་ར་ཁ་མེ་ཧ་རུ་ཁེ་གཉིས་ཀྱིས་རྩོམ་ལུས་དང་བརྗོད་བྱ་སྣ་ཚོགས་ལ་ཚོད་ལྟ་བྱས་ཏེ་ཉི་ཧོང་གི་རྩོམ་རིག་དེང་རབས་ཀྱི་ལམ་ཆེན་དུ་བསྐྱོད་པར་ལག་རྗེས་མི་དམན་པ་བཞག་ཡོད་འདུག ཁོང་གི་བརྩམས་ཆོས་ཀྱིས་བརྗོད་བྱ་དང་གར་སྟེགས་ཉི་ཧོང་ལས་ཆེ་ཆེར་བརྒལ་བར་བྱས་ཏེ་འཛམ་གླིང་གི་རྩོམ་རིག་གི་ས་བོན་མང་པོ་རང་གི་རྩོམ་ནང་དུ་དྲངས་ཏེ། ཉི་ཧོང་གི་རྩོམ་རིག་གི་གཤིན་ས་དེའང་གྱ་ནོམ་ཕུན་ཚོགས་སུ་བཏང་བ་རེད། ད་ལྟའི་ཆ་ལའང་གསར་རྩོམ་གྱི་རྒྱུན་ཆད་ཀྱིན་མེད་ལ། ཉི་ཧོང་གི་ཀློག་པ་པོ་རྣམས་ཀྱི་སེམས་ན་དགའ་ཞེན་ཆེ་བའི་རྩོམ་པ་པོ་ཞིག་ཏུ་གྱུར་འདུག

 IMG_1191.JPG

  ང་དང་ཐོག་ཁོ་མོར་འཕྲད་ས་ནི་ང་རང་ནམ་རྒྱུན་བསྡད་སའི་རིམ་པ་མཐོན་པོ་ཅན་གྱི་གསོལ་མགྲོན་ཁང་དེ་ཡིན། སྐབས་དེར་ཁོ་མོ་མོ་ལོ་ཉི་ཤུའི་ཡས་མས་ཤིག་ཡིན་ཞིང་། ཡུལ་སྐོར་སྣེ་ཤན་སྐོར་གྱི་དུས་དེབ་ཅིག་གི་རྩོམ་སྒྲིག་པ་རེད། མོས་ཁ་པར་ལས་ང་ལ་བཤད་རྒྱུར། མོ་རང་ངས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ལ་ལྟ་རྒྱུར་ཧ་ཅང་དགའ་ཟེར་བ་དང་། གཞར་དུ་ང་ལ་བཅར་འདྲི་ཞུ་འདོད་ཆེ་བའི་འདུན་པའང་བསྟན་སོང་།
  ངའི་མིང་ལ་སཱ་ཁོ་ར་འེ་ཡོ་འེ་ཆིས་ཟེར། འདས་པའི་དུས་སུ་བརྡ་ཁྱབ་ཀུང་སི་ཆུང་ཆུང་ཞིག་ཏུ་བརྡ་ཁྱབ་བརྙན་ཐུང་དང་བརྙན་རིས་སོགས་སྒྲིག་བཟོ་བྱས་པ་ཡིན་ལ། ཕྱིས་སུ་རང་གིས་ཀུང་ཟི་ཞིག་གཉེར་ནས་དངོས་བཤུས་གློག་བརྙན་དང་བརྡ་ཁྱབ་གློག་བརྙན་ཐུང་གྲས་འགའི་ཕབ་སྐྲུན་གྱི་མུ་བསྐྱངས་ནས་ཡོང་། ཐེངས་ཤིག་ངས་ཕ་རི་སི་ནས་སྒྱུ་རྩལ་གློག་བརྙན་ཐོག་མ་དེ་ཕབ་སྟེ་གློག་བརྙན་ཁང་ནང་བསྟན་པས་མ་བསམ་ས་ནས་ཁེ་གྲགས་ཐོབ། ཕ་རི་སིར་ལྗོངས་རྒྱུར་འོང་བའི་ཉི་ཧོང་གི་གཞོན་ནུ་མ་སྐོར་ཞིག་སྣེ་ཤན་པས་ལམ་ནོར་དུ་ཁྲིད་དེ་མགོ་བོ་འཁོར་ཡོད་ནའང་། དེར་དོགས་པ་དང་སྐྲག་སྣང་སྤུ་ཙམ་ཡང་མི་འདུག་ཅིང་། གྲོང་ཁྱེར་དེ་ལ་ཞེན་ཆགས་ལྕི་དྲགས་ཏེ་སྤྱི་ཚོགས་དེའི་སྲིབ་ན་ནགས་ཕྱོགས་ཀྱི་ལས་མང་པོ་སྒྲུབ་མཁན་ཡོད་པའང་གཏིང་བརྗེད་དུ་གྱུར་འདུག ཁོ་བོར་གནམ་གྲུའི་ཀུང་ཟིའི་རོགས་སྐྱོར་ཐོབ་སྟེ་གཞོན་ནུ་མ་ཚོ་སེམས་པ་འཆོར་སའི་མེ་ཏོག་གི་ཞིང་ཁམས་ལྟ་བུའི་གྲོང་ཁྱེར་དེ་དག་ལ་སྐོར་བསྐྱོད་བྱས་བ་ཡིན། གློག་བརྙན་གྱི་མ་དངུལ་གཏོང་མཁན་དང་གནམ་གྲུ་ཀུང་སི་གཉིས་ཀྱི་རེ་བ་ལྟར་གྲོང་ཁྱེར་དང་བུད་མེད་འཁྲབ་སྟོན་པ་བརྗེ་སྟེ། ཐོག་མར་ཕ་རི་སི། དེ་ནས་ཉིག་ཡོག ལོན་ཊོན། པེར་ལིན། རོ་མ། ཞང་ཀང་སོགས་སུ་གཏམ་རྒྱུད་ཀྱི་རྒྱུན་བུ་གཅིག་ཏུ་བྱས་པའི་གློག་བརྙན་མང་པོ་བཟོས་ཤིང་། ཕལ་ཆེར་ལོ་རེར་ཕྱི་རྒྱལ་དང་འབྲེལ་བའི་གློག་བརྙན་རེ་བཟོ་བཞིན་ཡོད་པས་ན། ཀུན་གྱིས་ང་ལ་རྒྱལ་སྤྱིའི་གློག་བརྙན་འཁྲབ་ཁྲིད་པ་ཟེར་བའི་ཆོ་ལོ་མི་འཛའ་བ་ཞིག་གནང་སོང་། ང་རང་དེ་ལྟར་ཤེས་མེད་ཚོར་མེད་ངང་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཞིག་ཏུ་གྱུར། ཐེངས་དེའི་གློག་བརྙན་བྲིན་པ་ཧ་ཅང་བཟང་བས་ང་རང་ཕྱུག་པོར་གྱུར་ཏེ་འཚོ་བ་ལའང་འགྱུར་བ་བྱུང་། སྔོན་ཆད་བརྡ་ཁྱབ་ཀུང་སི་རུ་ངོ་ཤེས་ཤིང་ཕྱིས་སུ་ང་དང་གཉེན་སྒྲིག་པའི་བཟའ་ཟླ་ཡིས་ལོན་ཊོན་གྱི་གློག་བརྙན་དེའི་བུད་མེད་འཁྲབ་སྟོན་པ་དང་ངེད་གཉིས་བར་ཕོ་མོའི་འབྲེལ་བ་ཡོད་པའི་གཏམ་ཡན་གང་ཞིག་ཚགས་དེབ་སྟེང་བཀོད་འདུག་པ་མཐོང་འཕྲལ། ཁྱིམ་ནས་ཕྱིར་བུད་པ་དང་། རྗེས་སུ། ངེད་གཉིས་དངོས་སུ་བཟའ་འཐོར་བྱུང་། ལོན་ཊོན་གྱི་གློག་བརྙན་དེའི་བུད་མེད་འཁྲབ་སྟོན་པས་ཀྱང་མོ་རང་ཐེངས་རྗེས་མའི་པེར་ལིན་གྱི་གློག་བརྙན་དེའི་འཁྲབ་སྟོན་པར་བདམས་མེད་པ་ཤེས་འཕྲལ་དེ་མུར་ང་ལ་ཁ་བྲལ་སོང། འགྲོ་ཁར་“བཟའ་འཐོར་བྱུང་དུ་བཅུག་པ་ལ་དགོངས་དག་ཞུ”ཟེར་བའི་གློག་བརྙན་གྱི་འཁྲབ་ཚིག་ལྟ་བུའི་སྐད་ཆ་འདི་འདྲ་ཞིག་བསྐྱུར་ནས་བུད་སོང་། བཟའ་འཐོར་བྱུང་བ་དང་བུད་མེད་འཁྲབ་སྟོན་པ་དེར་འབྲེལ་བ་ཆད་པས་ལན་པ་ཁོ་ན་མིན་མོད། ང་རང་རིམ་བཞིན་མི་གཞན་གྱི་མིག་ནང་གི་ཚེར་མ་རུ་གྱུར་འགྲོ་བའི་སྣང་བ་སྐྱེས། དེ་ལྟར་གྱུར་འགྲོ་བའི་རྐྱེན་གཙོ་བ་ནི་ཉི་ཧོང་གི་གཞོན་ནུ་མ་ཚོ་ཕྱི་རྒྱལ་གྱི་གྲོང་ཁྱེར་དག་ལ་རུབ་བཞིན་པའི་གནས་ཚུལ་དག་བརྗོད་བྱར་བྱས་པའི་གློག་བརྙན་གྱི་རྒྱུན་དེ་ལོན་ཊོན་གྱི་གློག་བརྙན་ནང་ཡག་ཐག་ཆོད་པ་ཞིག་བསྲིངས་ཐུབ་མེད་པ་དེ་རེད། སྒྱུ་རྩལ་གློག་བརྙན་གྱི་ཐོག་མ་སྟེ་ཕ་རི་སི་ཡི་གློག་བརྙན་དེ་བཟོ་སྐབས་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། ཉིག་ཡོག་གི་གློག་བརྙན་དེས་ཀྱང་ཀུན་གྱི་སྣང་ངོར་ཟུག་གཟེར་འདྲ་མིན་བྱིན་ཡོད་སྲིད་མོད་ཀྱི། རྐྱེན་སྣ་ཚོགས་ཀྱི་དབང་གིས། ལོན་ཊོན་གྱི་གློག་བརྙན་དེ་དེ་ཙམ་ལེགས་འགྲུབ་མ་བྱུང་ལ། པེར་ལིན་གྱི་གློག་བརྙན་དེར་ཡང་རྣམ་པ་གསར་བའི་ཆ་ཡོངས་སུ་ཉམས། དེ་ནས་རིམ་བཞིན་རོ་མ་དང་ཞང་ཀང་གི་གློག་བརྙན་ཚང་མ་གློ་བུར་དུ་ཇེ་སྡུག་ཏུ་གྱུར། དེ་ལྟ་ནའང་། དངུལ་གྱི་སླད་དུ་ངས་རང་གི་ཕམ་ཁའི་སེམས་ཁམས་སྐྱོ་བོ་འདི་གནོན་ཅི་ཐུབ་བྱས་ཏེ་གློག་བརྙན་མུ་མཐུད་དུ་ཕབ་ནས་ཡོང་བ་ཡིན། བསམ་ཡུལ་ལས་འདས་བ་ཞིག་ལ། ལེ་ལོ་དང་སྒྱིད་ལུག་གི་དབང་དུ་འགྲོ་བཞིན་ཕབ་པའི་གློག་བརྙན་དེ་དག་ཡག་པོ་ཤ་སྟག་བྱུང་སོང་། གློག་བརྙན་ཕབ་སྐྲུན་གྱི་ཞོར་དུ་གློག་བརྙན་བརྩམས་སྒྲུང་དུ་བཅོས་པ་དང་བརྡ་ཁྱབ་སྒྲིག་བཟོའི་ལས་ཀ་ཇེ་མང་དུ་བཏང་བ། ད་རུང་རང་ཉིད་བརྡ་ཁྱབ་ཀྱི་འཁྲབ་སྟོན་པ་དངོས་སུ་བྱས་ཏེ་ལས་ཀ་མང་པོ་བསྒྲུབས་པས། དངུལ་མང་པོ་ཞིག་རེག་སོང། བཟའ་ཟླ་སྔོན་མར་གུན་གསབ་ཀྱི་དངུལ་སྤྲད་རྗེས་ད་རུང་དངུལ་འབོར་ཆེན་ཞིག་ལྷག་འདུག ངས་རང་གི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པ་དང་རྒྱུ་འབྱོར་བ་ལ་བརྟེན་ཏེ་ཅི་ཡིན་འདི་ཡིན་མི་ཤེས་པའི་དགའ་རོགས་མང་པོ་ཞིག་བསྒྲིགས། ད་རུང་ལྷོ་སྔོན་རི་བོ་རུ་སྒེར་གྱི་གཞུང་སྒྲུབ་ཁང་ཞིག་ཉོས་ཤིང་། རིམ་པ་མཐོན་པོ་ཅན་གྱི་མགྲོན་ཁང་གི་ནང་དུ་འཁྲབ་གཞུང་གསར་རྩོམ་བྱེད་སའི་ཁང་བ་ཆེན་པོ་ཞིག་གཡར་བ་དང་། འཇེབ་འཁོར་རྫིག་པོ་ཞིག་ལ་ཁ་ལོ་བསྒྱུར། རྒུན་ཆང་སོགས་རིན་པ་མཐོན་པོ་ཅན་གྱི་བཟའ་བཏུང་ལ་ལོངས་སུ་སྤྱད། ཕལ་ཆེར། ཟླ་གཉིས་ཙམ་གྱི་རིང་ལ་བུད་མེད་གཅིག་རེར་འགྲོགས་ཏེ་འདི་ལྟར་ལོ་བཞིའི་རིང་ལ་འདོད་ཡོན་ཡོད་དགུ་འཛོམས་པའི་འཚོ་བ་རོལ་ནས་ཡོང་། ང་རང་བུད་མེད་འཁྲབ་སྟོན་པ་མང་པོ་ཞིག་དང་། མོ་ཐུར། ནད་གཡོག་མ་སོགས་ལ་ལུས་འབྲེལ་བྱུང་མྱོང་ལ། ཐ་མག་དང་ཆང་ལ་རྔམ་རོལ་བྱས་པས། འཚོ་བའི་མགོ་མཇུག་འཆོལ། དམར་རྫས་ཁོ་ནར་སྤྱད་པས་ལུས་ཀྱི་ཟུངས་ཟད་དེ་ཤ་མདངས་ཉམས་པ་དང་དོན་ལྔ་སྣོད་དྲུག་ལ་སྐྱོན་ཞུགས་མགོ་བརྩམས། དོན་དངོས་སུ་ང་རང་ལོ་བཞི་བཅུའི་ནང་དུ་ཡོད་མོད། བལྟས་ཚོད་ཀྱིས་ལོ་ལྔ་བཅུ་ཡིན་པའི་སྣང་བ་སྐྱེས་སྲིད། བུད་མེད་མང་པོ་ཞིག་ལ་ལུས་འབྲེལ་བྱུང་བར་བརྟེན། ལུས་ཀྱི་ཟུངས་ཟད་ནས་འགྲོ་བའི་ཚོར་བ་ཞིག་སྐྱེས་ཡོང། འདི་ལྟ་བུའི་ང་རང་སྐྱོབ་མཁན་ནི་བུ་མོ་ཞིག་ཡིན་ཏེ། ཁོ་མོའི་མིང་ལMIEKO akagawaཟེར། ངེད་གཉིས་འཕྲད་སྐབས་ཁོ་མོ་ལོ་ཉེར་དྲུག་རེད།
  “ཁྱེད་རང་ལའང་ཁོམ་ལོང་དེ་འདྲ་ཡོད་མི་སྲིད་པས། ད་ནས་བཟུང་བཅར་འདྲི་མགོ་བརྩམས་ན་ག་འདྲ་རེད། བཅར་འདྲི་བྱེད་སྐབས་པར་བླངས་ཆོག་གམ”ཞེས་མོས་ཚམ་ཚོམ་ཅི་ཡང་མེད་པར་ངའི་ངོ་ལ་ཅེ་རེར་ལྟ་བཞིན་ཚིག་རྣ་བར་སྙན་ཞིང་གསལ་བོ་ཞིག་གིས་ཁ་བརྡ་གློད་ཡོང་། མོ་ཐུར་སོགས་དང་བསྡུར་ཚེ་ཁོ་མོའི་ཁ་སྒོ་སྐྱེ་འབྲས་དེ་འདྲ་མཚར་རྒྱུ་མེད་དེ། ཆེས་སྤྱིར་བཏང་གི་བུ་མོ་ཕལ་བ་ཞིག་ཡིན་མོད། ངའི་སྣང་བར་ཤིན་ཏུ་འགྲོ ཁོ་མོས་དུས་ཚུགས་ཀྱི་འགྱུར་བག་དང་མཐུན་པའི་དཔྱིད་ཀའི་མདངས་འདྲེས་པའི་སྨད་ཤམ་སེར་སྐྱ་ཞིག་གྱོན་ཡོད་ལ། གོས་ཀྱི་འདབས་ཁ་རླུང་གིས་བསྐྱོད་པའི་ངང་ཚུལ་དེ་ཧ་ཅང་ལྟ་ན་སྡུག་པ་ཞིག་རེད། ཁོ་མོར་ལག་པ་ཧ་ཅང་སྙིང་རྗེ་བོ་ཞིག་འདུག་སྟེ། ལག་པའི་མཛུབ་གུ་དང་སེན་མོའི་དབྱིབས། ད་རུང་རི་མོ་གསལ་ལེར་མངོན་པའི་ལག་མཐིལ་དང་། འོད་ཀྲིག་ཀྲིག་བྱེད་པའི་ལག་པའི་སྐྱི་ཤ་འཇམ་པོ་དེ་མཐོང་འཕྲལ། ངས་རང་གི་བཟའ་ཟླ་སྔོན་མ་དབང་མེད་དུ་དྲན་ཡོང་སྟེ། མོ་ལ་ཡང་འདི་ལྟ་བུའི་ལག་པ་འཇམ་པོ་ཞིག་ཡོད། ངེད་གཉིས་ཁ་བྲལ་ནས་ཡུན་རིང་འགོར་སོང་ནའང་། ཁོ་མོའི་ལག་པ་དེ་ཤེས་མེད་ཚོར་མེད་ངང་ངའི་སེམས་སུ་ཡང་ཡང་འཁོར་ཡོང་སྟེ། དེ་ནི་གཞན་ལ་ཤོར་ནས་ཕྱིར་འོང་མེད་པའི་ནོར་བུ་ཞིག་གི་དཔེ་རུ་འགྲོ་སྲིད།
  “ཁ་པར་ནང་དུ་བཤད་ཟིན་པ་ཇི་བཞིན་བཅར་འདྲིའི་རྩོམ་ཡིག་དེ་<<ལྷོ་ཕྱོགས་སུ་བསྐྱོད་པ>>ཞེས་པའི་ཆེད་སྒྲིག་དེ་རུ་དགོད་རྒྱུ་ཡིན། སྐུ་ཞབས་ཁྱེད་ཀྱིས་རང་ཉིད་འཛམ་གླིང་གི་ཡུལ་གྲུ་གང་སར་ཁམས་གཡེང་དུ་སོང་མྱོང་ཡོད་ཅེས་གསུངས་མྱོང་མོད། ལྷོ་ཕྱོགས་སུ་ཁྱེད་རང་ལ་བག་ཆགས་ཤིན་ཏུ་ཟབ་མོ་བཞག་མྱོང་བའི་རྒྱལ་ཁབ་དང་གྲོང་ཁྱེར་ཡོད་དམ། ”མོས་ང་ལ་དེ་སྐད་དྲིས་བྱུང་།
  ངས་མོའི་དྲི་བར་ལན་མ་བཏབ་པའི་སྔོན་ལ། ངོ་གནག་སྟེ་རྣམ་འགྱུར་ངན་པ་ཞིག་བསྟན་ཏེ། མོར་ང་ལ་སྐུ་ཞབས་ཞེས་འབོད་མི་དགོས་ཞེས་བཤད་པ་ཡིན། ཁོ་མོ་འདི་རུ་འབྱོར་དུས་ཕྱི་དྲོའི་ཆུ་ཚོད་ཤིན་ཏུ་སྔ་ནའང་། ང་རང་མདང་ནུབ་ཤ་ཆང་དང་བུད་མེད་སོགས་ལ་བསྟེན་དུ་སོང་བས་རྐྱེན་གྱིས། ཕོ་བ་ན་ཞིང་མགོ་བོ་གཟེར་ཏེ་ལུས་ཀྱི་འབྱུང་གཞི་དེ་ཙམ་མི་བདེ། ཁོ་མོའི་ལག་པ་དེ་མཐོང་བ་ན་ངས་རང་གི་བཟའ་ཟླ་སྔོན་མའི་ལག་པ་དབང་མེད་དུ་དྲན་འོངས་བ་དང་། ལག་པའི་བདག་པོ་སྟེ་ཁོ་མོ་ཡང་བློ་ལ་བབས་སོང་།
  ཁོ་མོས་ཅི་མི་སྙམ་པར་ང་ལ་སཱ་ཁོ་ར་འེ་ཡོ་འེ་ཆིས་ཞེས་འབོད་རྒྱུ་ཡིན་ཟེར་ཞིང་། དེ་ནས་བཅར་འདྲི་མགོ་རྩོམ་གྲབས་བྱས་སོང་།
  “ལྷོ་ཕྱོགས་ཀྱི་རྒྱལ་ཁབ་དང་གྲོང་ཁྱེར་གྱི་ཁྲོད་དུ་ཁྱེད་རང་དགའ་བའི་ས་ཆ་དེ་བཤད་རོགས།”ཞེས་མོས་ང་ལ་དྲིས་བྱུང་།

                                  བུམ་པ་རྒྱལ་གྱིས་བསྒྱུར།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཡིག་ནས་བསྒྱུར་བའི་སྒྲུང་། ཁོ་མོ་བཞུད་སོང་།༡

2015-12-14 མོའུ་ར་ཁ་མེ་ལུའུ།༼ཉི་ཧོང ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།