ཨ་དོ་ཉི་སིའི་སྙན་ངག་འགའ།

35316381-1.jpg

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཨ་དོ་ཉི་སི། ཨ་ལིས•ཨའེ་ཧ་མེ་དི•ས་ཡེ་དི•ཨ་སི་པའར། སྨྱུག་མིང་ལ་ཨ་དོ་ཉི་སི། 1930ལོར་སུ་རུ་ཡའི་ལ་ཐ་ཁེའར་ནས་འཁྲུངས་ཤིང་།སུ་རུ་ཡའི་རླབས་ཆེ་བའི་སྙན་ངག་པ་དང་བསམ་བློ་བ་ཞིག་ཡིན།སྔ་ཕྱིར«དི་མེས་སི་ཁི་སིའི་མེས་ཧར་སྒྲ་ཡོའི་གླུ»དང«རབ་རིབ་དང་གསལ་གསལ་གྱི་བྱ་དངོས་རྗེས་སུ་དྲན་པ»སོགས་སྙན་དེབ22ལྷག་དང་། «བརྟན་ལྷིང་དང་འགྱུར་ལྡོག»གིས་མཚོན་པའི་རིག་གནས་དང་རྩོམ་རིག་སྨྲ་བའི་བརྩམས་ཆོས་གྲགས་ཅན་ཁག20ལྷག་བརྩམས།འཛམ་གླིང་དུ་སྙན་པའི་གྲགས་པ་འབར་ཞིང་།ཉེ་བའི་ལོ་འགའ་ནས་རྟག་ཏུ་ནོ་བྷེལ་གྱི་རྩོམ་རིག་གཟེངས་རྟགས་ཀྱི་འོས་མི་ཚ་ཤོས་ཤིག་ཏུ་ཆགས་ཡོད།

                            ལམ་ཕྲན།

མུན་འཐོམས་ཀྱི་རྡོ་བ་འདིའི་སྟེང་དུ་རེ་དོགས་ཀྱི་ཁ་དོག་བཞད་ཅིང་།
བཀྲག་མདངས་དང་འཕྲུལ་སྣང་གི་ཁ་དོག་སྟེ།
སུ་ཞིག  སུ་ཞིག་རང་།
ལམ་བུ་འདི་བརྒྱུད་སྐབས། མེ་རུ་འབར་མྱོང་ངམ་ཅི།
ང་ཡི་གོམས་སྟབས་དམར་པོའི་མེ་ལྕེ་ལ་དུངས།
གཟི་བརྗིད་ལའང་ཞེན།
ནམ་རྒྱུན་ཁོ་རང་རྒྱང་རིང་དུ་སླེབས་དུས།
ང་རྒྱལ་དང་བློ་སྤོབས་རྒྱས་འོངས།
ནམ་རྒྱུན་ངས་ལམ་ཕྲན་ལ“ཀྭ་ཡེ།
མཚན་མོ་སྟེ་མཚན་མོའི་རྡོག་ཁྲེས་ནམ་ཞིག་ལ་མཇུག་བསྒྲིལ་ལམ།
ནམ་ཞིག་ང་ལ་ང་ཡི་རེ་འབྲས་སྨིན་ཡོང་།
ཆེས་མཐའ་མར་
བདེ་བར་རོལ་ཐུབ”ཅེས་དྲིས་ཚེ།
ལམ་ཕྲན་གྱིས་ང་ལ“འདི་ནས་ཏེ།  ང་ནས་མགོ་རྩོམ”ཟེར།

                             ངས་ཁྱོད་ཚོར་སྨྲས་མྱོང་།

ངས་ཁྱོད་ཚོར་སྨྲས་མྱོང་སྟེ   ངས་རྒྱ་མཚོར་རྣ་བ་གླགས་མྱོང
ང་ལ་ཁོ་མོའི་སྙན་ངག་གྱེར་དུ་བཅུག
ངས་ཉ་ལྐོགས་ཁུད་ཀྱི་གཉིད་ལོག་པའི་གཡེར་དྲིལ་ལ་རྣ་བ་གླགས་མྱོང
ངས་ཁྱོད་ཚོར་སྨྲས་མྱོང་སྟེ   ངས་གཞས་བཏང་མྱོང
གདོན་འདྲེའི་མཐུན་འཇུག་གི་དགའ་སྟོན་དང      ལྷ་སྒྲུང་གི་གསོལ་ཚིགས་སྐབས
ངས་ཁྱོད་ཚོར་སྨྲས་མྱོང་སྟེ     བདག་གིས་ནི་མཐོང་མྱོང
རྣམ་ཤེས་ཤིག    ཕོ་བྲང་ཞིག
ལོ་རྒྱུས་ཀྱི་ཆར་སྨུག་དང་འབར་གྱིན་པའི་བར་ཐག་གི་ཁྲོད་དུ
ཁོ་བོ་རང་ཉིད་ཀྱི་མིག་ཟུང་ཁྲོད་བསྐྱོད་ཀྱིན་པའི་ཕྱིར
ངས་ཁྱོད་ཚོར་སྨྲས་མྱོང་སྟེ   ཡོད་ཚད་བདག་གི་མིག་ལམ་དུ
འགྲུལ་བཞུད་ཀྱི་གོམ་པ་དང་པོ་ནས

                              ཉིན་དང་མཚན་གྱི་ལྗོན་པ།

ཉིན་དཀར་མ་ཐོན་གོང   ང་རང་སླེབས་ཡོད
ཉིན་མོས་ཉིན་བྱེད་ཀྱི་གར་འགྲོ་མ་དྲིས་གོང     ང་རང་འོད་དུ་འཕྲོ
མེ་ཏོག་ངའི་གྲིབ་གཟུགས་སུ་རྒྱུ་ཞིང
ལྗོན་པ་ངའི་རྒྱབ་ལོགས་ན་འདུར
ཀུན་རྟོག་གིས་ངའི་ངོ་གདོང་དུ
དབེན་ཐིང་ཐིང་གི་གླིང་ཕྲན་དང་མཁར་རྫོང་བརྩིགས
—དེ་གའི་སྒོ་གླེགས་ལ་རེག་ཐབས་བྲལ
མཛའ་གཅུགས་ཀྱི་མཚན་མོ་གསལ་ལེར་སྒྲོན
ཉིན་མོས་རང་ཉིད་ངའི་མལ་དུ་བསྐྱུད
དེ་ནས་ཆུ་མིག་ང་ཡི་སྙིང་ག་རུ་འཛག་ཅིང
ཉིན་མོས་སྒྲོག་གུ་ཞིག་ནས་གཉིད་དུ་གཡུར་བ་ན
ངས་ནི་ཆུ་མོ་དང་མེ་ལོང་བསླངས་ཤིང
རྨི་ལམ་ཞིང་གི་ཕྱི་ངོས་གཙང་མར་ཕྱིས་ཏེ་གཉིད་ལ་ཞུགས

                               དུས་རབས་ཉི་ཤུ་བའི་མེ་ལོང་།

རོ་སྒམ་གྱིས་ཁྱེའུའི་གདོང་བ་ཁེབས
གླེགས་བམ
ཁྭ་ཏའི་ནང་ཁྲོལ་ལ་བྲིས
གཅན་གཟན་གྱིས་མེ་ཏོག་རྐང་གཅིག་བཏེག་ཅིང་སྐྱོད
བྲག་རྡོས
མི་རྒོད་ཀྱི་གློ་བར་དུ་འབྱིན་རྔུབ་བགྱིད
འདི
འདི་ནི་དུས་རབས་ཉི་ཤུ་བའོ།།

                               དང་མའི་གླེགས་བམ།

“གཙོ་ཚིག་བྱེད་དམ་ཚབ་ཚིག་བྱེད།”
“དུས་ཚོད་ནི་རྣམ་པར་མཚོན་པའོ།།”
ག་རེ།  ཁྱོད་ཀྱིས་ག་རེ་ཟེར་རམ།  ཡང་ན།
གང་གིས་ཁྱོད་ཀྱི་མིང་ཚབ་ཏུ་བརྗོད་ཀྱིན་ནམ།

ཁྱོད་ཀྱིས་བསྡུས་ཏེ་བརྗོད་དམ།  གཟུགས་རྒྱན་ནི་བྱང་ཡིག་རང་སྟེ།
བྱང་ཡིག་ཀྱང་གབ་ཚིག་ཅིག་གོ།
ཁྱོད་ཀྱི་འཚོ་བར་ཐ་སྙད་ཀྱིས་གཙང་ཕྱགས་བྱས་ཚར།
ཚིག་མཛོད་དུ་ཐ་སྙད་ཀྱི་ལྐོག་གྱུར་ཟད་མི་དཔེ།
ཐ་སྙད་ཀྱིས་ལན་མི་འདེབས།འོན་ཏེ་སྐད་ཆ་འདྲི—གབ་ཚིག
གཟུགས་རྒྱན་ནི་གནས་སྤོར་ཐེངས་ཤིག
མེ་དཔུང་དང་མེ་དཔུང་གི་ཁྲོད།
འཆི་བ་དང་འཆི་བའི་ཁྲོད།

ཁྱོད་ནི་འདི་ལྟ་བུའི་བརྒལ་སྟབས་ཤིག་སྟེ།  སྙིང་བོ་རེ་རེའི་ཁྲོད་ནས་འཁྲུངས།
ཁྱོད་ཀྱི་ངོ་གདོང་ནི་མཚོན་དུ་མི་བཏུབ།

                                                         རྟ་མགྲིན་ཚེ་བརྟན་གྱིས་བོད་ཡིག་ཏུ་བསྒྱུར།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་དོ་ཉི་སིའི་སྙན་ངག་འགའ།

2016-10-22 ཨ་དོ་ཉི་སི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།