ཤེས་ཡོན་གྱི་དམིགས་འབེན།

ཤེས་ཡོན་སློབ་གསོ་ནི་ཤེས་ཡོན་སློབ་སྟོན་པ་དང་ཤེས་ཡོན་སློབ་གཉེར་བ་གཉིས་ཀྱིས་ཐུན་མོང་གི་དམིགས་དབེན་ཞིག་གི་ཆེད་དུ་ཧུར་གྱིས་འཇུག་པའི་ལས་འགུལ་འཆར་ལྡན་ཞིག་ལ་ཟེར། དེར་བརྟེན། དམིགས་ཡུལ་དེའང་ཚད་ལྡན་དང་དོན་ལྡན་ཞིག་འབྱུང་ཕྱིར། ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་བརྒྱུད་རིམ་ཀུན་མི་ཚེའི་དམིགས་ཡུལ་དང་འཚམ་མིན་ལ་བསམ་གཞིག་དང་ཕྱིར་རྟོག་རྣལ་དུ་ཐིངས་བ་བྱེད་རྒྱུ་དོན་གྱི་སྙིང་ཁུ་རུ་སེམས། གལ་སྲིད་དམིགས་ཡུལ་ངེས་གཏན་མེད་པའི་ཤེས་ཡོན་སློབ་གསོ་ཞིག་ཡིན་ཚེ། ཤེས་ཡོན་སློབ་སྟོན་པས་རང་གི་སློབ་མ་རྣམས་ལམ་གང་ཞིག་ཏུ་ཁྲིད་བཞིན་པ་དང་། ཤེས་ཡོན་སློབ་གཉེར་བ་རྣམས་ཀྱིས་ཀྱང་རང་གི་ཤེས་ཡོན་གྱི་གྲུབ་འབྲས་དང་མཉམ་དུ་རང་ཉིད་ཅི་ཞིག་ཆགས་འགྲོ་སྲིད་པའང་ཚོད་དཔག་བྱེད་དཀའ་བར་འགྱུར། ཇི་སྲིད་ཤེས་ཡོན་སློབ་གསོ་ལ་དམེགས་དབེན་ངེས་གཏན་ཞིག་མེད་པ་དེ་སྲིད་དུ་སློབ་མའི་འབྱུང་འགྱུར་གྱི་ཤེས་ཡོན་གྲུབ་འབྲས་ཡང་སྔོན་དཔག་བྱེད་ཐབས་བྲལ། རྒྱུ་མཚན་དེ་ལ་བརྟེན་ནས། ཤེས་ཡོན་སློབ་གསོའི་བགྲོ་གླེང་གི་ཐོག་མའི་གླེང་གཞི་ནི་ཤེས་ཡོན་གྱི་དམིགས་དབེན་ཡིན་པ་བསྙོན་དུ་མེད།

                           ཤེས་ཡོན་སློབ་གསོའི་དམིགས་དབེན་གྱི་རང་བཞིན།

ཤེས་ཡོན་གྱི་དམིགས་ཡུལ་གསལ་བོར་རྟོགས་ཕྱིར། དམིགས་ཡུལ་གྱི་རང་བཞིན་ཡང་ཅིག་ཅར་དུ་རྟོགས་རྒྱུ་ནི་གལ་འགངས་ཧ་ཅང་ཆེ།  ཤེས་ཡོན་གྱི་དམིགས་ཡུལ་ལ་ཡོངས་ཁྱབ་རང་བཞིན་མངའ་བ། གཏན་འཁེལ་རང་བཞིན་ཡོད་པ། རྟག་པའི་རང་བཞིན་རྫོགས་པ། མཐར་ཐུག་དོན་དམ་གྱི་རང་བཞིན་འཛོམས་པ། ཡང་ན། འགྱུར་བའི་རང་བཞིན། ལྟོས་བཅས་ཀྱི་རང་བཞིན། སྟབས་བསྟུན་གྱི་རང་བཞིན། རྟེན་འབྱུང་གི་རང་བཞིན་བཅས་འདུས། དེའང་ང་ཚོས་ཤེས་ཡོན་སློབ་གསོ་ལ་རྦད་དེ་མི་འདྲ་བའི་མཚན་ཉིད་རིག་པའི་གྲུབ་མཐའ་གཉིས་ཀྱི་ཁྱབ་ཁོངས་ནས་དཔྱད་ཞིབ་དང་གཤིབ་སྡུར་བྱས་ཆོག་སྟེ་སེམས་གཙོ་རིང་ལུགས་དང་དངོས་གཙོ་རིང་ལུགས་ཀྱི་ཁྱབ་ཁོངས་གཉིས་ནས་སོ།།

                     སེམས་གཙོ་སྨྲ་བ་དང་ཤེས་ཡོན་གྱི་དམིགས་འབེན།

སེམས་གཙོ་སྨྲ་བས་ཤེས་བྱ་ཀུན་ལས་སེམས་དོན་རིག་པ་མཆོག་འཛིན་བྱེད་ཅིང་། མཐར་ཐུག་གི་བདེན་པའང་བསམ་བློའམ་སེམས་ཀྱི་རང་བཞིན་མ་གཏོགས་གཞན་དངོས་པོ་གང་གི་སྟེང་ནས་ཀྱང་རྙེད་མི་ཐུབ་པར་ཁས་འཆེ། སེམས་གཙོ་སྨྲ་དག་གིས་དོན་དམ་དང་རྟག་བརྟན། འགྱུར་མེད་དང་ལྟོས་མེད་ཀྱི་བདེན་པ་ཞིག་ཡོད་པར་བཤད་ལ། ཤེས་ཡོན་གྱི་མཐར་ཐུག་གི་ཕུགས་བསམ་དེ་ཡང་བདེན་པའི་ངོ་བོ་དེ་དག་གཞིར་བཞག་གིས་འཚོལ་དགོས་པར་གཞིགས། སེམས་གཙོ་སྨྲ་བ་ཚོར་མཚོན་ན། ཤེས་ཡོན་གྱི་དམིགས་ས་དེའང་རང་ཆས་སུ་སེམས་དོན་རིག་པ་ཡིན་པ་དང་། དམིགས་ཡུལ་དེ་ལ་འགྱུར་མེད་ཚུགས་ཐུབ་ཀྱི་རིང་བཞིན་དང་། ལྟོས་མེད་སྒེར་ཚུགས་ཀྱི་རང་བཞིན། ཀུན་ཁྱབ་རིན་ཐང་གི་རང་བཞིན་བཅས་ཡོད་པར་བསྙད། རང་བཞིན་དང་རིན་ཐང་འདི་དག་ནི་མིས་བཟོས་པ་མ་ཡིན་པར་ལྷན་སྐྱེས་ཀྱི་ཁྱད་ཆོས་ཤིག་ཡིན་པས་། ཁྱད་འཕགས་རིན་ཐང་འདི་དག་རྟོགས་སད་བྱུང་རྒྱུ་ནི་ཤེས་ཡོན་གྱི་དམིགས་འབེན་དུ་འདོད། 

སེམས་གཙོ་སྨྲ་བ་ཁག་ཅིག་གིས། ཤེས་ཡོན་གྱི་དམིགས་ཡུལ་རིགས་གཉིས་སུ་བཀར; གནས་སྐབས་དང་མཐར་ཐུག   གནས་སྐབས་ཀྱི་དམིགས་ཡུལ་ནི་འགྱུར་རུང་བ། བསྒྲུབ་སླ་བ། སྟབས་བསྟུན་བྱས་ཆོག་པ། གོམས་འདྲིས་བསྟེན་སླ་བ་བཅས་དང་། མཐར་ཐུག་གི་དམིགས་ཡུལ་ནི་དེ་ལས་ཟློག་སྟེ་ལྟོས་པ་མེད་པ། འགྱུར་བ་བྲལ་བ། ཇི་སྲིད་རྟག་བརྟན་གྱི་ཁྱད་ཆོས་མངའ་བ་བཅས་སོ།།

                     དངོས་གཙོ་སྨྲ་བ་དང་ཤེས་ཡོན་གྱི་དམིགས་འབེན།

དངོས་གཙོ་སྨྲ་བ་རྣམས་ཀྱིས་བདེན་པའི་ངོ་བོ་ནི་དུས་ནམ་ཡང་འགྱུར་མེད་གཏན་འཁེལ་དུ་མི་ཁས་པ་བཞིན། དེ་རིང་གི་བདེན་པ་ནི་སང་ཉིན་གྱི་བདེན་པ་ཡིན་པའི་ངེས་པ་མེད་པར་རློམ། དེའི་རྒྱུ་མཚན་གྱིས། དངོས་གཙོ་སྨྲ་བ་ཚོས་ལྟོས་མེད་སྒེར་ཚུགས་དང་འགྱུར་མེད་ཚུགས་ཐུབ་ཀྱི་རིན་ཐང་ཞིག་ཁས་མི་ལེན་པ་སྨོས་ཅི་དགོས། རིན་ཐང་ཐ་དག་མིས་བསྐྲུན་པ་དང་། རིན་ཐང་དེ་དག་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་འོས་མིན་མིས་དུས་དང་རྣམ་པ་ཀུན་དུ་བརྟག་ཅིང་དཔྱད་དགོས་པ་གནད་ཀྱིས་སྐུལ།  དེའི་ཕྱིར། དངོས་གཙོ་སྨྲ་བས་བཤད་རྒྱུར། མིས་རང་ཉིད་སྒེར་སོ་སོའི་རྣམ་དཔྱོད་རྩལ་དུ་དཀྲུག་ནས། འདས་ཟིན་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་སྐབས་བབ་ཀྱི་གནས་སྟངས་ལ་སྟབས་བསྟུན་བྱས་ནས་མི་ཚེའི་རིན་ཐང་དང་ཤེས་ཡོན་གྱི་དམིགས་ཡུལ་གདམ་ཞིང་བསྐྲུན་དགོས།   

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤེས་ཡོན་གྱི་དམིགས་འབེན།

2017-03-28 O.P DHIMAN ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།