ཐ་མལ་བ་ནས་བདེན་ལུགས་སུ་ཕྱོགས་པའི་སྟག་ཅིག

དབང་ཕྱུག་ཚེ་བརྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-06-30

IMG_0300.JPG
རྩོམ་པ་པོ། དབང་ཕྱུག་ཚེ་བརྟན།

IMG_0302.JPG
ལོ་ཙཱ་བ། རྡེའུ་དཀར་ནག

སྟག་ཅིག སྙན་ངག་ཅིག་གི་ཚིག་འབྲུ་དེད་ནས་འདི་ལ་སླེབས་སོང་།
ཁོ་མོས་མཛེས་སྡུག་གི་པགས་པ་ཞིག་གྱོན་ནས། ཡིད་ཆེས་ཀྱི་གོམ་པ་སྤོ།
ཁྲག་ཞེན་གྱི་ལྕེ་ལེབ་རྐྱོང་བཞིན། སྲོག་ཉེན་གྱི་མཇུག་མ་གཡུག་གིན་འདུག

སྟག་ཅིག མི་རྣམས་ཀྱི་མཐོང་རྒྱ་ལས་བརྒལ་ཏེ།
ངའི་ཀླད་པའི་མཚོ་མོར་ཞུགས། ངས་མཐོང་བའི་ཁོ་མོ།
ཁྱོད་ཚོའི་མཐོང་བ་དང་ཕལ་ཆེར་གཅིག་ཏུ་སྣང་།
ངའི་དྲན་ངོས་ཀྱི་སྟག་འབྲེལ་ཤུགས་རྐྱེན་དང་ཟིན་ཐོ་ཡོངས་སུ་འདུས་ལ།
ཁོ་མོའི་རྒྱུས་མེད་འཚོ་བའི་ལོག་འགྲེལ་ཀྱང་འདུས་ཡོད།
གཟིག་དང་སེང་གེའི་ཁྱད་མཚར་བའི་མཉམ་བསྲེས་གཏམ་རྒྱུད་ཡོད།
ངའི་སེམས་ནང་གི་སྟག
དེ་ནི་ངའི་སྒེར་རྟགས་སྦྱར་བའི་སྲོག་ཆགས་ཤིག
དེ་ནི་འདུ་ཤེས་ཁྲོད་འཕྲོ་བའི་ཐ་མལ་བའི་སྟག་ཅིག

སེམས་ཀྱི་ཟབ་སར་བརྟན་པར་གནས་པའི་མ་རུངས་གཅན་གཟན་ཞིག
ཁོ་མོར་ཀུན་གྱིས་ཡིད་སྨོན་འཆོར་བའི་བག་ཡོད་ཞི་དུལ་ལྡན།
ཁོ་མོ་ཤ་རྒྱགས་ཆུ་འདང་དུས། ལུས་པོ་མཛེས་ཤིང་གོམ་སྟབས་ཡངས།
འཇིགས་ཉེན་ཇི་འདྲའི་ཆེ་ནའང་། ཕྲུ་གུའི་ཚེ་སྲོག་ལ་སྲུང་སྐྱོབ་ཅི་ཐུབ་བྱེད།
ང་ཚོ་བྱིས་དུས་ཀྱི་དྲན་ངོས་ནང་། ཁོ་མོའི་བརྩེ་བའི་སྣང་བརྙན་ནི་བྱི་ལ་ཆེན་པོ་ཞིག་དང་འདྲ།

བྱི་ལ་འདི། ང་ཚོའི་འཇིག་རྟེན་གྱི་མཐའ་འཁོབ་ཏུ་འཚོ་ཞིང་གཞེས།
གདོད་མའི་ནགས་ཚལ། ལུང་ཁུག་གི་གྲོང་ཚོ། ཡང་ན་སྲོག་ཆགས་གླིང་། རྟ་རྩེད་ཚོགས་པ།
ཁོ་མོར་སྔར་ནས་རྒྱལ་བོའི་གཟི་ཉམས་ལྡན་ལ། ལས་དབང་ལ་བསྟུན་པའི་འཇམ་མཉེན་ཀྱང་མངའ།
མི་གཞན་གྱིས་ལྟ་སྐོར་དང་། མེ་ཚོམས་སུ་འཇུག་པ། གཅན་གཟན་གཡུང་མཁན་གྱིས་མངོན་པར་གཟིགས་པའི་རེ་སྒུག་གི་ཟས་ཁམ་གང་།
ཁྱོད་ཀྱིས་དེའི་ནང་དུ་ཟློས་གར་རང་བཞིན་གྱི་ལས་དབང་མཐོང་ཐུབ།
སྟག་ཅིག་གིས་ལྟོགས་སྐོམ་དང་འཚོ་གནས་ལ་གཞིགས་ནས་ཚེ་སྲོག་གཞན་ཞིག་ཁྱུད་མིར་གཏོང་ངེས།
ཡིན་ནའང་། ཁོ་མོ་རྟ་རྩེད་ཚོགས་པའི་འགྲོ་ལུགས་ལ་གོམས་སྲིད་པ་དང་།  ལས་དབང་གཞན་ལའང་བསྟུན་ངེས།
རི་འགོར་འཛེགས་པའི་སྟག་ཅིག་གིས། མི་རྣམས་ལ་རེ་བ་དང་དབང་ཤུགས་སྤྲོད་ཐུབ།
རི་ནས་འབབ་པའི་སྟག་རྒོད་ཅིག་གིས། ཐང་རྒོད་དུ་ཁྱིའི་རིགས་དང་འཆམ་མཐུན་སྒོས་འཚོ་གནས་བྱ་ཐུབ།

སྟག་འདི། མཚམས་ལ་ལར་སྟོབས་ཤུགས་དང་འཇིགས་ཉེན་ལྡན་པའི་རླུང་བུ་ཞིག
མཚམས་ལ་ལར་འཇིག་བྲལ་མི་ཆེན་འོག་གི་རྐུབ་སྟེགས་ཤིག
ཁྱོད་ཀྱིས། ཁོ་མོར་གཟིགས་ཆོག ཕྱིར་དྲན་བྱ་ཆོག ཞིབ་འཇུག་བྱ་ཆོག
ཁྱོད་ཀྱིས། རང་ཉིད་ཀྱང་སྟག་ཅིག་ཏུ་བསམ་ཚོད་བྱ་ཆོག
ནུས་ཤུགས་དགོས་པའི་སྐབས་སུ། སྟག་པགས་གྱོན་ནས་སྨྱུག་གཤག་ནང་བཞིན་ཐོགས་ཐུག་མེད།
བྱམས་བརྩེ་དགོས་པའི་སྐབས་སུ། སྟག་པགས་ཕུད་ནས་སྡེར་མོ་རྣོན་པོ་སྐུམ་པར་བྱེད།
ཁྱོད་ཀྱིས། རང་ཉིད་ཀྱི་ཆེད་དུ་གཤོག་པ་བསྣམས་ཏེ། ཕུགས་བསམ་དང་རེ་སྨོན་སྤུར་ཆོག
ཁྱོད་ཀྱིས། ཕྲུ་གུའི་གཅེས་སེམས་ཆེད་དུ་སྐྱེད་མ་བཙན་པོ་ཞིག་གི་ལས་དབང་མྱང་ཡང་ཆོག
 
འདི་ནི་སྟག་ཅིག་གི་རྐུབ་ཏེ། ངའི་སྨྱུག་ཁམས་སུ་རེག་ཐུབ་སོང་།
སྒལ་པར་བསྟུན་ནས། དལ་ལྷོད་ལྷོད་ངང་ཁོ་མོའི་དབུགས་དང་སེམས་ཁམས་མྱངས།
ཁོ་མོ་འདིར་སླེབས་པའི་ལས་འབྲས་ལ་བསམ་བཀོད་བྱེད།
ཁོ་མོ་ནམ་ཞིག་ལ་ཁ་བྲལ་ཏེ་གང་དུ་སླེབས།
སྟག་ཅིག་གནས་པ་ན། དོན་དངོས་སུ་ཕན་འབྲས་ག་ཚོད་གསོག་ཐུབ་བམ།
སྟག་ཅིག་སྐྱེས་པ་ན། ཉམ་ཆུང་གི་སྲོག་ཆགས་ག་ཚོད་ལ་གནོད་པ་ཐེབས་སམ།
 
སྟག་འདི་ཡི་གེར་འགོད་དུས་ཡིག་འབྲུ་གཅིག
ཡིན་ནའང་། ཀླད་པའི་ངོས་སུ་པར་ངོས་དང་ཤན་འབྱེད་གྲངས་མེད་ཅིག
མི་རེ་རེས་ཁོ་མོར་ལྟ་དུས། སེམས་ཚོར་སྣ་ཚོགས་པ་ཞིག
དགའ་བ་དང་གཅེས་སྤྲས་ཡོད་ལ། འཇིགས་སྐྲག་དང་སུན་སྣང་ཀྱང་ཡོད།
ནམ་རྒྱུན་གྱི་འཚོ་བའི་གྲུ་ཟུར་ནས་ཁོ་མོ་གླེང་ངེས་ཏེ།
ང་ཚོའི་ཐ་མལ་བའི་སེམས་ཁམས་དང་གླེང་གཞི་ལ་ཤུགས་རྐྱེན་བྱེད་ཆོག
དེ་ནི་བཞེད་སྟངས་ཤིག་དང་། ཡང་ན་རྒྱང་ཐག་རིང་བའི་གཏམ་རྒྱུད་ཅིག་ཀྱང་ཡིན་སྲིད།
ཡིན་ནའང་། ཁོ་མོའི་ཟིལ་ཤུགས་ལྡན་པའི་སྐད་སྒྲ་དང་སྟོབས་ཤུགས་ཀྱིས།
བར་སྟོང་ཐོད་བརྒལ་དང་མགྱོགས་མྱུར་ངང་སླེབས་ཐུབ།
 
སྟག་ཅིག འཇིག་རྟེན་གཞན་ཞིག་ཏུ་འཚོ་ཞིང་གནས།
ཚོར་མེད་ངང་ངའི་སྙན་ངག་གི་ཞིང་ཁམས་སུ་སླེབས་སོང་།
རབ་བེ་རིབ་བེའི་ངང་ངའི་བྱིས་དུས་དང་འཚར་ལོངས་ཀྱི་ལོ་ཟླར་འཁོར་ཡོང་།
ནམ་ཡང་རྒྱང་རིང་ས་ཞིག་ནས་ང་དང་རིམ་གྱིས་འཕྲད།
ང་རང་ཁོ་མོར་བཀུར་ཞིང་སྐྲག ནམ་རྒྱུན་སེམས་སུ་ཁོ་མོར་གསོལ་འདེབས་ཞུ།
ཁོ་མོར་ད་དུང་མཚན་དང་ལས་དབང་གཞན་ཞིག་ཡོད་པ་ངས་ཤེས་ཡོད།
ཐ་ཤལ་གྱི་གཟིགས་མོ་ཞིག་གིས། ཁོ་མོའི་འགྲུལ་བཞུད་ཀྱི་ལམ་ཁ་བསྒྱུར་བར་དཀའ།
དེ་ལས་ལེགས། ཡང་ན་དེ་ལས་སྡུག
ཁོ་མོ་ནི་སྤྲིན་དཀར་མགོ་ལས་གཡོལ་བའི་གྲིབ་གཟུགས་ཤིག་ཡིན་ཀྱང་སྲིད།
རླུང་བུ་ལྡང་བ་ན། མེད་པར་འགྲོ་ངེས་ལ།
གལ་ཏེ་ཁོ་མོ་མ་དྲན་པར་བྲིས་ཚེ། ཁོ་མོ་དེ་རུ་གནས་ངེས།
 
 ངས་འདུ་ཤེས་ཀྱི་སྟག་ཅིག་བཟུང་ནས་ཁོ་མོའི་དོན་སྙིང་ལ་འཚོལ་ཞིབ་བྱ་དུས།
ཁོ་མོས་ང་རང་མཐོང་ནས་ངའི་ཕྱོགས་སུ་བརྒྱུགས་ཡོང་།
ཁོ་མོས་སྡེར་མོ་ཡར་ལ་བརྩེངས་ཏེ་ངའི་ཨུ་ཚུགས་དང་ཤེས་མེད་ལ་བློས་བསླངས་བྱེད།
སེམས་སྡུག་དང་སྙིང་རྗེ་རུམ་གང་ཁྱེར་ནས་ཕྱིར་ལྟ་བྱེད་སྲིད།
མཛེས་སྡུག་གི་སྟག་པགས་ཡོད་ཚད་མེད་བརླག་ཏུ་ཕྱིན་ཏེ།
སྟོང་བའི་དབྱིངས་སུ་ཞུར།
 
                           2017/06/28

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐ་མལ་བ་ནས་བདེན་ལུགས་སུ་ཕྱོགས་པའི་སྟག་ཅིག

2017-06-30 དབང་ཕྱུག་ཚེ་བརྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།