འུ་གཉིས།
མཚན་མོའི་མཁའ་རུ
སྐར་ཚོགས་གྲངས་མེད་ཅིག
འོད་ཆེམ་དེ་ཁྱེད
སྨག་རུམ་དེ་བདག
མཐའ་ཡས་འབྲོག་སྟོང་དུ
རླུང་ཁར་བསྐྱོད་པའི་རི་སྒང་མེ་ཏོག
དམར་པོ་དེ་ཁྱེད
ལྗང་ཁུ་དེ་བདག
གནམ་སའི་བར་མཚམས་སུ
ཡུལ་ལྗོངས་གྲངས་མེད་ཅིག
རི་སྒང་དེ་ཁྱེད
ཆུ་བོ་དེ་བདག
ཚེ་སྲོག་གི་ནང་རུམ་ན
ངེས་མེད་ཀྱི་སྡུག་བསྔལ་གྲངས་མེད་ཅིག
སྤྲིན་ཕུང་དེ་ཁྱེད་དང་འདྲ
བསིལ་རླུང་དེ་བདག་དང་མཚུངས
ནམ་ཞིག
སོ་སོར་གྱེས་དགོས་བྱུང་ན
འདི་ལྟར་བསམ་ན
སེམས་སུ་གས་ཆག་ཤོར་འགྲོ
མཚན་མོའི་ཟླ་འོད་མ་གཏོགས་ང་རང་སུས་ཀྱང་རྟོགས་སུ་མེད
མང་བསམ་གྱིས་བསྒྱུར།
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།