བརྩམས་སྒྲུང་གི་ཆེ་བ་བརྗོད་པ།

ཧོ་ཝར་དྷ་གྷོལ་བྷལ་ཊ(Howard Goldblatt.葛浩文) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-09-25

ལོ་མང་པོའི་གོང་དུ་མི་ཚོས་ཚོང་ལས་གཉེར་བཞིན་པའི་བདག་གི་གཅུང་པོ་ལ་དྲི་བ་འདྲི་རྒྱུར། “ཁྱོད་ཀྱི་ཕུ་བོས་ཅི་ཞིག་བྱེད་ཀྱིན་ཡོད་དམ”ཞེས་དྲིས་དུས་ཁོས་བསམ་བློ་གང་ཡང་མི་གཏོང་བར་ཅུང་ཟད་མཐོང་ཆུང་བྱེད་པའི་རྣམ་འགྱུར་ཀྱི་ངང་ནས“ངའི་ཕུ་བོ་ནི་བརྩམས་སྒྲུང་ཀློག་མཁན་ཞིག་རེད།”བརྩམས་སྒྲུང་བཙོང་མཁན་ཞིག་མ་རེད་ལ། བརྩམས་སྒྲུང་འགྲེམ་སྤེལ་བྱེད་མཁན་ཞིག་ཀྱང་མ་རེད། བརྩམས་སྒྲུང་འབྲི་མཁན་ནི་དེ་བས་མ་རེད། བརྩམས་སྒྲུང་ཀློག་མཁན་ཞིག་རེད། ཁོ་ནི་དེ་ལྟ་བུའི་ལས་གཉེར་མཁན་ཞིག་རེད་ཅེས་བཤད།

དྲང་མོར་ལབ་ན་ངས་བརྩམས་སྒྲུང་ཀློག་པའི་འཚོ་བ་ནི་དོན་ངོ་མར་རྒྱ་ནག་གི་བརྩམས་སྒྲུང་ཀློག་པ་ནས་འགོ་བརྩམས་པ་ཡིན། (མཐོ་འབྲིང་སྐབས་ང་དཔེ་ཆར་སྤྲོ་བ་རྩ་བ་ནས་མེད། སློབ་ཆེན་ལ་སླེབས་རག་བར་གྱི་ལོ་ཟླའི་ཁྲོད་ལས་བྱའི་འགན་ལྕི་དྲགས་པས། དེ་ལྟ་བུའི“ཉི་མ་འཁྱོལ་ཐབས”བྱེད་པའི་གོ་སྐབས་ཤིག་གང་ནས་ཡོད། )ངེད་ནི་སློབ་ཆེན་མཐར་ཕྱིན་པའི་རྗེས་ཏེ། ཕྱི་རྒྱལ་ན་རྒྱ་སྐད་རྒྱ་ཡིག་སྦྱོང་སྐབས་ཅུང་ཙམ་ཀློག་རིན་ཡོད་པ་དང་། ཁ་སྐད་དང་ཐག་ཉེ་བའི་དེབ་ཀློག་འདོད་པས་ད་གཟོད“བརྩམས་སྒྲུང་ཀློག་པའི་”ལམ་ལ་བུད་པ་ཡིན། རྒྱུ་མཚན་ཅིའི་ཕྱིར་དང་དུས་ནམ་ཙམ་ནས་བརྩམས་སྒྲུང་དེ་ཕྱི་སྐད་སློབ་དེབ་ནས་ཁོ་བོའི་བསམ་པའི་རྒྱགས་ཕྱེ་གཙོ་བོའི་གྲས་སུ་གྱུར་བ་ཡིན་ཞེ་ན། ངས་ངོ་མ་ཕྱིར་དྲན་བྱེད་མི་ཐུབ་རུང་། བསྙོན་དུ་མེད་པ་ཞིག་ལ་བགྲང་བྱ་ཉི་ཤུའི་རིང་ལ་མ་བསམ་ས་ནས་ང་རང་ལས་འདིར་འཇུག་རྒྱུར་ངོ་མི་ཚ་བར་མ་ཟད། གཟི་བརྗིད་ཅིག་ལ་རློམ་མཁན་གྱི་བརྩམས་སྒྲུང་ཀློག་པ་པོ་རྣལ་མ་ཞིག་ཏུ་གྱུར།

བདག་གི་གཅུང་པོས་ངའི“སྐྱོན་ཆ”འདིར་རྣམ་འགྱུར་དེ་འདྲ་ཞིག་བསྟན་པ་ནི་ཕལ་ཆེར་ཕལ་པ་རྣམས་ཀྱིས་དུས་རྒྱུན་དུ་འདོད་བཞིན་པའི“རྟོག་བཟོ”ཡི་གོ་དོན་ཏེ། “རྫུན་མའི”ནང་དོན་ལ་གོ་ནས་“བདེན་པ”(ཡོད་པ)དང“རྫུན་པ”(མེད་པ)འགལ་ཟླར་རྟོག་པས། ང་བརྩམས་སྒྲུང་ལ་དགའ་བ་དེ་གཅུང་པོས་བལྟས་ན་དངོས་ཡོད་ལས་གཡོལ་བའི་མངོན་སུམ་གྱི་བགྱི་བའི་གྲས་སུ་མཐོང་བ་རེད། ངོ་མར་བཤད་ན། བརྩམས་སྒྲུང་ཀློག་པ་ནི་སྤྱི་ཚོགས་ཀྱི་བྱ་འགུལ་གཞན་གང་དང་བསྡུར་ནའང་དོན་སྙིང་གིས་དབེན་པ་ཞིག་དང་། ལས་སླ་བ་ཞིག་དང་། དངོས་ཡོད་ལས་གཡོལ་བའི་རང་བཞིན་ཅན་ཞིག་རྩ་བ་ནས་མ་རེད། ངས་འདི་ལྟར་བརྗོད་ཕོད་དེ། གལ་ཏེ་ཁྱོད་ཀྱིས་བརྩམས་སྒྲུང་ལེགས་པོ་ཞིག་བདམས་པ་ཡིན་ན། ཁྱོད་ཀྱི་མི་ཚེའི་འཕེལ་རྒྱས་དང་། མི་ཚེའི་ལྟ་ཚུལ། ཐ་ན་ཁྱོད་ཀྱིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས་ཀྱི་ཐད་ལའང་། འཛུགས་སྐྲུན་རང་བཞིན་གྱི་ཤུགས་རྐྱེན་ཡོད་སྲིད་པ་ཡིན། གལ་སྲིད་ཀློག་པ་པོ་ཞིག་གིས་བརྩམས་སྒྲུང་ཀློག་པ་ནི་རྩོམ་པ་པོ་ཞིག་གིས་བརྩམས་སྒྲུང་འབྲི་བ་ནང་བཞིན་ནན་ཏན་དང་སྡུག་རུས་བྱེད་ཐུབ་ན། རོལ་རྩེད་དང་ཤེས་ཡོན་གཉིས་ཀའི་ཐད་ནས་འབྲས་བཟང་འཐོབ་སྲིད་པར་མ་ཟད། ཚོང་ལས་ཐེངས་ཤིག་གཉེར་བ་དང་། མོ་ཊར་ཞིག་གསོ་ཐེངས་ཤིག་བྱེད་པ། ཟ་མ་ཐེངས་ཤིག་ལས་པ་སོགས་སྤྱི་ཚོགས་བྱ་འགུལ་མཐའ་དག་གི་དོན་སྙིང་ལས་ཀྱང་མི་དམན་པ་ཁོ་ཐག་ཡིན།

བརྩམས་སྒྲུང་ལ་ངོ་མ“བདེན་པའི”ཆ་ཞིག་ཡོད་ངེས་ཤིང་། བརྩམས་སྒྲུང་ཀློག་པར་གོམས་པའི་མི་ཞིག་ལ་མཚོན་ན་འདི་ནི་ཆེས་གལ་ཆེ་བའི་ཆ་ཞིག་ཡིན། འདིར་བརྗོད་པའི་“བདེན་པ”ཞེས་པ་ནི་མི་ངོ་མ་དང་དོན་རྐྱེན་ངོ་མར་བརྟེན་ནས་མི་འབྱུང་མོད་། བདེན་པའི་བརྩེ་དུང་ཞིག་མཚོན་བཞིན་ཡོད། མི་རིགས་ཤིག་དང་། དུས་རབས་ཤིག  ཡང་ན་ས་གནས་ཤིག་གི་ཉིང་བཅུད་དེ་བརྩམས་སྒྲུང(ཡང་ན་ཟློས་གར)གི་ལམ་ནས་མཚོན་ན་ནི་ད་གཟོད་ཆེས་ནུས་ལྡན་དང་། ཆེས་གོ་ཆོད། ཆེས་བདེན་པ་ཞིག་མཚོན་ཐུབ་པ་ཡིན་ཞིང་། རྒྱུ་མཚན་ནི་སྒྲུང་མཁན་ཞིག་གིས་རྩོམ་པའི་གོ་རིམ་ཁྲོད་ཁོས་མིའི་རིགས་ལ་ཆ་རྒྱུས་ལོན་པ་ལས་བྱུང་བའི་ཤེས་རྟོགས་དང་འདུ་ཤེས(ཚང་མ་ཡང་ན་ཕྱེད་ཀ)ཀྱིས་དེབ་ཡོངས་ཁེངས་པར་བྱས་ཡོད་ལ། ཀློག་པ་པོར(བརྩམས་སྒྲུང་ཀློག་པ་པོ་ལ)རིན་བྲལ་གྱི་ཤེས་ཡོན་འཐོབ་ཐུབ་པར་བྱས་ཡོད། (སྣང་ཚུལ་འདི་ཚོའོ་ཞེ་ཆིན(曹雪芹)གྱིས་ཡིག་འབྲུ་བདུན་གྱི་སྒོ་ནས་མཚོན་པར་བྱས་ཡོད་དེ།“བདེན་པ་རྗུན་པར་སྒྲུབ་དུས།། རྫུན་པ་བདེན་པར་མཐོང་ཡོང”ཞེས་པའོ།། )

མདོར་ན། ཀྲུང་གོའི་བརྩམས་སྒྲུང(ལྷག་པར་དུས་རབས20པའིབརྩམས་སྒྲུང་) གིས་ང་ལ་སྒྱུ་རྩལ་གྱི་རྣམ་པའི་མྱོང་རོལ(བརྩམས་སྒྲུང་རང་ངོས་ཀྱི་མྱོང་རོལ)སྦྱིན་པ་ལས་གཞན། ཚད་ངེས་ཅན་ཞིག་ནས་དེང་རབས་ཀྱི་ཀྲུང་གོར་རྒྱུས་ལོན་དང་། ལྷག་པར་དུ“མི་ཚེའི”མྱོང་རོལ་ལ་ཤེས་རྟོགས་བྱུང་། དེའི་ཕྱིར་ན། བདག་གི་གཅུང་པོའི་ཁ་པར་སླེབས་དུས། ངས་བརྩམས་སྒྲུང་ཀློག་བཞིན་ཡོད་ན། ངས་ཁོ་ལ་འདི་ལྟར་ཟེར་རྒྱུ་ཡིན་ཏེ། “ངས་ད་ལྟ་ཁྱོད་དང་ཁ་བརྡ་བཤད་པའི་ཁོམ་པ་མི་འདུག ངས་ལས་དོན་སྒྲུབ་བཞིན་པའི་སྒང་ཡིན”ཞེས་པའོ།།

                                                                          རྩོམ་གྱི་ཡོང་ཁུངས། 《གྷོལ་བྷལ་ཊའི་ཐོར་རྩོམ་བསྡུས་དེབ》                                      
                         
                                                                                              ཕོད་རི་ཕུན་ཚོགས་ལྷུན་གྲུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩམས་སྒྲུང་གི་ཆེ་བ་བརྗོད་པ།

2018-09-25 ཧོ་ཝར་དྷ་གྷོལ་བྷལ་ཊ(Howard Goldblatt.葛浩文) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།