ཉིན་གཅིག་གི་རེ་སྒུག

ཧའེ་རྨེན་ཝེ།(ཨ་རི) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-04-12

  ཁོ་རང་ང་ཚོའི་ཁང་པར་ཡོང་ནས་སྒེའུ་ཁུང་རྒྱག་དུས་ང་ཚོ་ད་དུང་ཡར་ལངས་མེད། ཡིན་ནའང་ངས་ཁོ་རང་ནད་ཀྱིས་མནར་ཡོད་པ་ཚོར་བྱུང་། ལུས་ཡོངས་འདར་སིག་སིག་བྱེད་ཅིང་གདོང་མདོག་སྐྱ་བོར་གྱུར་ལ། འགྲོ་འདུག་ཧ་ཅང་མི་བདེ་བས།འགུལ་ཙམ་བྱས་ཚེ་ན་ནས་འཆི་བའི་ཚོད་རེད།

  “གང་ནས་མི་བདེ་བ་རེད”

  “མགོ་ན་ཡི་འདུག”

  “མྱུར་དུ་མལ་ཁྲིར་སྡོད་དུ་སོང་”

  “མི་དགོས།ང་ལ་སྐྱོན་མི་འདུག”

  “ཁྱོད་རང་སྔོན་ལ་མལ་ཁྲིར་སྡོད་དང་།ངས་གྱོན་པ་གོན་རྗེས་ལྟ་རུ་ཡོང་།”

  ཅུང་ཙམ་མ་འགོར་རྗེས་ཁོས་གྱོན་པ་གྱོན་ཞིང་མེ་ཐབ་ཀྱི་གམ་དུ་བསྡད།བལྟས་ཡོང་ན་ལོ་དགུར་སོན་པའི་བྱིས་པ་འདི་ལུས་པོ་ཧ་ཅང་ཉམ་ཐག་ལ་སྙིང་རྗེ་བ་ཞིག་འདུག ངས་ཁོའི་ཐོད་པར་རེག་པ་ན་ཚ་བ་ཆེན་པོ་རྒྱས་འདུག

  “མལ་ཁྲིའི་སྟེང་ངལ་གསོ་གྱིས”

  ངས་དེ་ལྟར“ཁྱོད་ལ་ཚ་བ་རྒྱས་འདུག”ཅེས་བཤད།

  “ང་ལ་སྐྱོན་མི་འདུག”ཁོས་དེ་ལྟར་ལན་ལྡོན།

  སྨན་པ་མྱུར་དུ་ཡོང་སྟེ་བྱིས་པའི་ཚ་དྲོད་བརྟག

  “ཚ་དྲོད་ག་འདྲ་འདུག”ངས་སྨན་པར་དེ་ལྟར་དྲིས།

  “བརྒྱ་དང་ཐིག་མེད་གཉིས་རེད”

  ཁང་རྩེག་ལས་བབས་རྗེས། སྨན་པས་ཁ་དོག་མི་འདྲ་བའི་སྨན་རིགས་གསུམ་བྱིན་པར་མ་ཟད།བཀོལ་སྟངས་ཀྱང་གསལ་བཤད་བྱས།སྨན་གཅིག་ནི་ཚ་བ་འཇོམས་བྱེད་དང་།གཅིག་ནི་བཤལ་སྨན།ཅིག་ཤས་དེ་སྐྱུར་འགོག་སྨན་ཞིག་ཡིན་ཟེར།ཁོས་ད་དུང་གསལ་བཤད་བྱེད་རྒྱུར།ཆམ་རིམས་ནད་དུག་འདི་སྐྱུར་བའི་རང་བཞིན་གྱི་ཁོར་ཡུག་ཏུ་ད་གཟོད་འབྱུང་བ་རེད།ཁོ་ལ་ཆམ་རིམས་འདི་ཧ་ཅང་འགོ་སླ་བ་རེད་ཟེར་ལ་ད་དུང་ཚ་དྲོད་ཏུའུ་བརྒྱ་དང་བཞི་མ་བརྒལ་ན་སེམས་ཁུར་བྱེད་མི་དགོས།འདི་ནི་ཆམ་རིམས་ཡང་མོའི་སྐོར་ཡིན་པས།གློ་ཚད་དུ་མ་གྱུར་ན་ཉེན་ཁ་ཅི་ཡང་མེད་ཟེར།

  ང་རང་ཕྱིར་ཁང་པའི་ནང་དུ་ཡོང་ནས་བྱིས་པའི་ཚ་དྲོད་དང་སྨན་བསྟེན་ཚུལ་བརྗེད་ཐོར་བཀོད་པ་ཡིན།

  “ངས་དཔེ་ཆ་བཀླག་ཏེ་ཁྱོད་ལ་ཉན་དུ་འཇུག་ཨེ་དགོས”

  “འགྲིག་འདུག ཁྱོད་ཀྱིས་ཀློག་འདོད་ན་དེ་ལྟར་གྱིས”བྱིས་པས་དེ་ལྟར་བཤད། ཁོའི་གདོང་མདོག་སྐྱ་བོར་གྱུར་ལ་མིག་གོང་གི་གཤམ་དུ་ནག་ཤུལ་ཞིག་འདུག ཁོ་རང་ལྷོད་བག་ངང་མལ་ཁྲིར་བསྡད་ཅིང་། ཁོར་ཡུག་གི་གྲག་འགུལ་སོགས་ལ་སྣང་དོགས་ཙམ་ཡང་མི་བྱེད།

  ངས་སྐད་ཆེན་པོས་ཧའོ་ཨེར་ཏི•ཕའེ་ཨར་གྱི《མཚོ་ཇག་གི་གཏམ་རྒྱུད》ཀློག་འདོན་བྱས། ཡིན་ཡང་ངས་ཁོ་ལ་ཚོར་བ་གཏན་ནས་མེད་པ་ཤེས་བྱུང་།

  “གཅེས་ཕྲུག ཚོར་བ་ཅི་འདྲ་འདུག”ངས་དེ་ལྟར་དྲིས།

  ང་རང་མལ་ཁྲིའི་མར་གཤམ་དུ་་བསྡད་དེ་རང་འགུལ་གྱིས་དཔེ་ཀློག་བྱས།ཆུ་ཚོད་ལ་སླེབས་ཚེ་ད་དུང་སྦྱིན་ཐུམ་སྨན་ཞིག་ལྡུད་པར་བསྒུག་ནས་བསྡད། གནས་ལུགས་ལྟར་བཤད་ན་ད་ནི་ཁོ་རང་གཉིད་རན་མོད། ཡིན་ཡང་ཁོས་ཧ་ཅང་མཚར་སྣང་གིས་མལ་ཁྲིའི་གཤམ་འོག་ཏུ་ཅེར་ནས་འདུག

  “ཅིའི་ཕྱིར་གཉིད་ཉལ་དུ་མི་འགྲོ སྨན་འཐུང་རན་དུས་ངས་ཁྱོད་རང་འབོད”

  “ང་རང་སྔར་བཞིན་སད་བསྡད་ན་བཟང་གི”ཅུང་ཙམ་འགོར་རྗེས་ཁོས་ང་སར་གཟིས་ནས་བཤད་རྒྱུར“ཨ་ཕ།ཁྱོད་ཀྱིས་སུན་པོ་རེད་བསམ་ན་ང་ལ་འདུག་རོགས་བྱེད་མི་དགོས”

  “སུན་པོ་འདྲ་ཅི་ཡང་མི་འདུག”

  “མ་རེད། ངས་བཤད་པ་ནི། གལ་ཏེ་ཁྱོད་ལ་དོན་དག་འདིས་སུན་སྣང་སྟེར་ན་ཁྱོད་རང་འདི་ནས་མ་བསྡད་ན་ཆོག”

  ཆུ་ཚོད་བཅུ་གཅིག་སྟེང་སྨན་པས་ཁོ་ལ་དུས་ལྟར་སྨན་བཏང་བས་ང་རང་སྒོ་རུ་སོང་།

  ཕྱི་རོལ་ཅུང་ཙམ་འཁྱག་ལ་ཁ་ཆར་འདྲེས་མ་ཞིག་བབས་ནས་ས་ངོས་སུ་འཁྱག་རོམ་སྲབ་བུ་ཞིག་ཆགས་འདུག དེ་གའི་འོད་ཡུག་ཡུག་གི་ལྗོན་པ་དང་སྡོང་ཕྲན་ནགས་ཚལ། གཏུབ་ཟིན་པའི་ཡལ་ག རྩྭ་ཕོན་དང་ས་སྟོང་ཚང་མ་འཁྱག་དར་གྱིས་ཡོངས་སུ་བཀབ་འདུག ངས་ཁྱི་ཕྲུག་ཨེར་ལན་ཐི་ཁྲིད་དེ་སོང་བ་ན། ལམ་ཆེན་འགྲམ་ངོགས་ཀྱི་འཁྱག་པས་བསྡམས་པའི་ཆུ་ཕྲན་བརྒྱུད་དེ་མདུན་ཕྱོགས་སུ་བསྐྱོད། ཡིན་ནའང་། འོད་ཡུག་ཡུག་གི་དར་ངོས་སུ་བགྲོད་པར་དཀའ་ཁག་ཧ་ཅང་ཆེན་པོ་ཡོད་པ་རེད། ཁྱི་ཕྲུག་དམར་མོ་ཤུད་དེ་ལམ་རིང་པོར་འཁྱར་འཁྱོར་གྱིས་འགྲོ་ཞིང་། ང་རང་ཡང་ཤུད་དེ་ཐེངས་གཉིས་ལ་འགྱེལ་བར་མ་ཟད། རྔོན་མདའ་ཡང་ལག་ནས་ཤོར་ཏེ་ཤུད་ནས་རྒྱང་རིང་དུ་དབྱུག་སོང་།

  སྲེག་པ་ཁྱུ་ཞིག་སྡོང་བོའི་ཡལ་ག་དཔྱངས་པའི་རགས་ཁ་མཐོ་སའི་འོག་ཏུ་གབ་འདུག ང་ཚོ་མཐོང་བ་དང་སྐྲག་སྣང་གིས་འཕུར། ངས་དེ་མ་ཐག་མེ་མདས་བརྒྱབ་ཏེ་སྲེག་པ་གཉིས་སར་འཕངས། སྲེག་པ་འགའ་ད་དུང་སྡོང་རྩེར་ཉི་མར་ལྡེས་འདུག གཞན་པའི་མང་ཆེ་བ་སྡོང་ཕྲན་ནགས་གསེབ་དུ་འཛུལ་སོང་། སྲེག་པ་དེ་དག་ཕྱིར་འབུད་དུ་འཇུག་ན་ཁྱོད་རང་སྡོང་ཕྲན་ནགས་གསེབ་དུ་སོང་ནས་ཧྲོག་གང་ཐུབ་བྱེད་དགོས། མཇུག་འབྲས་ནི་ཁྱོད་རང་ཤུད་སླ་ཞིང་ལྡེམ་ཤུགས་ཡོད་པའི་སྡོང་བོའི་ཡལ་འདབ་སྟེང་འཁྱར་འཁྱོར་གྱིས་ད་དུང་བརྟན་པོར་སྡོད་ཐུབ་མེད་པའི་དུས་དེར་ཁོ་ཚོ་སླར་ཡང་འཕུར་ནས་ཡོང་། ཁྱོད་ཀྱིས་དེ་ཚོ་དམིགས་འབེན་དུ་འཛིན་རྒྱུ་ཧ་ཅང་དཀའ། ངས་སྲེག་པ་གཉིས་སར་འཕངས་ཤིང་ལྔ་གློད་གྲོལ་བཏང་།ཡིན་ཡང་ང་རང་ཕྱིར་འཁོར་ནས་ཡོང་དུས། རང་ཁྱིམ་དང་རིང་རྒྱུ་མེད་པའི་སར་སྲེག་པ་ཁྱུ་ཞིག་མཐོང་། ངས་ཤབ་ཤུབ་ཀྱིས་རང་གིས་རང་ལ།ད་དུང་མང་པོ་ལྷག་འདུག ནམ་ཉི་མ་ཞིག་ལ་བཙལ་ནས་བརྔོན་ཆོག་སྙམ།

  རང་ཁྱིམ་དུ་ཐོན་པ་ན་ཁྱིམ་མིས་ང་ལ་བྱིས་པ་རང་གི་ཁང་བར་བསྡད་དེ་མི་གཅིག་ཀྱང་ཡོང་དུ་མི་འཇུག་པ་རེད་ཟེར།

  “ཁྱོད་ཚོ་ཡོང་མི་རུང་།”ཁོས་བཤད་རྒྱུར“ང་ལ་གཏན་ནས་འགོས་སུ་མ་འཇུག”

  ང་རང་ཁོའི་གམ་དུ་སོང་བ་ན། ཁོས་ང་ལ་བགྱེད་དེ་བར་ཐག་ཞིག་ཕྱེས་པའི་ཚུགས་ཀ་དེ་མཐོང་བྱུང་། ཁོའི་གདོང་མདོག་སྐྱ་བོར་གྱུར་ལ་འགྲམ་པ་གཉིས་ཚ་བ་རྒྱས་པས་དམར་པོར་གྱུར་འདུག མིག་ཟུང་སྔར་བཞིན་འགུལ་ཙམ་ཡང་མི་བྱེད་པར་མལ་ཁྲིའི་མར་གཤམ་ལ་ཅེར་འདུག

  ངས་ཁོ་ལ་ཚ་དྲོད་བརྟག་པ་ཡིན།

  “ཅི་ཙམ་རེད”

  “ཏུའུ་བརྒྱ་ལྷག་ཡིན་འདྲ”ངས་དེ་ལྟར་བཤད། དོན་དངོས་སུ་ཏུའུ་བརྒྱ་དང་གཉིས་ཚེག་བཞི་རེད།

  “སྔོན་ཏག་ཏག་ལ་ཏུའུ་བརྒྱ་དང་གཉིས་རེད”ཁོས་དེ་ལྟར་བཤད།

  “སུས་བཤད་པ་རེད”

  “སྨན་པ”

  “ཁྱོད་ཀྱི་ཚ་དྲོད་ལ་གནད་དོན་མི་འདུག”ངས་དེ་ལྟར“སེམས་ཁུར་བྱེད་རྒྱུ་ཅི་ཡང་མི་འདུག”ཅེས་བཤད།

  “ངས་སེམས་ཁུར་བྱེད་ཀྱིན་མེད”ཁོས་བཤད་རྒྱུར“ཡིན་ཡང་ངས་བཟོད་བསྲན་བྱེད་དཀའ་བ་རེད”

  “འདང་མ་རྒྱག”ངས་དེ་ལྟར“སེམས་ལྷོད་ལ་བོབས”ཅེས་བཤད།

  “ངས་སེམས་ལྷོད་ལ་ཕབ་ཡོད”ཁོས་དེ་ལྟར་བཤད་བཞིན་མིག་ཟུང་ཐད་ཀར་མདུན་ཕྱོགས་སུ་ཅེར། ཁོས་མངོན་གསལ་དོད་པོས་གང་ཐུབ་ཅི་ཐུབ་གྱིས་རང་ཉིད་ལ་ཚོད་འཛིན་བྱེད་པར་ཐལ།

  “སྨན་འདི་འཐུང་ཤིག”

  “ཁྱོད་ཀྱིས་འདིས་ཕན་ཐོགས་འདོད་དམ”

  “ཕན་ལོས་ཐོགས”

  ང་རང་ཙོག་པུར་བསྡད་དེ《མཚོ་ཇག་གི་གཏམ་རྒྱུད》ཀྱི་ཁ་ཕྱེས་ནས་ཁོ་ལ་ཀློག་འདོན་བྱས། ཡིན་ཡང་ཁོ་ལ་སྤྲོ་སྣང་ཅུང་ཙམ་ཡང་མི་འདུག་པས་ངས་ཀློག་མཚམས་བཞག་པ་ཡིན།

  “ང་རང་ཕལ་ཆེར་ནམ་ཚོད་འཆི་སྲིད”ཁོས་དེ་ལྟར་དྲིས།

  “ཅི་ཞིག”

  “ང་རང་ད་དུང་ཅི་ཙམ་ལ་གསོན་ཐུབ”

  “ཁྱོད་རང་འཆི་མི་སྲིད།ཁྱོད་ལ་ཅི་བྱུང་ངམ”

  “ཨོ། མ་རེད། ང་རང་འཆི་སྲིད། ངས་ཁོས་ཏུའུ་བརྒྱ་དང་གཉིས་རེད་ཟེར་བ་ཐོས་བྱུང་”

  “མི་ལ་ཚ་བ་རྒྱས་ནས་ཏུའུ་བརྒྱ་དང་གཉིས་ལ་སླེབས་ན་འཆི་མི་སྲིད། ཁྱོད་ཀྱིས་གླེན་བཤད་ཁོ་ན་རྒྱག་གིན་འདུག”

  “ངས་མི་ཤེས་པ་ག་ལ་སྲིད། ངས་ཧྥ་རན་སི་ནས་སློབ་སྦྱོང་བྱེད་སྐབས། སློབ་གྲོགས་ཚོས་མི་ལ་ཚ་བ་རྒྱས་ནས་ཏུའུ་གྲངས་བཞི་བཅུར་སླེབས་ཚེ་གསོན་མི་ཐུབ་ཅེས་བཤད་མྱོང་། ང་རང་ཏུའུ་གྲངས་བརྒྱ་དང་གཉིས་ལ་སླེབས་འདུག”

  མ་གཞི་སྔ་དྲོའི་ཆུ་ཚོད་དགུ་བ་ནས་འགོ་བརྩམས་ཏེ། ཏག་ཏག་ཉིན་ཧྲིལ་བོ་ཞིག་ལ་ཁོས་འཆི་རྒྱུར་བསྒུག་ནས་བསྡད།

  “སྙིང་རྗེ་བའི་གཅེས་ཕྲུག་ཁྱོད”ངས་དེ་ལྟར་ཁོ་ལ“ཨེ། སྙིང་རྗེ་བའི་གཅེས་ཕྲུག་གླེན་པ། འདི་ནི་དབྱིན་ལེ་དང་སྤྱི་ལེ་ཡི་གནད་དོན་དང་འདྲ། ཁྱོད་རང་འཆི་མི་སྲིད། ཚ་དྲོད་བརྟག་ཐབས་དེ་གཉིས་འདྲ་བོ་མི་འདུག ཚ་དྲོད་བརྟག་ཐབས་དེ་ལྟར་རྩིས་བརྒྱབ་ན། ཏུའུ་གྲངས་སུམ་ཅུ་ནི་རྒྱུན་ལྡན་གྱི་ཚ་དྲོད་ཡིན། ཡིན་ཡང་ཚ་དྲོད་བརྟག་ཐབས་འདི་ལྟར་རྩིས་བརྒྱབ་ན། རྒྱུན་ལྡན་གྱི་ཚ་དྲོད་ནི་དགུ་བཅུ་གོ་བརྒྱད་ཡིན”ཅེས་བཤད།

  “ཁྱོད་ཀྱིས་ཐག་གཅོད་བྱེད་ཐུབ་བམ”

  “ལོས་ཐུབ”ངས་དེ་ལྟར་ཁོ་ལ“འདི་ནི་དབྱིན་ལེ་དང་སྤྱི་ལེ་ཡི་རྩིས་གཞི་བརྗེ་རེས་བྱེད་པ་དང་འདྲ། ཁྱོད་ཀྱིས་ཤེས་གསལ་ལྟར། ང་ཚོས་རླངས་འཁོར་བསྐོར་བའི་མགྱོགས་ཚད་དབྱིན་ལེ་བདུན་ཅུ་དེ་སྤྱི་ལེར་ཕབ་ན་ཅི་ཙམ་ཡིན་པ་དེ་འདྲ་རང་རེད”ཅེས་བཤད།

  “ཨོ”ཁོས་དེ་ལྟར་ལབ།

  ཁོས་གཟབ་ནན་གྱིས་ལམ་ཁྲིའི་མར་གཤམ་དུ་ཅེར་བའི་མིག་མདངས་རིམ་བཞིན་ཕྱིར་བསྡུས་པ་དང་། ཡུན་རིང་པོར་ཤ་སྒྲིམ་པའང་གཞི་ནས་ལྷོད་ལ་བབས།

  ཉིན་གཉིས་པར། ཁོ་རང་གཞི་ནས་ལྷོད་བག་དུ་གྱུར་འདུག་ལ།འབྲེལ་མེད་འཚུབ་སྣང་གི་དོན་ཆུང་འདིའི་ཆེད་དུ་སྐད་ཅོར་དང་ངུ་འབོད་བྱས་བྱུང་།།

ཁྱུང་ཐར་རྒྱལ་གྱིས་བསྒྱུར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་གཅིག་གི་རེ་སྒུག

2020-04-12 ཧའེ་རྨེན་ཝེ།(ཨ་རི) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།