སྤྲང་པོ་ལྟར་འཚོ་ཞིང་། གླེན་པ་ལྟར་གནས་དགོས།

  (འདི་ནི་ཀུ་ཤུ་སྤྱི་གཉེར་ཁང་གི་འགན་འཛིན་དང་གསར་བཏོད་པ་(Steve Jobs) ཀྱིས། ཕྱི་ལོ་༢༠༠༥ ལོའི་ཟླ་༦ པའི་ནང་སྲི་ཏྲེན་ཧྥུར་ཁྲི་སློབ་ཆེན( Stanford University )མཐར་ཕྱིན་མཛད་སྒོའི་ཐོག་གནང་བའི་གཏམ་བཤད་གྲགས་ཅན་ཞིིག་རེད)

  ད་ཐེངས་འཛམ་གླིང་ཐོག་ཆེས་གྲགས་ཆེ་བའི་མཐོ་སློབ་ཅིག་གི་མཐར་ཕྱིན་མཛད་སྒོར་ཞུགས་ཐུབ་པ་དེ། ང་རང་ཉིད་ཀྱི་སྤོབས་པ་དང་གཟི་བརྗིད་ཡིན་བསམ་གྱི་ཡོད། དྲང་པོར་བཤད་ན། སློབ་ཆེན་ནས་སློབ་མཐར་ཕྱིན་མ་མྱོང་མཁན་གྱི་མི་ཞིག་ལ་ཆ་མཚོན་ན། ཚུལ་འདི་ནི་མི་ཚེའི་ནང་ཆེས་རླབས་ཆེ་ཞིང་བློ་ཐག་ཉེ་བའི་མཐར་ཕྱིན་མཛད་སྒོ་ཞིག་རེད། དེ་བས་ཚང་མར་བཀའ་དྲིན་ཆེ་ཞུ། དེ་རིང་འདིར་ངས་ཁྱེད་ཚོར་ངའི་མི་ཚེ་དང་འབྲེལ་ནས་སྒྲུང་གསུམ་བཤད་ཀྱི་ཡིན། ཡིན་ན་ཡང་དེ་ནི་གལ་འགངས་ཆེན་པོ་དེ་འདྲ་མིན་པར་སྒྲུང་སྤྱིར་བཏང་བ་ཞིག་རེད།

  སྒྲུང་དང་པོ་དེ། མི་ཚེའི་ཁྲོད་ཀྱི་བྱ་གཞག་ཆེ་མ་ཆུང་གསུམ་གྱི་སྐོར་ཡིན།

  དང་ཐོག་ངས་ (Reed College) རི་ཁྲི་སློབ་ཆེན་དུ་ཟླ་བ་དྲུག་གི་རིང་སློབ་གཉེར་བྱས་རྗེས་སློབ་བཤོལ་བྱས་ཀྱང་། སློབ་བཤོལ་དངོས་སུ་མ་བྱས་པའི་སྔོན་གྱི་ཟླ་བ་བཅོ་བརྒྱད་ཀྱི་རིང་སློབ་གྲྭར་སོང་བ་ཡིན། དངོས་གནས་བྱས་ན་ང་མི་ཡུལ་དུ་མ་སྐྱེས་པའི་སྔོན་ནས་སློབ་ཆེན་དུ་འགྲོ་རྒྱུར་ཐག་བཅད་ཟིན་པས། ངས་ཅིའི་ཕྱིར་སློབ་བཤོལ་བྱ་དགོས་ཀྱི་ཡོད་རེད། རེད། ང་ལ་ཚེ་སྲོག་སྤྲད་མཁན་གྱི་ཨ་མ་དེ་ཧ་ཅང་གི་གཞོན་ནུ་མ་ཞིག་རེད། དེ་ཡང་གཉེན་སྒྲིག་མ་བྱས་པའི་མཐར་ཕྱིན་སློབ་མ་ཞིག་ཡིན་པས། མོས་ང་མི་གཞན་ཞིག་ལ་གསོ་ཕྲུག་ཏུ་སྦྱིན་རྒྱུར་ཐག་བཅད་འདུག་ཅིང་། མ་ཟད་སློབ་ཆེན་མཐར་ཕྱིན་ཚར་མཁན་ཞིག་ལ་གསོ་རུ་འཇུག་རྒྱུའི་རེ་བ་དང་སེམས་ཚོར་ཆེན་པོ་འདུག དེར་བརྟེན། ཁྲིམས་དཔོན་ཁྱོ་ཤུག་གཉིས་ཀྱིས་ང་རང་གསོ་ཕྲུག་ཏུ་ཉར་རྒྱུའི་ཐག་བཅད་འདུག

  འོན་ཀྱང་ཐག་བཅད་ནས་སྐར་མ་གཅིག་ཙམ་མ་འགོར་གོང་ནས། ཁོང་ཚོས་བུ་མོ་ཞིག་གསོ་ཕྲུག་ཏུ་ཉར་དགོས་ཞེས་བཤད་འདུག ངའི་ཕ་མ་གཉིས་སྒུག་ཐོའི་ནང་ཡོད་སྐབས་མཚན་མོ་དེར་ཁ་པར་འབྱོར་ཏེ་འདི་ལྟར་དྲིས། “བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོར་བུ་ཞིག་སྐྱེས་འདུག་པས་ཁྱེད་ཚོར་དགོས་སམ’’ཞེས་ཟེར། ཁོང་ཚོས“ལོས་དགོས’’ཞེས་བཤད། ཡིན་ན་ཡང་ང་ལ་ཚེ་སྲོག་སྦྱིན་མཁན་གྱི་ཨ་མས་ང་གསོ་ཕྲུག་ཏུ་ཉར་མཁན་གྱི་ཨ་མ་སློབ་ཆེན་མཐར་ཕྱིན་མེད་པ་དང་། ཨ་ཕ་མཐོ་འབྲིང་མཐར་ཕྱིན་མེད་པ་ཤེས་རྗེས། ང་གསོ་ཕྲུག་ཏུ་སྦྱིན་རྒྱུའི་གན་རྒྱའི་ཡིག་ཆའི་ཐོག་མཚན་རྟགས་འགོད་རྒྱུ་ཁས་མ་བླངས་ཀྱང་། ཟླ་བ་ཁ་ཤས་རྗེས་སུ་ངའི་ཕ་མ་གཉིས་ཀྱིས་ང་སློབ་ཆེན་དུ་གཏོང་རྒྱུའི་དམ་བཅའ་བྱས་མཚམས། གཞི་ནས་ང་གསོ་ཕྲུག་ཏུ་སྤྲད་པ་རེད། དེ་ནི་ངའི་མི་ཚེའི་མགོ་འཛུགས་ས་དང་པོ་དེ་རེད།

  དེ་ནས་ང་ལོ་བཅུ་བདུན་གྱི་རྗེས་སུ་ངས་སློབ་ཆེན་གྱི་སྒོ་ཐེམ་བརྒལ་བ་རེད། ཡིན་ན་ཡང་ངས་བདམས་ཟིན་པའི་སློབ་ཆེན་དེའི་སློབ་ཡོན་ནི་སེ་ཏྲེན་ཧྥོར་ཁྲི་ནང་བཞིན་སློབ་ཡོན་ཆེན་པོ་ཡིན་པས། ངལ་རྩོལ་མི་དམངས་ཀྱི་གྲལ་དུ་གཏོགས་པའི་ངའི་ཕ་མ་གཉིས་ཀྱིས་ཁྲག་རྒྱུན་ལས་བསགས་པའི་སྒོར་མོ་ཡོད་ཚད་ངའི་སློབ་ཡོན་གྱི་ཆེད་དུ་བཏང་པ་རེད།

  དེ་བས་ཟླ་བ་དྲུག་སོང་མཚམས་ངས་དེ་འོས་འཚམས་ཤིག་ཡིན་པ་ཚོར་མ་སོང་ཡང་། ངས་ང་རང་གི་མི་ཚེའི་ནང་ག་རེ་བྱེད་དགོས་ཀྱི་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག མ་ཟད་སློབ་ཆེན་དེས་ངའི་མི་ཚེར་མཛུབ་སྟོན་ག་འདྲ་ཞིག་བྱེད་ཀྱི་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག་ལ། ངའི་ཕ་མ་གཉིས་ཀྱིས་མི་ཚེ་གང་བོར་བསགས་པའི་སྒོར་མོ་ཡོད་ཚད་དེར་གཏོང་དགོས་ཀྱི་འདུག་པས། ངས་སློབ་ཆེན་ལས་སློབ་བཤོལ་བྱས་ཏེ་ཕྱི་རུ་ལས་ཀ་བྱས་ན་ཡག་ས་རེད་བསམ་སོང་། སྐབས་དེར་གནད་དོན་དེ་འཇིགས་ཡེར་བ་ཞིག་ཡིན་རུང་། དེང་སྐབས་ཕྱིར་འདང་རྒྱག་དུས་དེ་ནི་ངའི་ཆེས་ལེགས་པའི་ཐག་གཅོད་དེ་རེད་འདུག

  ངས་སློབ་བཤོལ་བྱས་པའི་སྐབས་དེར་རང་ཉིད་ལ་མོས་པ་མེད་པའི་ངེས་སྦྱོང་དེ་དག་སྦྱོང་མཚམས་བཞག་སྟེ། རང་གིས་མོས་པ་དང་འདོད་པ་ཡོད་སའི་སློབ་ཚན་དེ་དག་སྦྱོང་མགོ་བརྩམས་པ་ཡིན། སྐབས་ཐོག་དེར་མི་ཚེ་འདི་ཡིད་དུ་འོང་བ་ཞིག་མིན་པར། ཐ་ན་ང་ལ་ཉལ་ཁང་ཡང་མེད་པས་གྲོགས་པོའི་ཁྱིམ་གྱི་ཞལ་ལའི་ཐོག་ཏུ་ཉལ་དགོས་བྱུང་བ་དང་། མ་ཟད་ཟུར་ལྔ་ཅན་གྱི་ཤེལ་དམ་མང་པོ་བསགས་རྗེས་ལེ་དབར་བདུན་ཙམ་གྱི་གྲོང་བ་བརྒལ་ཏེ། (Krishna Temple) ཁིར་ཤི་ན་ལྷ་ཁང་དུ་བདུན་གཅིག་རིང་ལ་མ་རག་པའི་ནུབ་ཟས་ཞིམ་པོ་དེ་བཟའ་སར་འགྲོ་ཡི་ཡོད། རེད། ང་དེ་ལྟ་བུའི་འཚོ་བ་ལ་ཧ་ཅང་དགའ། སྐབས་དེར་ང་མཚར་སྣང་དང་འཆར་ཡན་རྐྱང་རྐྱང་གི་རྗེས་སུ་འགྲོ་བཞིན་ཡོད་པས། དེ་ནི་ང་ལ་མཚོན་ན་ཆེས་རིན་ཐང་བྲལ་བ་ཞིག་རེད།

  སྐབས་དེར་(Reed College) རི་ཁྲི་སློབ་ཆེན་ནི་རྒྱལ་ཡོངས་ཀྱི་མཛེས་རྩལ་ཡིག་གཟུགས་སྦྱོང་སའི་ལྟེ་གནས་ཡག་ཤོས་དེ་ཡིན་པས། སློབ་གྲྭའི་ར་སྐོར་ནང་ཡོད་པའི་སྦྱར་ཡིག་དང་མིང་བྱང་ཡོད་ཚད་ཡིད་དུ་འོང་བའི་མཛེས་རྩལ་ལག་བྲིས་ཁོ་ན་རེད། ངས་སློབ་བཤོལ་བྱས་ཟིན་ཏེ་ནམ་རྒྱུན་ལྟར་སློབ་གྲྭར་འགྲོ་མི་དགོས་པས། དུས་རྒྱུན་མཛེས་རྩལ་ཡིག་གཟུགས་ཁོ་ནར་སྦྱོང་གི་ཡོད་པ་དང་། དེ་ཡང་སྐབས་དེར་ངས་(Serif) དང་། (Sans-serif) གཉིས་ཀྱི་ཡིག་གཟུགས་སྦྱངས་པ་ཡིན། དེ་བས་ཡིག་འབྲུ་མི་འདྲ་བར་བར་སྟོང་ག་འདྲ་འཇོག་དགོས་ཀྱི་ཡོད་པ་དང་། ག་འདྲ་བྱས་ནས་ཡིག་གཟུགས་སྙིང་རྗེ་མོ་འབྲི་དགོས་ཀྱི་ཡོད་ཚུལ་ཡང་ཤེས་སོང་།

  དེ་བཞིན་དཔར་སྐྲུན་རིག་པའི་སྐོར་ལ་ཡང་སློབ་སྦྱོང་བྱས་ཤིང་། མཛེས་རྩལ་ཡིག་གཟུགས་དེ་ནི་ཚན་རིག་གི་ཁྱབ་ཁོངས་སུ་མི་འདུས་ཤིང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཐུག་པའི་ཡིད་འོང་གི་མཛེས་རྩལ་རང་བཞིན་ཞིག་ཡིན་པས། ངས་དེར་ཡིད་འགུག་གི་ནུས་པ་ཧ་ཅང་ཆེན་པོ་འདུག་བསམ་སོང་།

  དང་ཐོག་ངས་དེར་རེ་བ་དང་ཡིད་ཆེས་ཆེན་པོ་མེད་ཀྱང་། ལོ་བཅུའི་རྗེས་སུ་ངས་ཆེས་ཐོག་མའི་ཀུ་ཤུའི་རྩིས་འཕྲུལ་དེ་འཆར་འགོད་བྱེད་སྐབས། དེ་དག་ཡོད་ཚད་ངའི་བང་ཁར་ལོགས་ཏེ་ངས་དེ་དག་རྩིས་འཕྲུལ་དུ་བཅུག་པ་དང་། དེ་ནི་ཆེས་ཐོག་མའི་མཛེས་རྩལ་ཡིག་གཟུགས་ཅན་གྱི་རྩིས་འཕྲུལ་དེ་ཆགས་པ་རེད།

  གལ་སྲིད་ངས་སློབ་ཚན་དེ་སྦྱོང་མྱོང་མེད་པའི་དབང་དུ་བཏང་ན། ཐེངས་འདིའི་མཛེས་རྩལ་ཡིག་གཟུགས་ཅན་གྱི་ཀུ་ཤུའི་རྩིས་འཕྲུལ་འདི་ཡོང་མི་སྲིད་པ་མ་ཟད། གལ་ཏེ་ངས་སློབ་བཤོལ་བྱས་མེད་ཚེ་ངས་ཡིག་གཟུགས་ཀྱི་སློབ་ཚན་དེ་ཡང་སྦྱོང་ཡོད་མ་རེད་ལ། ཆེས་ཡིད་འོང་གི་སྒེར་གྱི་རྩིས་འཕྲུལ་དེ་ཡང་ཡོང་མི་སྲིད་པ་རེད། རེད། གལ་སྲིད་ང་མུ་མཐུད་དུ་སློབ་ཆེན་དེར་བསྡད་ཡོད་ན། ངའི་བྱ་བ་འདི་དག་ཡོང་སྲིད་པ་དེ་ཡང་ངས་ལོ་བཅུའི་རྗེས་སུ་གསལ་པོར་རྟོགས་ཐུབ་ཀྱི་འདུག

  རང་ཉིད་ཀྱི་བྱ་གཞག་ཡོད་ཚད་ལ་རང་ཉིད་ཀྱིས་ཡིད་ཆེས་དགོས་པ་དང་། དེ་ནི་རང་ཉིད་ཀྱི་མ་འོངས་པ་དང་འབྲེལ་ནས་ཡོད་པས་རེད། ཡང་གཅིག་བཤད་ན། རང་ཉིད་ཀྱི་ཆོད་སེམས་དང་། མི་ཚེ། ཕུགས་འདུན། ལས་དབང་དེ་ཚོར་ཡིད་ཆེས་དགོས་པ་རེད། རྒྱུ་མཚན་ནི། དེ་དག་རང་ཉིད་ཀྱི་བྱ་བཞག་ཡོད་ཚད་དང་འབྲེལ་བ་ཡོད་པ་རེད། ཁྱེད་ཀྱིས་བྱ་བ་མི་འདྲ་བ་ཞིག་སྒྲུབས་དང་། དེས་ཀྱང་ཁྱོད་ལ་མདུན་ལམ་མི་འདྲ་བ་ཞིག་གཏད་ཡོང་གི་རེད།

  སྒྲུང་གཉིས་པ་དེ། དགའ་ཕྱོགས་དང་ཕམ་ཉེས་ཀྱི་སྐོར་རེད།

  ངས་རང་ཉིད་ཀྱི་མི་ཚེའི་དགའ་ཕྱོགས་དེ་རྙེད་སོང་བས་ང་རང་བསོད་ནམས་ཅན་ཞིག་ཡིན་བསམ་གྱི་ཡོད། ང་ཕོ་ལོ་ཉི་ཤུར་སླེབས་སྐབས་(Woz)ཝོ་རྫི་ངེད་གཉིས་ཀྱིས། ཕ་མ་གཉིས་ཀྱི་ར་སྐོར་ནང་ཀུ་ཤུའི་སྤྱི་གཉེར་ཁང་ཞིག་བཙུགས་པ་དང་། དེར་ངས་ལོ་གཉིས་ཀྱི་རིང་ཧུར་བརྩོན་ཆེན་པོ་བྱས་པ་ཡིན་པས་ལས་མི་བཞི་སྟོང་དང་། ཨ་སྒོར་ཐེར་འབུམ་གཉིས་ཅན་གྱི་སྤྱི་གཉེར་ཁང་ཆེན་པོ་ཞིག་ཆགས་སོང་།

  ང་ཚོས་བཟོ་བཀོད་ལེགས་པའི་རྩིས་འཕྲུལ་(Macintosh) མེ་ཆེན་ཏྲོ་ཤི་ཟེར་བ་དེ་གསར་བཟོ་བྱས་པ་དང་། སྐབས་དེར་ང་ཕོ་ལོ་སུམ་ཅུར་སླེབས་ཙམ་རེད། ཡིན་ན་ཡང་སྟབས་མ་ལེགས་པར་ཁོང་ཚོས་ང་སྤྱི་གཉེར་ཁང་དེ་ལས་རྒྱང་ཕུད་བཏང་བ་རེད། ངོ་མ་བྱས་ན་ཁྱེད་རང་ཉིད་ཀྱིས་གསར་འཛུགས་བྱས་པའི་སྤྱི་གཉེར་ཁང་དེ་ལས་ཁྱེད་ཇི་ལྟར་རྒྱང་ཕུད་གཏོང་དགོས་རེད།

  དེ་ཡང་ཀུ་ཤུ་སྐྱེས་པ་ལྟར་བྱུང་བ་རེད། སྐབས་དེར་ང་ཚོས་ཧ་ཅང་གི་རྣམ་དཔྱོད་ལྡན་པའི་མི་ཞིག་གླས་ཏེ་ང་ཚོ་དང་ལྷན་དུ་སྤྱི་གཉེར་ཁང་དེར་ལས་ཀ་བྱས་པས། ལོ་དང་པོ་དེར་ལེགས་གྲུབ་ཚད་མཐོན་པོ་བྱུང་སོང་ཡང་། ཡུན་རིང་མ་འགོར་བར་ང་ཚོའི་མ་འོངས་པའི་དམིགས་ཡུལ་དང་འཆར་གཞི་ཁ་ཁ་རེད་སོང་། རྒྱུ་མཚན་དེའི་རྐྱེན་གྱིས་ང་ཚོའི་ལས་ཀར་ཕམ་ཉེས་དང་གོད་ཆག་བྱུང་བ་རེད།

  བརྒྱུད་རིམ་དེའི་ཁྲོད་ང་ཚོའི་ངེས་སྟོན་པ་དེ་ཁོང་གི་རྒྱབ་ཏུ་ལངས་སོང་བས། ང་ཡོངས་གྲགས་ཐོག་སྤྱི་གཉེར་དེ་ལས་ཕྱིར་འབུད་བྱས་པ་ཡིན། དེ་བས་སྐབས་དེར་ངས་གཞོན་ནུའི་དུས་ཀྱི་དམིགས་འབེན་ཡོད་ཚད་བོར་ཟིན་པས། ངའི་མི་ཚེའི་ནང་ཆེས་དཀའ་ཚེགས་ཆེ་བའི་དུས་ཚིགས་ཤིག་བྱུང་སྟེ། ཟླ་བ་ཁ་ཤས་ཀྱི་རིང་ངས་ག་རེ་བྱ་དགོས་པ་ཙམ་ཡང་མ་ཤེས་པར་ལྷག་སོང་བ་དང་། མ་ཟད་དུས་རབས་དེའི་ནང་གི་ཁེ་ལས་པ་དག་ལ་མིག་དཔེ་དང་། བག་ཆགས་ངན་པ་ངན་ཞིག་ཀྱང་རང་བཞིན་གྱིས་འཇོག་དགོས་བྱུང་བ་རེད། ང་རང་ཉིད་ལ་མཚོན་ཏེ་བཤད་ན་ཡང་། རང་གི་ནུས་པ་དང་འཇོན་ཐང་ཡོད་ཚད་ནུས་མེད་དུ་གྱུར་སོང་བསམ་པ་བྱུང་།

  གནད་དོན་དེ་དག་བྱུང་མཚམས་ངས་(David Packard) སྒྲེ་ཝེ་ཁྲི་པར་ཁུ་དང་། (Bob Noyce) བྷོབ་ནོ་སི་གཉིས་དང་ཐུག་འཕྲད་བྱས་ཏེ། རང་ཉིད་ཀྱི་བྱེད་སྟངས་ངན་པ་དེར་དགོངས་སེལ་ཞུས་ཤིང་། སྐབས་དེར་ང་སྤྱི་ཚོགས་ཁྲོད་ཕམ་ཉེས་ཆེན་པོ་བྱུང་སྟེ། ངས་ང་སྤྱི་ཚོགས་དེ་དང་ཁ་བྲལ་ཏེ་རྒྱང་རིང་ས་ཞིག་ཏུ་འབྲོ་དགོས་ས་རེད་བསམ་སོང་། ཡིན་ན་ཡང་རེ་བ་དང་དགའ་ཕྱོགས་གསར་པ་ཞིག་གིས་མུ་མཐུད་དུ་ང་ལ་འབོད་ཀྱིན་འདུག་པས། ང་ད་དུང་ཡང་རང་ཉིད་ཀྱིས་བསྒྲུབས་ཟིན་པའི་བྱ་བ་དེར་དགའ་ཡི་འདུག

  ཐེངས་འདིའི་ཕམ་ཉེས་དེས་ང་ལ་འགྱུར་བ་གང་ཡང་ཐེབས་མི་འདུག་པར། དེ་སྔོན་བཞག་ཟིན་པའི་ལས་ཀ་དེར་ང་ཡང་བསྐྱར་དགའ་ཡི་འདུག་པས། ངས་ཡང་བསྐྱར་ལས་ཀ་དེ་མགོ་འཛུགས་བྱས་པ་ཡིན། སྐབས་ཐོག་དེར་ངས་གསལ་པོ་ཤེས་མ་སོང་ཡང་། ད་ལྟ་བལྟ་དུས་སྐབས་དེར་ང་ཀུ་ཤུ་སྤྱི་གཉེར་ཁང་ལས་ཕུད་པ་དེ་ངའི་ལེགས་གྲུབ་ཆེ་ཤོས་ཤིག་རེད་འདུག

  ངས་གུ་ཡངས་དང་བབས་ཆགས་པོས་ཡང་བསྐྱར་མགོ་འཛུགས་ཤིག་བྱས་པ་དེས། གྲུབ་འབྲས་ལྡན་པའི་རྒྱལ་ཁ་བྱུང་བ་དང་། དེ་ནི་ངའི་མི་ཚེའི་ཁྲོད་ཆེས་རང་དབང་ལྡན་ཞིང་། རང་ཉིད་ཀྱི་རྣམ་དཔྱོད་ལ་གནས་ལུགས་ཀྱི་གཤོག་ཟུང་ཐོགས་པའི་དུས་ཚིགས་མི་འདྲ་བ་ཞིག་རེད། ལོ་ལྔའི་རྗེས་སུ་ཡང་བསྐྱར་ངས་(NeXT) ནེཀ་སུ་ཁྲི་ཞེས་པའི་སྤྱི་གཉེར་ཁང་ཞིག་མགོ་འཛུགས་བྱས་ཏེ། དེ་དང་མཉམ་དུ་(Pixar) པིཀ་སར་ཞེས་པ་ཞིག་ཀྱང་གསར་བཟོ་བྱས་པ་དང་།

  མ་ཟད་ཡིད་འོང་གི་བུད་མེད་ཅིག་དང་བརྩེ་བ་ཆགས་རྗེས་ཁོ་མོ་ཆུང་མར་བླངས་པ་རེད། (Pixar) པིཀ་སར་ཞེས་པ་ནི་འཛམ་གླིང་གི་ཆེས་ཐོག་མའི་རྩིས་འཕྲུལ་ནང་གི་འགུལ་བརྙན“རྩེད་ཆས་ཀྱི་སྒྲུང”ཞིག་ཡིན་ཞིང་། དེ་ནི་ད་དུང་ཡང་འཛམ་གླིང་ཐོག་གོ་ས་ཆེས་མཐོ་བའི་འགུལ་བརྙན་ཞིག་རེད།

  ངའི་ལས་ཀར་དེ་ལྟར་ལེགས་གྲུབ་དང་། རྒྱལ་ཁ་ཐོབ་པས་ཀུ་ཤུ་སྤྱི་གཉེར་ཁང་གིས་(NeXT) ནེཀ་སུ་ཁྲི་ཉོས་རྗེས་ང་ཡང་བསྐྱར་ཀུ་ཤུ་སྤྱི་གཉེར་ཁང་དུ་སོང་སྟེ། ང་ཚོས་(NeXT) ནེཀ་སུ་ཁྲི་ཞེས་པ་དེ་ཀུ་ཤུའི་གཟུངས་འཇུག་གི་ཚུལ་དུ་བཞག་པ་དང་། དཀའ་ཁག་དང་བརྒྱུད་རིམ་དེ་དག་གི་ཁྲོད་ད་གཟོད་(Lorene) ལོ་རེན་དང་། ངེད་གཉིས་ལ་བདེ་སྐྱིད་ལྡན་པའི་བཟའ་ཚང་ཞིག་བྱ་རྒྱུའི་སྐལ་བ་བྱུང་བ་རེད།

  གལ་སྲིད་ང་ལ་ཀུ་ཤུ་སྤྱི་གཉེར་ཁང་གི་རྙོག་འཛིང་དང་དཀའ་ངལ་དེ་དག་བྱུང་མེད་ན། ད་ལྟའི་ང་འདི་ཆགས་མི་ཐུབ་པ་གཏན་ཁེལ་རེད། ངས་བསམ་པར་སྤྱིར་སྨན་གྱི་བྲོ་བ་དེ་ཞིམ་པོ་མེད་ཀྱང་། ནད་པར་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་ལྟ་བུ་རེད། མི་ཚེ་འདིས་སྐབས་རེར་ཁྱོད་ཀྱི་མགོར་སོ་ཕག་གིས་རྒྱག་པ་དང་། སྐབས་རེར་སྟ་རེས་འཕྱར་བ་སོགས་བྱེད་སྲིད་ཀྱང་། ཁྱེད་ཀྱིས་ནམ་ཡང་སྤོབས་པ་ཞུམ་པ་དང་། སེམས་ཤུགས་ཆགས་པ་སོགས་བྱ་མི་ཉན།

  ངས་མི་ཚེའི་ཉམས་མྱོང་གི་བརྒྱུད་རིམ་ལས་ཤེས་པ་ལྟར་ན། སོ་སོའི་དགའ་ཕྱོགས་འཚོལ་རྒྱུ་དེ་ནི་རང་ཉིད་ཀྱི་དགའ་རོགས་འཚོལ་བ་དང་གཅིག་མཚུངས་རེད་ལ། ཁྱེད་ཀྱི་བྱ་བ་ནི་ཁྱེད་ཀྱི་མི་ཚེའི་ཁྲོད་ཀྱི་ཆེས་གལ་འགངས་ཆེ་བའི་ཆ་ཤས་ཤིག་རེད། ཁྱེད་ལ་བྱ་བ་རླབས་ཆེན་ཞིག་སྒྲུབ་རྒྱུའི་ཡིད་ཆེས་དང་སྤོབས་པ་ཡོད་ན་དེ་ལྟར་སྒྲུབ་ཐུབ་ངེས་ཡིན་ཞིང་། གལ་སྲིད་ཁྱེད་ཀྱིས་དེ་ལྟར་སྒྲུབ་མ་ཐུབ་པ་བྱུང་བའི་ཚེ་ན་ཡང་། ནམ་ཡང་མཚམས་འཇོག་བྱ་མི་ཉན་པར་མུ་མཐུད་དུ་འཚོལ་དགོས། དེ་བས་གནད་དོན་ཡོད་ཚད་ལོ་ཡི་ཁོར་མོ་ཡུག་ཇི་བཞིན་འཁོར་གྱིན་ཡོད་པས། ནམ་ཡང་འཚོལ་དགོས་ཤིང་། ནམ་ཡང་མཚམས་འཇོག་བྱ་མི་ཉན།

  སྒྲུང་གསུམ་པ་དེ། འཆི་བའི་སྐོར་རེད།

  ང་མི་ལོ་བཅུ་བདུན་གྱི་ཐེམ་སྐས་བརྒལ་བའི་སྐབས་དེར། ངས་ལུང་བསྟན་འདི་འདྲ་ཞིག་བཀླགས་མྱོང་། “རང་ཉིད་འཚོ་བའི་ཉིན་རེ་རེ་དེ། ཆེས་མཐའ་མཇུག་གི་ཉིན་མོ་ཡིན་པར་སྒོམ་ཐུབ་ན། དོན་དམ་གྱི་རང་ཉིད་དེ་ངོ་ཤེས་ཐུབ”ཅེས་པ་འདིས་ངའི་མི་ཚེའི་ཁྲོད་བག་ཆགས་ཟབ་མོ་བཞག་སོང་བ་དང་། དེ་ནས་མགོ་བརྩམས་ཏེ་མི་ལོ་སུམ་ཅུ་སོ་གསུམ་གྱི་བར། ངས་ཞོགས་པ་རྟག་པར་མེ་ལོང་ནང་བལྟས་ཏེ་རང་ཉིད་ལ་དྲི་བ་འདི་འདྲ་ཞིག་འདྲི་ཡི་ཡོད།

  “གལ་སྲིད་དེ་རིང་གི་ཉིན་མོ་འདི་ངའི་མི་ཚེའི་ནང་གི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་པའི་དབང་དུ་བཏང་ན། དེ་རིང་ངས་ཅི་ཞིག་སྒྲུབ་དགོས་པ་བསམ་ཐུབ་ཀྱི་རེད་དམ་མ་རེད།” དེའི་ལན་ནི་མ་རེད་ཅེས་པ་དེ་རེད། དེར་བརྟེན། ངས་ང་རང་ལ་འགྱུར་བ་ཞིག་གཏོང་དགོས་ཀྱི་ཡོད་པ་ཤེས་སོང་། འཆི་བ་མི་རྟག་པ་དྲན་ཤེས་པ་ནི། ངའི་མི་ཚེའི་ཁྲོད་ཀྱི་འཆར་གཞི་ཐག་གཅོད་བྱེད་ཕྱོགས་ལ་ཕན་ནུས་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད། གང་ཡིན་ཟེར་ན། ཕྱི་ཚུལ་གྱི་མིང་གྲགས་དང་། སྤོབས་པ། ཕམ་ཉེས། ངོ་ཚ་སོགས་འཆི་བ་དང་ལྷན་དུ་མེད་འགྲོ་བ་ཞིག་ཡིན་ཡང་། དོན་དམ་གྱི་བདེན་པ་དེ་ནམ་ཡང་ཁྱེད་རང་ཉིད་དང་ལྷན་དུ་ཡོད་པ་རེད།

  ཡང་གཅིག་བཤད་ན། ཁྱེད་ཀྱིས་འཆི་བ་མི་རྟག་པ་སྒོམ་ཤེས་པ་དེ་ནི། རང་ཉིད་ཀྱི་ཕམ་ཁ་དང་ངོ་ཚ་སོགས་སྣང་མེད་དུ་གཏོང་ཐུབ་བྱེད་ཀྱི་ཐབས་ལམ་གཙོ་བོ་ཞིག་ཡིན་ཞིང་། ཁྱེད་དང་པོ་ནས་འཇིག་པ་དང་འཆི་བའི་ངོ་བོར་གྲུབ་ཡོད་པས། དངོས་པོའི་ཆོས་ཉིད་དེ་སུས་ཀྱང་ཟློག་ཐབས་བྲལ་བ་ཞིག་རེད། ལོ་གཅིག་གི་ཡར་སྔོན་དུ་ང་ལ་སྐྲན་ནད་ཀྱི་ནད་གཞི་ལྕི་མོ་ཞིག་ཕོག་སོང་བས། ཞོགས་པའི་དུས་ཚོད་བདུན་དང་ཕྱེད་ཀར་བརྟག་དཔྱད་བྱ་དུས། ངའི་གཤེར་རྨེན་གྱི་སྟེང་དུ་སྐྲན་རྡོག་ཅིག་ཡོད་པ་གསལ་བོར་ཤེས་སོང་།

  སྤྱིར་ཡིན་ན་སྐབས་དེར་ངས་གཤེར་རྨེན་ཞེས་པ་ག་འདྲ་ཞིག་ཡིན་མིན་མ་ཤེས་མོད། གང་ལྟར་སྨན་པས་ང་ལ་བཅོས་ཐབས་དཀའ་བའི་སྐྲན་ནད་ཡོད་ཚུལ་གསལ་པོར་བཤད་སོང་ལ། དེ་བཞིན་ང་ལ་ཟླ་བ་གསུམ་ནས་དྲུག་གི་བར་མ་གཏོགས་ཚེ་ཚད་མི་འདུག་པས། རང་ཁྱིམ་དུ་ལོག་ནས་ཡོད་ཚད་ལ་གྲ་སྒྲིག་དགོས་པའི་སྐུལ་མ་ཡང་གནང་སོང་།

  ཚུལ་དེ་ནི་སྨན་པས་ང་ལ“འཆི་རྒྱུར་གྲ་སྒྲིག་གྱིས་”ཟེར་བའི་གསང་བརྡ་ཞིག་ཡིན་ཚོད་འདུག་ཅིང་། མ་ཟད་ཁྱེད་ཀྱིས་ལོ་བཅུ་ཕྲག་ལྷག་གི་རིང་བྱས་པའི་བྱ་བ་དེ་དག ཟླ་བ་ཁ་ཤས་ནང་ཕྲུ་གུར་བཤད་དགོས་ཚུལ་གྱི་གསལ་བརྡ་ཞིག་ཀྱང་རེད་འདུག ད་ནས་བཟུང་ཡོད་ཚད་ལ་གྲ་སྒྲིག་བྱས་ན། རྗེས་སུ་ཁྱེད་ཀྱི་ཁྱིམ་ཚང་གི་བྱ་བ་བསྒྲུབ་རྒྱུར་སྟབས་ཇེ་བདེ་རུ་འགྲོ་ངེས་རེད་ལ། སྐབས་དེར་ཁྱེད་ཀྱིས་ཀྱང་ཁྱིམ་ཚང་ལ་གྱེས་བརྡ་དང་སྐད་ཆ་བཤད་སླ་བ་ཡོང་གི་རེད།

  ང་ལ་ནད་གཞི་དེ་ཕོག་ཡོད་པའི་དགོང་མོ་ཞིག་ཏུ་སྨན་པས་ངའི་མིད་པ་དང་། ཕོ་བ། རྒྱུ་མ་སོགས་ཀྱི་བརྒྱུད་ནས་ཕོ་ཤེལ་ཞིག་དྲངས་སོང་བ་མ་ཟད། ངའི་གཤེར་རྨེན་གྱི་ཐོག་ཏུ་ཁབ་ཅིག་བཙུགས་སོང་བས། དེས་ཕྲ་ཕུང་ཅན་གྱི་སྐྲན་རྡོག་ཁ་ཤས་ཤིག་བཀོག་སོང་། དུས་ཚོད་དེར་ང་ལ་དཀའ་ངལ་དང་འཇིགས་སྣང་མ་བྱུང་ཡང་། སྨན་པས་ངའི་ལུས་ཐོག་གི་སྐྲན་རྡོག་དེ་དག་མཐོང་སྐབས་རང་དབང་མེད་པར་མིག་ཆུ་ཤོར་ཚུལ་འདུག་པ་དང་། དེ་ནི་ངའི་བཟའ་ཟླས་ང་ལ་བཤད་པའི་སྐད་ཆ་ཞིག་རེད། གང་ཡིན་ཟེར་ན། གཤེར་རྨེན་སྐྲན་རྡོག་ཁྱབ་ཟིན་པའི་ནད་དེ་འདྲ་གཤག་བཅོས་ལེགས་གྲུབ་ཡོང་རྒྱུ་ཧ་ཅང་དཀོན་པོ་རེད། ཡིན་ན་ཡང་ངའི་གཤག་བཅོས་ལེགས་གྲུབ་བྱུང་སྟེ། ད་ལྟ་ང་བདེ་ཐང་ཡིན།

  སྐབས་དེ་ནི་ང་འཆི་བར་ཧ་ཅང་ཐག་ཉེ་བའི་དུས་ཚོད་ཅིག་རེད། དེར་བརྟེན། དུས་ཚོད་དེ་ངས་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ནང་། ང་འཆི་བ་དང་ཁ་ཐག་ཆེས་ཉེ་བ་དེ་ཡིན་པའི་རེ་བ་བྱེད་ཀྱི་ཡོད། ཐེངས་འདིར་ང་འཆི་བ་ལས་ཐར་ཐུབ་པ་དེས་ང་ལ་ཅི་ཞིག་བསླབས་སོང་ཟེར་ན། “མི་སུ་ཡིན་ཡང་འཆི་འདོད་ཀྱི་མ་རེད། མི་རྣམས་ལྷ་ཡུལ་དུ་འགྲོ་བསམ་ཡང་། ང་འཆི་ནས་འགྲོ་དགོས་བསམ་མཁན་ནམ། མཐར་ཐུག་གི་དམིགས་ཡུལ་འཛིན་ཐུབ་མཁན་སུ་ཡང་ཡོད་མ་རེད་”ཅེས་པ་དེ་རེད།

  འཆི་རྒྱུར་ཐུག་པ་ནི་སུས་ཀྱང་ཡོལ་མི་ཐུབ་ཅིང་ངེས་པར་དུ་བརྒྱུད་དགོས་པའི་དངོས་པོའི་ཆོས་ཉིད་ཅིག་རེད། དེ་བས་འཆི་བ་ནི་མི་ཚེའི་ནང་ཆེས་ལེགས་པའི་གསར་བཏོད་གཅིག་པུ་དེ་དང་། མི་ཚེ་འཕོ་འགྱུར་གྱི་ཕོ་ཉ་ལྟ་བུ་དེ་རེད། དེ་བཞིན་དེ་ནི་རྙིང་པ་ནས་གསར་པར་བཅོས་སྒྱུར་བྱེད་པའི་གཞི་རྩ་ཡིན་ཞིང་། ད་ལྟ་ཁྱེད་ཚོ་ལོ་ཆུང་ཡིན་ཡང་རིམ་བཞིན་ཁྱེད་ཚོ་ཡང་རྒས་ཏེ་མེད་པ་ཆགས་འགྲོ་ཡི་རེད། དེ་ནི་དངོས་པོའི་ཆོས་ཉིད་ཀྱི་འཁྲབ་སྟོན་ཞིག་ཡིན་པས་དགོངས་དག་ཞུ། ཡིན་ན་ཡང་དོན་དངོས་ཐོག་དེ་ཡང་བདེན་པ་ཞིག་ཡིན་པས། ཁྱེད་ཚོའི་དུས་ཚོད་ལ་ཡང་ཚད་གཞི་ངེས་ཅན་ཞིག་ཡོད། དེ་བས་མི་གཞན་གྱི་བྱ་བར་ལད་ཟློས་ཀྱིས་སོ་སོའི་དུས་ཚོད་འཕྲོ་བརླག་ཏུ་མ་གཏོང་།

  ལམ་དང་ལུགས་སྲོལ་གྱི་དབང་དུ་སོང་ནས་གཞན་གྱི་བསམ་བློ་དང་དབང་བསྒྱུར་འོག རང་ཉིད་ཀྱི་འདོད་པ་དང་རང་དབང་ཤོར་དུ་འཇུག་མི་ཉན་ཞིང་། དེ་ལས་ཀྱང་ཆེས་གལ་ཆེ་བ་ནི་རང་ཉིད་ཀྱི་མངོན་འདོད་དང་། རིག་ཤེས་ཀྱི་རྗེས་སུ་འབྲངས་དགོས་པ་དེ་རེད། རྒྱུ་མཚན་ནི། དེས་དོན་དངོས་ཐོག་ཁྱེད་ཇི་འདྲ་ཞིག་ཆགས་དགོས་ཀྱི་ཡོད་པ་ཤེས་ངེས་རེད།

  ང་ན་གཞོན་ཡིན་པའི་སྐབས་ཤིག་ལ་”འཛམ་གླིང་ཧྲིལ་པོའི་དཀར་ཆག་”ཅེས་པའི་དུས་དེབ་ཅིིག་དཔར་བསྐྲུན་བྱས་འདུག་པ་དང་། དེ་ནི་དུས་རབས་དེའི་ངེད་ཅག་གི་ཞལ་འདོན་ལག་དེབ་དང་གཅིག་མཚུངས་ཡིན་པ་མ་ཟད། དུས་དེབ་དེ་(Melo) མེ་ལོ་སྤྱི་གླིང་གི་ཉེ་འགྲམ་དུ་ཡོད་པའི་(Stuart Brand) ཞེས་པ་ཁོང་གིས་དཔར་བསྐྲུན་བྱས་པ་ཞིག་རེད། དུས་ཚོད་དེ་ནི་ལོ་རབས་དྲུག་ཅུའི་མཇུག་གི་སྒེར་གྱི་རྩིས་འཕྲུལ་མ་ཐོན་གོང་ཡིན་པས། སྐབས་དེར་དུས་དེབ་ཡོད་ཚད་ཡི་གེ་འཇུག་ཆས་སྤྱོད་དེ་གཏག་དགོས་པ་དང་། ཤོག་བུ་ཡང་ཇེམ་ཙེས་གཏུབ་སྒྲིག་བྱས་ཏེ་རྩོམ་སྒྲིག་བྱ་དགོས་ཀྱི་ཡོད་པ་རེད།

  སྤྱིར་སྐབས་དེའི་ཤོག་བུ་གཏུབ་སྟངས་(Google) གྷོ་གྷལ་དང་གཅིག་པ་ཡིན་ཡང་། དོན་ངོ་མར་དུས་ཚོད་དེ་ནི་(Google) གྷོ་གྷལ་མ་ཐོན་སྔོན་གྱི་ལོ་སུམ་ཅུ་སོ་ལྔའི་གོང་ལ་རེད། དེ་བས་དེ་དག་ནི་སེམས་གཙོ་སྨྲ་བའི་ལུགས་ཀྱི་ལས་ཀ་བྱེད་སྟངས་ཤིག་ཡིན་པ་མ་ཟད། ངོ་མཚར་ལྡན་པའི་ལག་ཆ་དང་བསམ་པའི་དཔལ་ཡོན་ལས་ཡོང་བའི་ཐོན་རྫས་ཤ་སྟག་རེད།

  དེ་ནས་བཟུང་(Stuart Brand) དང་། ཁོང་གི་ལས་རོགས་ཚོས་འཛམ་གླིང་ཧྲིལ་པོའི་དཀར་ཆག་ཅེས་པའི་དུས་དེབ་ཐེངས་ཁ་ཤས་དཔར་སྐྲུན་བྱས་ཤིང་། ཁོང་ཚོས་ཆེས་མཐའ་མའི་དུས་དེབ་དཔར་སྐྲུན་བྱེད་སྐབས་དེ་ནི་ལོ་རབས་བདུན་ཅུའི་དཀྱིལ་ཙམ་རེད། དེ་ཡང་ང་ད་ལྟའི་ཁྱེད་ཚོ་དང་ན་ཚོད་མཉམ་པའི་དུས་སྐབས་ཤིག་རེད། ཆེས་མཐའ་མཇུག་གི་དུས་དེབ་དེའི་ནང་། ཞོགས་པའི་ཉི་འོད་དང་ལྷན་བླངས་པའི་གྲོང་གསེབ་དེའི་སྲང་ལམ་ཕྲ་མོའི་པར་ཞིག་བཀོད་ཡོད་པ་དང་། པར་རིས་དེའི་མཚོན་ནི། གལ་སྲིད་ཁྱེད་ཉེན་ཁ་ལ་མི་འཛེམས་པར་ཕོད་པ་ཅན་ཞིག་ཡིན་ན། ལམ་ཁ་འདི་འདེམས་དགོས་ཞེས་པའི་དོན་རེད།

  ད་དུང་གྲོང་གསེབ་ཀྱི་པར་རིས་དེའི་གཤམ་དུ་སྤྲང་པོ་ལྟར་འཚོ་ཞིང་། གླེན་པ་ལྟར་གནས་དགོས་ཞེས་བྲིས་ཡོད་པ་དང་། དེ་ནི་དེ་རིང་ངས་འདིར་ཁྱེད་རང་ཚོར་གྱེས་བརྡ་གཏོང་བྱེད་ཀྱི་སྐད་ཆར་དྲངས་པ་འདི་རེད། དུས་རྒྱུན་ངས་རང་ཉིད་ལ་ཡང་སྤྲང་པོ་ལྟར་འཚོ་ཞིང་། གླེན་པ་ལྟར་གནས་དགོས་ཞེས་ཨུ་ཚུགས་ཀྱིས་བཤད་ཀྱི་ཡོད་ལ། ད་ལྟ་ཁྱེད་ཅག་ཀྱང་སློབ་མཐར་ཕྱིན་ཏེ་འགྲུལ་བཞུད་གསར་པའི་ལམ་དུ་སྐྱོད་བཞིན་ཡོད་པས། ངའི་རེ་བར་ཁྱེད་རྣམ་པ་ཡང་སྤྲང་པོ་ལྟར་འཚོ་ཞིང་། གླེན་པ་ལྟར་གནས་དགོས། ཚང་མར་བཀའ་དྲིན་ཆེ་ཞུ།

ནང་ཆེན་བཀྲ་ཤིས་དཔལ་སྒྲོན་གྱིས་དབྱིན་ཡིག་ནས་བསྒྱུར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲང་པོ་ལྟར་འཚོ་ཞིང་། གླེན་པ་ལྟར་གནས་དགོས།

2020-04-15 Steve Jobs ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།