གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《2016ལོའི་དྲ་ལམ་བོད་ཀྱི་ལོ་སར་དགོང་ཚོགས་སུ་བརྩམས་ཆོས་བསྡུ་བའི་གསལ་བརྡ།

  • བཙུན།ip:111.12.251.*
    2016-01-05 22:36:46
    心里话


        མི་འདི་དག་ལ་་རྒྱབ་སྐྱོར་བྱེད།  ལེགས་པོ་ཡིན་བསམ་བྱུང་།  ཞོར་དུ་རེ་བ་འགའ་འདུག
          གཅིག  བརྩམས་ཆོས་མཚོ་སྔོན་དང་ཟི་ཁྲོན་བོད་ལྗོངས་སོགས་ཀྱི་བརྙན་འཕྲིན་དགོང་ཚོགས་ཀྱི་བརྩམས་ཆོས་དང་ཡེ་ནས་མི་མཚུངས་པའི་ཁྱད་ཆོས་ཐོན་དགོས་ལ། གསར་རྩོམ་དང་མང་ཁྲོད་ཀྱི་སྲོལ་རྒྱུན་རིག་རྩལ་མང་པོ་འདུས་ན་ལེགས་སྙམ།
          གཉིས། དགོང་ཚོགས་སྟེང་ཞུགས་མཁན་གྱི་གཞས་པ་གཞས་མ་དང་། ཁ་ཤགས་གར་ཆུང་སོགས་ལ་མིང་ཅན་དང་གྲགས་ཅན་སོགས་གདན་ཞུ་མི་བྱེད་པར།  གཞི་རིམ་མང་ཁྲོད་དུ་རྒྱུགས་ཆེ་བའི་གསར་བ་གསར་རྐྱང་གི་ངོ་གདོང་ཡིན་ན་ལེགས་སྙམ།
          གསུམ།  བརྙན་ལེན་སོགས་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་ཇི་མ་ཇི་བཞིན་ཕབ་བསྒྱུར་བྱས་ན་ལེགས་བསམ།
           བཞི།  མདོ་འཛིན་གྱི་ཚིག་ལ་རྒྱ་སྐད་མི་བཀོལ་པར།  སྨར་དག་ཅིང་ཁ་གསལ་པའི་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་ཀྱི་རྩེད་མཚར་ཁ་མཚར་བཤད་མཁས་པ་དག་གདན་དྲངས་ནས། རྩེད་དགོད་དང་རོལ་རྩེད་ཀྱི་ལམ་ནས་དགའ་སྐྱིད་ཀྱི་རྣམ་པ་ཐོན་ཐུབ་ན་ལེགས་སྙམ།
            ལྔ།  སྒྲིག་སྟངས་ཐད་ནས་ཟློས་གར་ཁང་དང་། བརྙན་འཕྲིན་ཁང་སོགས་ནས་མ་སྒྲུབ་པར། མང་ཁྲོད་ཀྱི་ལས་ཡུལ་དངོས་ལ་འགྲོ་ཐུབ་ན་ལེགས་སྙམ།
          དྲུག  ར་མིན་ལུག་མིན་གྱི་དགོང་ཚོགས་ཅིག་ལ་མི་འགྱུར་བའི་སྨོན་འདུན་དང་བཅས་བཙུན་མིང་པས་ཕུལ།